མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གྲོས་ཚོགས་ནང་གི་རྒྱ་ནག་ཕྱོགས་གཏོགས་ཀྱིས་ཕམ་ཁ་ཉོས།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་གྲོས་ཚོགས་ནང་རྒྱ་ནག་དབུས་གཞུང་གིས་མ་འོངས་པར་ཧོང་གི་སྲིད་འཛིན་འདེམས་སྟངས་ཐོག་ཐེ་ཇུས་བྱེད་རྒྱུའི་སྲིད་བྱུས་དེའི་ཐད་རྩོད་གླེང་མང་པོ་བྱས་མཐར་རྒྱ་ནག་ཕྱོགས་གཏོགས་ཀྱི་འཐུས་མི་རྣམས་ལ་ཕམ་ཉེས་བྱུང་སྟེ་སྲིད་ཇུས་བཅོས་བསྒྱུར་གྱི་ཁྲིམས་གཞི་དེ་གཏན་འབེབས་ཐུབ་མི་འདུག

ཟླ་འདིའི་ཚེས་ ༡༧ ཉིན་གྱི་ཕྱི་དྲོར་ཧོང་ཀོང་གྲོས་ཚོགས་ནང་ཡུལ་དེའི་གཞུང་གི་ ༢༠༡༧ ལོའི་སྤྱི་ཁྱབ་སྲིད་འཛིན་འོས་བསྡུའི་ལས་རིམ་ཞིག་གི་ཐོག་ཆུ་ཚོད་ ༩ རིང་རྩོད་གླེང་བྱས་མཐར། འོས་བསྡུ་གནང་སྐབས་འཐུས་མི་ ༨ ཀྱིས་རྒྱབ་སྐྱོར་དང་། ཐུས་མི་ ༢༨ གྱིས་ངོ་རྒོལ་བྱས་ཏེ་གྲོས་གཞི་དེར་བཅོས་བསྒྱུར་བྱེད་ཐུབ་མི་འདུག

ཐེངས་འདིའི་གྲོས་གཞི་དེ་ནི། སྔར་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་གྲོས་ཆོད་བཞག་སྟེ། མ་འོངས་པའི་ ༢༠༡༧ ལོའི་ཧོང་གི་སྲིད་འཛིན་འོས་བསྡུའི་སྐབས། རྒྱ་ནག་གཞུང་གིས་མིང་འདོན་བྱས་པའི་འོས་མི་ལས་གཞན་ལ་འོས་འཕེན་མི་ཆོག་ཆེས་བསྒྲགས་ཡོད་པའི་ཐད། ཐེངས་འདིར་ཧོང་ཀོང་གྲོས་ཚོགས་ནང་རྩོད་གླེང་མང་པོ་བྱས་མཐར། རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གཏན་འབེབས་གཞིར་བཟུང་འོས་བསྡུའི་རྩ་འཛིན་བཅོས་བསྒྱུར་གཏོང་རྒྱུ་དེར་ཕམ་ཉེས་ཐེབས་ཡོད་པ་རེད།

ཧོང་ཀོང་གྲོས་ཚོགས་ནང་པེ་ཅིན་ཕྱོགས་གཏོགས་(Por-Beijing camp)ཞེས་པའི་ཆབ་སྲིད་ཚོགས་པ་དེར་འཐུས་མི་ ༤༣ དང་། ཧོང་ཀོང་དམངས་གཙོ་ཡར་འཐོན་ཚོགས་པ་(Pen Democracy camp)ཞེས་པར་འཐུས་མི་ ༢༧ བཅས་ཁྱོན་གྲོས་ཚོགས་འཐུས་མི་ ༧༠ ཡོད་པ་ལས། ཁྲིམས་གཞི་བཅོས་བསྒྱུར་དེའི་ཐད་རྩོད་གླེང་སྐབས་འཐུས་མི་ ༣༢ ཙམ་གྲོས་ཚོགས་ར་བ་ནས་ཕྱིར་འཐོན་ཡོད་ཀྱང་། མཐའ་མའི་གཏན་འབེབས་སྐབས་འཐུས་མིའི་གྲུབ་ཆ་ཚང་ཡོད་སྟབས་ཁྲིམས་གཞི་བཅོས་བསྒྱུར་དེར་འོས་བསྡུ་བྱེད་ཐུབ་ཡོད་འདུག

ཧོང་ཀོང་གཞུང་གི་ཁ་གཏད་ལས་འགུལ་ཚོགས་པའི་མགྲིན་ཚབ་པ་ཁྲིན་ཆན་ཡེན་ (Chen Qianying) གྱིས། དེ་རིང་གནས་ཚུལ་འདིས་སྲིད་གཞུང་ལ་ར་སྤྲོད་བྱས་ཡོད་པ་ཞིག་ནི། གལ་སྲིད་ཁྱོད་ཀྱིས་ཁས་ལེན་༼རྒྱ་ནག་དང་དབྱིན་གཞུང་གི་མཉམ་འབྲེལ་ཆང་ཡིག་༽ལ་རྒྱབ་འགལ་བཏང་པ་དང་། ཁས་ལེན་ནང་གཏན་ཁེལ་བྱས་པའི་འོས་བསྡུའི་གནང་ཕྱོགས་ལག་བསྟར་མ་བྱས་པ་ཡིན་ན། ཧོང་ཀོང་བས་རྒྱ་ནག་དབུས་ལ་དེ་ལྟར་བྱ་ཆོག་ཅེས་བཤད་ཕོད་པ་ཞིག་མཚོན་པ་མ་ཟད། ཧོང་ཀོང་བས་མུ་མཐུད་དུ་དབང་ཆའི་འཐབ་རྩོད་བྱ་རྒྱུ་ཡིན་པ་དང་། དུས་ནམ་ཡང་དཔའ་ཞུམ་རྒྱུ་མིན་པ་སོགས་བརྗོད་འདུག

སློབ་ཕྲུག་ལས་འགུལ་ཚོགས་པའི་ཚོགས་འདུ་སྡུད་མཁན་ཧོང་ཀྲེ་ཧྥིན་ (Huang Zhifeng) གྱིས་ད་རེབ་གྲོས་ཚོགས་ནང་ཁྲིམས་གཞི་དེར་བཅོས་བསྒྱུར་ཐུབ་མེད་པ་དེར་རྒྱལ་ཁ་དང་ཕམ་ཁ་གང་ཡང་ཡོད་པ་མ་རེད། “ངས་བལྟས་ན་དེ་རིང་ཆབ་སྲིད་བསྒྱུར་བཅོས་གཏན་འབེབས་མ་བྱུང་པ་དེར་ང་ཚོར་མཚོན་ན་རྒྱལ་ཁ་མེད་ལ་ཕམ་ཁ་ཡང་མེད་པ་ཞིག་རེད། ང་ཚོས་འདོད་པ་ཆུང་ཆུང་ཞིག་འགྲུབ་པར་དགའ་ཚོར་ཆེན་པོ་བྱེད་མི་རུང་། གང་ཡིན་ཞེ་ན་དམངས་གཙོ་ཚོགས་པས་རྩོད་ལེན་བྱེད་བཞིན་པ་ནི་ཆབ་སྲིད་བསྒྱུར་བཅས་ཀྱི་གྲོས་གཞི་ལག་བསྟར་གཏན་འབེབས་མ་བྱུང་བ་གཅིག་པུ་མ་ཡིན་པར། མ་འོངས་པར་ད་དུང་ལས་དོན་མང་པོ་ཞིག་མུ་མཐུད་རྩོད་ལེན་བྱེད་རྒྱུ་ལྷག་ཡོད་པ་དང་། དེར་བརྟེན། ང་ཚོས་དགའ་སྟོན་རྟེན་འབྲེལ་ཞུ་རྒྱུའི་དུས་ཚོད་སྔ་དྲགས་པ་རེད། ང་ཚོའི་དམིགས་ཡུལ་ལ་ད་དུང་རྒྱང་ཐག་ཧ་ཅང་རིང་པོ་འདུག” ཅེས་སོགས་བརྗོད་འདུག

ཁྲིམས་གཞི་དེ་གཏན་འབེབས་མ་ཐུབ་པའི་ཐད་རྒྱ་ནག་གི་ཀོང་ཨོ་ལས་དོན་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པས། ཧོང་ཀོང་གྲོས་ཚོགས་ནང་གི་མཇུག་འབྲས་འདིས་ཧོང་ཀོང་མི་མང་གི་ལྟ་བར་རྒྱབ་འགལ་བྱས་ཡོད་པ་མ་ཟད། རྒྱ་ནག་དབུས་གཞུང་གི་རེའང་སྟོང་ཟད་དུ་བཏང་ཡོད་པ་དང་། ཧོང་ཀོང་གི་དམངས་གཙོའི་འཕེལ་རིམ་ལའང་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་སྐོར་སོགས་བཀོད་འདུག

དེ་བཞིན། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པས་ཀྱང་། ཧོང་ཀོང་གྲོས་ཚོགས་ཀྱི་ཐག་གཅོད་དེས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐག་གཅོད་རྩ་མེད་བཏང་ཡོད་པ་དང་། ཁོ་ཚོས་ཁེ་ཕན་ཕྲན་བུར་བལྟས་ཏེ་ཧོང་ཀོང་གི་དམངས་གཙོ་འཕེལ་རིམ་དང་འཚོ་བ་དར་རྒྱས་སོགས་ལ་གནོད་སྐྱོན་ཆེན་པོ་བཟོས་ཚུལ་བརྗོད་འདུག

པེ་ཅིན་བརྒྱུད་ལམ་ལྟ་ཞིབ་པ་ཐེན་ཆི་ཀྲོང་ (Tian Qizhuang) གིས་དབྱེ་ཞིབ་བྱས་པར། ད་རེབ་ཧོང་ཀོང་གྲོས་ཚོགས་ནང་ཁྲིམས་གཞི་བཅོས་བསྒྱུར་བྱེད་ཐུབ་མེད་པ་དེས། རྒྱ་ནག་གཞུང་ལ་ཉེན་བརྡ་བཏང་བ་ཞིག་ཆགས་ཡོད་པ་མ་ཟད། ཧོང་ཀོང་གྲོས་ཚོགས་ཀྱིས་ཐེངས་འདིར། རྒྱ་ནག་དབུས་གཞུང་གི་ཐག་གཅོད་ལྟར་གཏན་འབེབས་མ་གནང་དེ་དགའ་འོས་པའི་དོན་དག་ཅིག་ཡིན་པ་དང་། མ་འོངས་པར་རྒྱ་ནག་དམངས་གཙོའི་ཕྱོགས་སུ་སྐྱོད་པའི་ལས་དོན་བཟང་བོ་ཞིག་ཀྱང་ཆགས་ཡོད་པ་རེད། རྒྱ་ནག་གི་མགོ་ཁྲིད་ཚོས་དུས་རྒྱུན་པར་ཧོང་ཀོང་བདག་བཟུང་བྱེད་འདོད་བྱེད་ཀྱིན་ཡོད་ཀྱང་། ཐེངས་འདིའི་ཧོང་ཀོང་གྲོས་ཚོགས་ནང་གི་གནས་ཚུལ་དེས་མགོ་ཁྲིད་ཚོར་ཉེན་བརྡ་ཡག་པོ་ཞིག་བཏང་ཡོད་པ་རེད། ཁོ་ཚོས་གནས་སྟེང་འདིའི་འོག་ནས་རྒྱ་གཞུང་གིས་རྒྱལ་སྤྱིའི་སྟེང་གི་འཛམ་གླིང་རིན་ཐང་ལ་འབྲེལ་མཐུད་བྱ་རྒྱུ་དང་། དངོས་གནས་དམངས་གཙོའི་འཕེལ་ཕྱོགས་ལ་འབྲེལ་བ་བྱ་རྒྱུའི་རིན་ཐང་ཧ་གོ་དགོས་པའི་རེ་བ་ཡོད། ཅེས་སོགས་བརྗོད་འདུག

གསར་འགོད་པ།  འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༤ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese