མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རྒྱའི་འབྲེལ་ལམ་བསྐྱར་གསོའི་རྣམ་པ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བྷེ་བྷེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེ་ ༡༨ ཉིན་རྒྱལ་ས་ཝ་ཞིན་ཊོན་དུ་ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་ཁག་ཅིག་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་བར་དུ་འཕེལ་བཞིན་པའི་རེ་དོགས་དང་རྩོད་གླེང་འདུམ་འགྲིག རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་བཅས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་འདུག

ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཞི་བདེ་རྒྱ་མཚོའི་མཐའ་ཁུལ་རྩོད་གླེང་བྱས་ཏེ། ད་ལྟའི་བར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཐད་དངངས་འཚབ་ཆེན་པོ་ཆགས་ཡོད་པ་དང་། རྒྱ་ནག་གིས་ལྷོ་རྒྱུད་མཚོ་ཁུལ་གྱི་བྱེ་གླེང་དང་མཚོ་གླེང་ཁག་ཅིག་ནང་འཛུགས་སྐྲུན་བྱས་རྗེས། པེ་ཅིན་གཞུང་གིས་དེང་སྐབས་ཁོ་ཚོས་ཨར་ལས་འཛུགས་སྐྲུན་མཚམས་འཇོག་བྱས་ཡོད་སྐོར་བརྗོད་འདུག་ལ། ཟླ་འདིའི་ཚེས་ ༡༦ ཉིན་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ལུ་ཁང་ཟེར་བས། མི་འགྱངས་པར་རྒྱ་ནག་གི་ལྷོ་རྒྱུད་གླིང་ཕྲན་དུ་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་འབྱུང་རྒྱུ་ཡིན་ཚུལ་བརྗོད་ཡོད་སྟབས། ཨ་རིའི་དཔོན་རིགས་ཚོར་བློ་ཕམ་ཆེན་པོ་བྱུང་ཡོད་ལུགས་བརྗོད་འདུག

གཟའ་འཁོར་རྗེས་མར། རྒྱ་ནག་གི་དཔོན་རིགས་ཁག་ཅིག་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་སྐྱོད་དེ། རྒྱལ་ཁབ་གཉིས་བར་གྱི་དམག་དོན་དང་དཔལ་འབྱོར་འདུ་འགོད་ཐད་གྲོས་མོལ་བྱ་རྒྱུ་ཡིན་པ་མ་ཟད། སྐབས་དེར་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་སྐོར་ལའང་གྲོས་མོལ་བྱེད་འཆར་ཡོད་པ་དང་། ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅེན་ཕེན་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་བསྐྱོད་དེ། ཕྱོགས་གཉིས་ཀྱི་ཚོང་དོན་དང་དམིགས་བསལ་ཞི་བདེ་རྒྱ་མཚོའི་མཐའ་ཁུལ་རྩོད་གླེང་སྐོར་ལ་གྲོས་མོལ་བྱེད་རྒྱུ་ཡིན་འདུག 

ཨ་རི་གཞུང་གིས་བརྗོད་དོན་ལྟར་ན། ཉེ་ལམ་ནས་རྒྱ་ནག་གིས་རང་གི་མངའ་ཁོངས་སུ་གླེང་གིན་པའི་ལྷོ་རྒྱུད་མཚོ་ཁུལ་ གྱི་གླིང་ཕྲན་ ༢༠༠༠ ལས་བྱེ་གླིང་དང་མཚོ་གླིང་ཁག་ཅིག་ཏུ་ཨར་ལས་འཛུགས་སྐྲུན་བྱས་ཡོད་ཚུལ་བརྗོད་ཀྱང་། རྒྱ་ནག་གཞུང་གིས་དེའི་ཐད། ཁོ་ཚོས་གླིང་ཕྲན་དེ་དག་ལ་འཛུགས་སྐྲུན་བྱེད་དོན། མཚོ་ཐོག་སྐྱེལ་འདྲེན་དང་མཚོ་ཐོག་འགྲུལ་བཞུད་སོགས། འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་འགན་སྲུང་བྱ་ཆེད་ཡིན་ལུགས་ཐབས་མཁས་པོས་རྗོད་ཀྱི་ཡོད་ཀྱང་དོན་དམ་ཐོག་རྒྱ་ནག་གིས་གླིང་ཕྲན་དེ་དག་འཛུགས་སྐྲུན་བྱས་ཏེ། དམག་དཔུང་འབོར་ཆེན་འགྲེམ་འཇོག་བྱེད་འཆར་ཡོད་པ་གསལ་བཤད་བྱས་མེད་པ་མ་ཟད། རྒྱ་ནག་གིས་རང་གི་ལྷོ་རྒྱུད་མཚོ་ཁུལ་འཛུགས་སྐྲུན་བྱས་པ་དེས། ཧྥེ་ལེ་ཕེན་དང་ཝེ་ཋི་ནམ་གཙོས། ཨ་རི་དང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་སེམས་ཁྲལ་ཆེན་པོ་བསླངས་ཡོད་སྟབས། ཨ་རི་གཞུང་གིས་གནད་དོན་དེའི་ཐད་འགོག་རྒོལ་བྱེད་ཀྱི་ཡོད་པ་དང་། ཨ་རིའི་བདེ་སྲུང་དྲུང་ཆེ་ཨ་ཞེ་ཊོན་ཁར་ཌར་ལགས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན། རྒྱ་ནག་གཞུང་གིས་ཅི་བཤད་ལ་མ་ལྟོས་པར། ཨ་རིའི་མཚོ་དམག་དང་མཁའ་དམག་གིས་མུ་མཐུད་དུ་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་ལ་རྟོག་ཞིབ་ནན་མོ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༤ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༥ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese