མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡུ་གུར་བ་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཤིན་ཅང་ཡུ་གར་རང་སྐྱོང་ལྗོངས་ཀྱི་ནུབ་ཁུལ་ཞིབ་བཤེར་ས་ཚིགས་ཤིག་ཏུ། ཡུ་གར་མི་མང་དང་རྒྱ་ནག་གི་ཉེན་རྟོག་དམག་མིའི་བར་འཁྲུག་འཛིང་ཤོར་ཏེ་ཡུལ་མི་ ༡༨ རྐྱེན་འདས་སུ་གྱུར་ཡོད་འདུག

གཟའ་ལྷག་པའི་ཉིན་རོའུ་ཊར་བརྒྱུད་ལམ་དུ་གནས་ཚུལ་ཐོན་པའི་ནང་། གྲི་དང་འབར་མདེལ་གྱིས་དམར་འཛིང་དོན་རྐྱེན་དེ་རེས་གཟའ་ཟླ་བའི་ཉིན་ཤིན་ཅང་ལྷོ་རྒྱུད་གྲོང་ཁྱེར་ཀ་ཞི་གྷར་གྱི་རྫོངས་ཁོངས་སུ་བྱུང་ཡོད་པ་དང་། འདས་པའི་ལོ་ངོ་འདི་འགའི་རིང་ལ། ཤིན་ཅང་ལྷོ་ཁུལ་གྱི་ཡུ་གར་ཁ་ཆེ་བ་དང་རྒྱ་ནག་ཧན་མི་རིགས་གཉིས་ཀྱི་བར་ལ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་མང་པོ་འབྱུང་གི་ཡོད་སྐོར་བཀོད་འདུག

རེབ་འདིའི་འཁྲུག་འཛིང་ཁྲོད་དུ། ཉེན་རྟོག་དམག་གི་རླུང་འཁོར་ཞིག་ཤིན་ཅང་ཡུ་གར་རང་སྐྱོང་ལྗོངས་ནུབ་ཁུལ་གྱི་ཞིབ་བཤེར་ས་ཚིགས་བརྒྱུད་ནས་འགྲོ་སྐབས། གྲི་དང་འབར་མདེལ་ཐོགས་པའི་ཉེན་རྟོག་དམག་མི་འགའ་ཞིག་དམར་གསོད་ཐེབས་ཡོད་པར་ཚོད་དཔག་བྱེད་ཀྱི་འདུག་ལ། ཡང་དྲག་ཆས་ཐོགས་པའི་ཉེན་རྟོག་དམག་གིས་ཁ་ཆེ་འཇིགས་སྐུལ་བ་ཡིན་པར་བརྗོད་པའི་ཡུལ་མི་ ༡༥ ལ་མེ་མདས་བརྒྱབ་ནས་དམར་གསོད་བཏང་ཡོད་པ་དང་། ཐེངས་འདིའི་འཁྲུག་འཛིང་གི་དོན་རྐྱེན་དེ་ཁ་ཆ་བའི་ར་མ་དྷན་ (Ramadan) དུས་ཆེན་གྱི་གུང་གསེང་སྐབས་སུ་བྱུང་བ་ཞིག་ཡིན་ཞིང་། མི་ལོ་གསུམ་གྱི་སྔོན་དུའང་། ས་ཁུལ་འདིའི་ཡུ་གར་ཁ་ཆེ་བ་དང་རྒྱ་ནག་ཉེན་རྟོག་དམག་མིའི་བར་ལ་འཁྲུག་རྩོད་ཤོར་ཏེ་ཡུལ་མི་ ༡༠༠ ལྷག་རྐྱེན་འདས་སུ་འགྱུར་ཡོད་འདུག

རེབ་དེའི་དམར་འཛིང་དོན་རྐྱེན་ཐད། པེ་ཅིན་གཞུང་གིས་ཁ་ཆེའི་དྲག་ཆས་དམག་དཔུང་ལ་སྐྱོན་བརྗོད་བྱས་ཡོད་ནའང་། ད་རེབ་ཀྱི་གནས་ཚུལ་དེ་དག་ཕྱི་གླིང་གི་གསར་ལམ་ཁག་ཏུ་ཐོན་ཡོད་པ་མ་གཏོགས། ཤིན་ཅིང་གཞུང་འབྲེལ་གསར་ཁང་གིས་ཕྱི་བསྒྲགས་བྱས་མེད་པ་མ་ཟད། པེ་ཅིན་གཞུང་གི་ངོས་ནས་ཀྱང་དོན་རྐྱེན་དེར་རྒྱུས་ལོན་དང་འདུམ་འགྲིག་གི་ལས་དོན་གང་ཡང་བསྒྲུབས་མི་འདུག

ཕྱི་སྡོད་ཡུ་གར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁ་ཅིག་གིས། རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གར་རང་སྐྱོང་ལྗོངས་སུ་དྲག་ཆས་དམག་དཔུང་འབོར་ཆེན་འགྲེམ་འཇོག་གིས། ཡུ་གར་དང་ཁ་ཆེ་བའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་ཀྱི་དུས་ཆེན་བྱེད་སྒོ་ཁག་བཅས་ལ་དམ་དྲག་ཤུགས་ཆེན་བྱས་ཏེ། འཁྲུག་རྐྱེན་སློང་གི་ཡོད་བཞིན་དུ། པེ་ཅིན་གཞུང་གིས་ད་དུང་རང་སྐྱོན་ངོས་ལེན་བྱེད་ཀྱི་མེད་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ཚོགས། ༢༠༢༣།༩།༢༨ བོད་ཀྱི་དུས་བབ་ཀྱི་པར། 
Mobile App

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་དངོས་སུ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༣ སྔོན་ལ།
ཚོགས་དུས་དྲུག་པ་འཕར་འགྱངས་གནང་སོང་། བོད་ཀྱི་དུས་བབ་ཀྱི་པར། ༢༨།༠།༢༠༢༣
Mobile App

གྲོས་ཚོགས་ཚོགས་དུས་ ༦ པ་འཕར་འགྱངས་གནང་བའི་གསལ་བསྒྲགས་སྤེལ་སོང་།

ཆུ་ཚོད་ ༣ སྔོན་ལ།
"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

༢༠༢༣/༠༩/༢༧
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

༢༠༢༣/༠༩/༢༧
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ།

༢༠༢༣/༠༩/༢༧
གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

༢༠༢༣/༠༩/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist