མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་སྒེར་བ་ཞིག་ལ་བློ་ཕམ་དང་བསྟན་པ་སྤྱི་ལ་ཕན་པ་གཉིས་ཡང་ལྗིད་འགྱོག་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ཚོགས་ཐེངས་བཅུ་གཉིས་པ་མཇུག་རྫོགས་པའི་མཛད་སྒོའི་སྟེང་༧གོང་ས་མཆོག་ཕེབས་ཏེ། མི་སྒེར་བ་གཅིག་ལ་བློ་ཕམ་བྱུང་པ་དང་བསྟན་པ་སྤྱི་ལ་ཕན་པ་གཉིས་ཡང་ལྗིད་འགྱོག་དགོས་པ་རེད། མི་གཅིག་ལ་བློ་ཕམ་བྱུང་པ་དེར་སྐྱོན་མི་འདུག བསྟན་པ་སྤྱིའི་མཚན་སྙན་གོང་དུ་བསྒྲིག་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད། ང་ཚོས་མི་སྒེར་ཞིག་གི་གདོང་ལ་བལྟས་ནས་ཟོན་བྱས། བསྟན་པ་སྤྱིར་མཚན་ཤས་བཟོས་ན་ཨོ་ཙམ་བྱས་ནས་བསྡད་ན་འགྲིག་གི་མ་རེད་ཅེས་གསུངས།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡།༠༠ སྟེང་། དྷ་སའི་རྒྱ་གར་སུ་རི་ཡའི་གསོལ་མགྲོན་ཁང་དུ། བཟའ་ཕུར་བའི་ཉིན་ནས་ཚོགས་བཞིན་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་ ༡༢ པ་དེ་མཇུག་བསྒྲིལ་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། ཚོགས་མགོན་དུ་༧གོང་ས་མཆོག་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་སོང་།

ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་ཐད་གྲོས་ཆོད་ཁག་ ༨ གཏན་འབེབས་གནང་ཡོད་པ་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱིས་དོལ་རྒྱལ་རྗེས་འབྲང་པས་༧གོང་ས་མཆོག་ལ་མངོན་སུམ་འཛེམ་མེད་ཀྱིས་མཚན་སྨད་ངོ་རྒོལ་ཞུ་བཞིན་པར་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་ཀྱང་སྤེལ་སོང་།

མཇུག་བསྡོམས་མཛད་སྒོའི་སྟེང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཐེངས་འདིའི་ཆོས་ཚོགས་ཐོག་ཆོས་བརྒྱུད་ཆེན་མོ་བཞི་ནས་སྐུ་ཚབ་ ༡༠ དང་བོན་ནས་ ༡༠། ཇོ་ནང་ནས་ ༢ བཅས་གདན་འདྲེན་ཞུས་ཡོད་པ་མ་ཟད། བླ་ཆེན་གཉིས་ཀྱི་སྐུ་ཚབ་མ་གཏོགས་བླ་ཆེན་གཞན་རྣམ་པ་སྐུ་ངོ་མ་འདིར་ཕེབས་ཡོད་སྟབས། ད་ཐེངས་ཀྱི་ཚོགས་འདུ་འདི་ཞེ་དྲགས་གཟི་བརྗིད་ཆེན་པོ་དང་རྩ་ཆེན་པོ་བྱུང་སོང་། སྤྱིར་བཏང་བཀའ་མོལ་དེ་ཚོའང་འཚེར་སྣང་མེད་པའི་ཐོག་ནས་དགའ་དགའ་སྤྲོ་སྤྲོའི་ངང་ནས་བཀའ་བསྡུར་གནང་སོང་། ཐོག་མར་ང་ཚོས་ཉི་མ་གསུམ་ཏོག་ཙམ་རིང་དྲགས་སོང་བ་ཞིག་བསམ་བློའི་འཁོར་སོང་ཡང་། དངོས་གཞིའི་སྐབས་ལ་ཉི་མ་གསུམ་དེ་ཏོག་ཙམ་ཐུང་དྲགས་སོང་བསམ་པའི་བཀའ་སྡུར་ལྷུག་པོ་དང་ཚང་མས་ཆ་ཤས་ཡག་པོ་བླངས་སོང་ཞེས་༧གོང་ས་མཆོག་ལ་སྙན་སེང་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཚོགས་འདུ་འདི་ཞེ་དྲགས་རྩ་ཆེན་པོ་དང་གལ་ཆེན་པོ་ཞིག་ལ་རྩི་བཞིན་ཡོད། འདིའི་ནང་བཀའ་སྡུར་གནང་བ་དང་གཏན་འབེབས་གནང་བའི་གྲོས་ཆོད་རྣམས་ཆོས་རིག་ལས་ཁུངས་ངོས་ནས་མུ་མཐུད་ལག་ལེན་བསྟར་རྒྱུ་དང་། དེ་བཞིན་ཆོས་བརྒྱུད་ཁག་ཚང་མས་ད་རེབ་ཀྱི་ཚོགས་ཆེན་འདི་རྩ་ཆེན་པོ་དང་གལ་ཆེན་པོར་འཛིན་གྱི་རེད་བསམ་གྱི་འདུག གང་ཡིན་ཟེར་ན། འདིའི་ནང་བླ་ཆེན་དང་སྐུ་ཚབ་ཚང་མ་ཕེབས་ནས་གོ་བསྡུར་ལྷུག་པོ་གནང་སྟེ་ཐུགས་མཐུན་ཁྲིམས་གཙང་བྱུང་བ་དེར། ཆོས་བརྒྱུད་ཚང་མས་རྩ་ཆེན་པོ་དང་གལ་ཆེན་པོ་ཞིག་བརྩི་གི་རེད་བསམ་གྱི་འདུག སྤྱིར་བཏང་དྷ་རམ་ས་ལར་ཚོགས་འདུ་རབ་དང་རིམ་པ་མང་པོ་ཞིག་ཚོགས་ཀྱི་ཡོད་པ་རེད། ཡིན་ཡང་ད་ཐེངས་ཀྱི་ཚོགས་ཆེན་འདི་རྩ་ཆེ་ཤོས་དང་གལ་ཆེ་ཤོས་ཤིག་ཡིན་པར་ང་ཚོ་ཆོས་རིག་ལས་ཁུངས་ངོས་ནས་རྩི་བཞིན་ཡོད། གང་ཡིན་ཟེར་ན། ༧གོང་ས་མཆོག་དབུར་བཞུགས་པའི་ཐོག་ཆོས་བརྒྱུད་ཁག་གི་དབུ་བླ་རྣམ་པ་དང་གདན་ས་ཁག་གི་མཁན་པོ་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་པོ་ཞིག་འདིར་ཕེབས་ཏེ། བཀའ་བསྡུར་གནང་རྒྱུ་དེ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རྩ་ཆེན་པོ་དང་གལ་ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད་སྟབས། ད་རེབ་ཞེ་དྲགས་ཡག་པོ་བྱུང་སོང་། སྔོན་ཆད་སྐབས་བཅུ་གཅིག་གི་ཆོས་ཚོགས་སྐབས་གྲོས་ཆོད་ ༨ བཞག་ཡོད་པ་ལྟར། ཆོས་རིག་ལས་ཁུངས་ཀྱིས་བརྒྱ་ཆ་བརྒྱ་ལག་ལེན་བསྟར་བ་ཡིན། དེ་དེ་བཞིན་ད་ཐེངས་གྲོས་ཆོད་བཞག་པ་དག་ཀྱང་མ་འོངས་པར་ཆོས་རིག་ལས་ཁུངས་ངོས་ནས་ཆ་ཚང་ལག་ལེན་བསྟར་རྒྱུ་རེད་བསམ་གྱི་འདུག་ལ་བསྟར་དགོས་པ་ཞིག་ཀྱང་ཆགས་ཡོད། ཅེས་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སེམས་ཁམས་རིག་པའི་སྐོར་གྱི་རིག་གནས་ཁྱད་དུ་འཕགས་པ་དེ་ཕྱི་ལ་སྟོན་པའི་དུས་སུ་བསླེབས་ཡོད་སྐོར་བཀའ་གནང་དོན། ཆོས་ལུགས་མཐུན་སྒྲིལ་ཟེར་དུས་ཕན་ཚུན་གཅིག་གིས་གཅིག་ལ་ངོ་ཤེས་པ་དང་། ཆོས་བརྒྱུད་གཅིག་གིས་གཅིག་ལ་དཔེར་ན་གསར་མས་རྙིང་མ་མཐོང་ན་རྙིང་དྲི་ཁ་ཡི་འདུག་མདོག་མདོག་བྱས་ནས་ཕར་བཞག རྙིང་མས་གསར་མ་དང་དེའི་ནང་ནས་དགེ་ལུགས་པ་མཐོང་ན། དེ་རྟོག་གེ་མགོ་མཁྲེགས་ཞེ་དྲགས་ཡིན་མདོག་མདོག་བྱེད་པ་དེ་མི་དགོས་པར་ང་རང་ཚོ་ཚང་མས་ཕན་ཚུན་གཅིག་གིས་གཅིག་ལ་དངོས་གནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་དང་། བྱམས་པ་མགོན་པོའི་རྗེས་འབྲང་གཅིག་གྱུར། ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་འབྲང་གཅིག་གྱུར་ཆགས་བསྡད་ཡོད་པ་རེད། དེ་སྔ་བོད་ལ་ཡོད་སྐབས་དང་བཙན་བྱོལ་ལ་ཡོད་སྐབས་གཉིས་བསྡུར་ན་ཕལ་ཆེར་ང་ཚོ་ད་ལྟ་ཐུགས་མཐུན་ཁྲིམས་གཙང་ཉེ་བོ་ཆགས་བསྡད་ཡོད་པས་ཞེ་དྲགས་ཡག་པོ་རེད། གཙོ་བོ་ཆེ་ཤོས་ཁྱེད་རང་ཚོ་ཚང་མས་ཐུགས་འཁུར་དང་དགོངས་པ་ཡངས་པོ་བཞེས་ཏེ་ཞེ་དྲགས་ཡག་པོ་ཡིན། དངོས་གནས་དྲང་གནས་ཀྱི་ཆོས་གྲོགས་དང་བློ་གཅིག་སེམས་གཅིག་གིས་གཅིག་གྱུར་གྱི་བསྟན་པའི་དོན་དུ་ཐུགས་འཁུར་བཞེས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ད་ཕྱོགས་བསྡོམས་ཀྱིས་ཞུས་ན། ཕྱི་དངོས་པོ་ཡར་རྒྱས་ཀྱི་ཐོག་ནས་ང་ཚོ་སྐྱོ་ཐག་ཆོད་རེད། ཁབ་ཅིག་ཀྱང་ཡག་པོ་བཟོ་ཤེས་ཀྱི་ཡོད་པ་མ་རེད། ཡིན་ནའང་། ནང་སེམས་ཁམས་རིག་པའི་སྐོར་ལ་ཆ་བཞག་ན་ཧ་ལས་པ་ཞིག་ཡོད་པ་རེད། དེ་ད་ལྟ་ཁྲོམ་འདྲ་བོ་སྟོན་པའི་དུས་ཚོད་ལ་བསླེབས་འདུག་པས་ཁྱེད་རང་ཚོའི་ཐུགས་ལ་བཅང་རོགས། ཞེས་གསུངས་སོང་།

ཡང་ཁོང་གིས་དེང་སང་བོད་ཕྱི་ནང་གཉིས་སུ་ཆོས་ཀྱི་རྒྱལ་པོ་ཡིན་ཟེར་མཁན་དེ་འདྲ་ཡོང་བཞིན་ཡོད་པར་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོས་ཐུགས་འགན་བཞེས་ཏེ་གསལ་བཤད་གནང་དགོས་སྐོར་གསུངས་དོན། བར་སྐབས་ཤིག་ནས་ཆོས་ཀྱི་རྒྱལ་པོ་ཡིན་ཟེར་མཁན་གྱི་དངུལ་དང་སྐྱེས་དམན་ལ་དགའ་མཁན་ཏོག་ཙམ་ཡོང་གི་འདུག རྒྱ་ནག་ནང་ལ་ཡོང་གི་འདུག ཕྱི་རྒྱལ་ལའང་ཡོང་གི་འདུག སོག་པོ་ལ་ཡང་ཡོང་གི་འདུག དེ་འདྲའི་རིགས་ལ་སྐད་རྒྱག་མཁན་དེ་ང་གཅིག་པུ་མིན་པར་རྣམ་པ་ཚོས་ཡིན་གཅིག་མིན་གཅིག་གིས་ཐུགས་ཁུར་བཞེས་ནས་ཅིག་གསུང་དགོས་ཀྱི་འདུག བསྟན་པའི་ཐུགས་ཁུར་བཞེས་མཁན་ཚོས་སྐྱོན་དེ་མ་གསུང་པར་མུར་འདྲ་བོ་འཇམ་ཕྱིན་པ་ཡིན་ན་ཡག་པོ་མི་འདུག ང་ཚོས་བཤད་པ་ཡིན་ན་ཞབས་འདྲེན་ཞུ་མཁན་ཁོ་རང་ཚོ་ཕོ་རོག་དཀར་པོ་ཆགས་འགྲོ་ཡི་འདུག དེ་འདྲ་ཡིན་དུས་དེ་རིགས་ཡིན་གཅིག་མིན་གཅིག་གསུང་དགོས་ཀྱི་འདུག ཁ་སང་སྔོན་མ་ངས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་སའི་མཁན་པོ་ཚོར་ཡང་འགན་འཁུར་ནས་༧རྒྱལ་བ་རིན་པོ་ཆེས་སུན་པོ་བཟོ་ཡི་འདུག་ཅེས་ངའི་སྟེང་ལ་ལག་པ་ཕྱིས་ཤོག་ཅེས་ནས་ལབ་པ་ཡིན། རིས་སུ་མ་ཆད་པའི་མཁན་པོ་ཁྱེད་རང་ཚོས་ཐུགས་ཁུར་བཞེས་ནས་དངོས་གནས་ང་ཚོའི་མི་རབས་འདི་རྫོགས་ཚར་སོང་ན། མི་རབས་རྗེས་མ་ཚོ་སྤུས་དག་པོ་ཞིག་མུ་མཐུད་ནས་ཡོང་བར་ཚང་མས་དགོངས་པ་བཞེས་དགོས་རེད། ང་རང་ཚོའི་མི་ཚེ་འདི་ལེགས་འགྲིག་འགྲིག་ཅིག་ཕྱིན་བཞག་པ་མིན་པར། ང་ཚོ་རྫོགས་ཚར་བའི་རྗེས་ལ་མི་རབས་རྗེས་མ་དེ་ཚོ་སྤུས་དག་པོ་ཞིག་ཡོང་ཐུབ་རྒྱུར་ད་ལྟ་ནས་གྲ་སྒྲིག་གནང་རྒྱུ་གལ་ཆེན་པོ་རེད། བསླབ་པ་སློབ་གཉེར་དང་སྤྱོད་པ་སྤུས་དག་པོ་ཡོད་པའི་རིགས་འཐུས་ཤོར་ཕྱིན་ན། སླར་གསོ་བྱེད་རྒྱུ་ཁག་པོ་ཡིན་པ་དང་ལས་སླ་བོ་མིན་པར་ཞེ་དྲགས་འགོར་གྱི་རེད། དང་པོ་ནས་སྔོན་འགོག་བྱེད་པ་དེ་ཚང་མས་རིག་པ་སྒྲིམ་དགོས་པ་དང་། སྐྱོན་ལྷག་པ་དེ་ཚོའི་རིགས་ལ་བཟོད་མེད་ཐོག་ནས་གསལ་བོ་བྱ་དགོས། མི་སྒེར་བ་གཅིག་ལ་བློ་ཕམ་བྱུང་པ་དང་བསྟན་པ་སྤྱི་ལ་ཕན་པ་གཉིས་ཡང་ལྗིད་འགྱོག་དགོས་པ་རེད། མི་གཅིག་ལ་བློ་ཕམ་བྱུང་པ་དེར་སྐྱོན་མི་འདུག བསྟན་པ་སྤྱིའི་མཚན་སྙན་གོང་དུ་བསྒྲིག་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད། ང་ཚོས་མི་སྒེར་ཞིག་གི་གདོང་ལ་བལྟས་ནས་ཟོན་བྱས། བསྟན་པ་སྤྱིར་མཚན་ཤས་བཟོས་ན་ཨོ་ཙམ་བྱས་ནས་བསྡད་ན་འགྲིག་གི་མ་རེད། དེ་ཤེས་སོང་ངམ། རིན་པོ་ཆེ་ཚོས་དགོངས་པ་བཞེས་ཤོག་ཨང་། ཞེས་གསུངས་སོང་།

 

  ཆོས་ཚོགས་ཐེངས་ ༡༢ པའི་སྟེང་གི་གྲོས་ཆོད་ཁག་གཤམ་དུ་བཀོད་ཡོད།

གྲོས་གཞི་དང་པོ། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༢ ནས་ ༢༤ བར་དྷ་ས་སུརྱ་མགྲོན་ཁང་དུ་བསྐྱངས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་ཆོད་ ཁག་ལ་བསྐྱར་ཞིབ་གནང་རྒྱུ།
གྲོས་ཆོད། ༡༽ དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་གཙོ་སྐྱོང་ཐོག་ཆོས་རིག་དྲུང་ཡིག་ཆེན་མོ་ ནས་ཆོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་ཆོད་ཁག་གི་བསྐྱར་ཞིབ་ལས་བསྡོམས་སྙན་ སྒྲོན་ཞུས་ཤིང་འཕྲོས་དོན་དོགས་དྲི་ཁག་ལ་གསལ་བཤད་དང་བཀའ་བསྡུར་གནང་བས་ཚང་མས་ བློ་ངེས་བྱུང་།
༢༽ ཆོས་ཚོགས་སྔ་མའི་གྲོས་ཆོད་ཨང་བདུན་པའི་ནང་ << སྡེ་པ་གཞན་གྱི་དགེ་སློང་མའི་སྡོམ་རྒྱུན་ཡང་ཁུངས་དག་ཐེ་ཚོམ་ཡོངས་སུ་བྲལ་བ་ ཞིག་མེད་པའི་གནས་ཚུལ་འཁོད་པར་བརྟེན་>>ཞེས་འཁོད་འདུག་པ་དེ་ཉིད་ཅུང་ཟད་ ཐལ་ཆར་གྱུར་ཡོད་པའི་དགོངས་ཚུལ་བྱུང་།
༣༽ གཡུང་དྲུང་བོན་ཀྱི་ལུགས་ལ་དྲང་སོང་ངམ་དགེ་སློང་མའི་སྡོམ་རྒྱུན་ཡོད་པ་སྙན་སེང་བྱུང་བས་བློ་མོས་བྱུང་།

གྲོས་གཞི་གཉིས་པ། ཚོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་ཆོད་དགོངས་དོན་ ༢༠༡༢ ལོར་བཙུགས་པའི་དགེ་སློང་མའི་ཉམས་ཞིབ་ཚོགས་ཆུང་ནས་བཏོན་པའི་<<བོད་དུ་ དར་བའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལ་དགེ་སློང་མ་སླར་གསོ་ཡོད་མེད་དཔྱད་ གཞི་ལུང་གི་བང་མཛོད་>>ཅེས་པའི་སྙན་ཐོར་གནང་ཕྱོགས་ཇི་དགེ་བཀའ་བསྡུར་གནང་རྒྱུ།

གྲོས་ཆོད། ༡༽ ད་བར་ཆོས་ཚོགས་རྣམས་སུ་བཀའ་བསྡུར་དང་དེ་བཞིན་འབྲེལ་ཡོད་ཁག་ནས་ཉམས་ཞིབ་གནང་བ་སོགས་བྱུང་ཡོད་ཀྱང་། བོད་དུ་དར་བའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དམ་ཆོས་འདུལ་བའི་ལུགས་ལ་དགེ་སློང་མ་སྒྲུབ་ཐབས་ཡོད་མེད་ཁ་ཚོན་ཆོད་པའི་ཐག་གཅོད་ཅིག་གནང་ཐབས་བཀའ་བར་བརྟེན། དགེ་སློང་མ་སྒྲུབ་ཐབས་ཀྱི་གནད་དོན་འདི་ཉིད་ད་ལྟའང་ནར་འགྱངས་སུ་མ་གཏོང་བར་བསྙེན་པར་རྫོགས་པར་འདོད་པའི་བཙུན་མ་སོ་སོའི་ཐུགས་འདོད་བཞིན་ཡུལ་གྲུ་གཞན་དུ་ད་ཡོད་སྡེ་པ་གཞན་གྱི་དགེ་སློང་མའི་སྡོམ་པ་བླངས་ན་འགྲིག་པའི་མང་མོས་དགོངས་ཚུལ་བྱུང་།
༢༽ དེ་ལྟར་བྱུང་ཚེ་སྡེ་པ་གང་ཡིན་དེའི་ལས་ཆོག་སོགས་འདུལ་བའི་གཞུང་རྣམས་བོད་སྐད་དུ་ཕབ་བསྒྱུར་དང་། གསོ་སྦྱོང་ཚུགས་སྟངས་སོགས་གཞི་གསུམ་གྱི་ལས་རྣམས་ཀྱང་ལུགས་དེ་དང་མཐུན་པར་ཚད་ལྡན་ཡོང་བ། དགེ་བསྙེན་མ་ནས་དགེ་སློང་མའི་བར་གྱི་བསླབ་ཚིགས་རྣམས་ཀྱང་སྡེ་པ་དེའི་ལུགས་ལྟར་བླང་རྒྱུ་ཡོད་པ་གནང་རྒྱུ།

གྲོས་གཞི་གསུམ་པ། ཤྲིལང་ཀ་དང་། བྷརམཱ། ཐེལེནྜ་སོགས་ཀྱི་ནང་པའི་དགེ་འདུན་པ་རྣམས་ལ་རང་རེའི་དགོན་སྡེ་ཁག་གི་བཤད་གྲྭ དང་སྒྲུབ་གྲྭའི་བསླབ་པ་སློབ་གཉེར་གནང་སྟངས་སོགས་ལ་གོ་རྟོགས་སྤེལ་རྒྱུའི་ཐབས་ལམ་ཇི་དགེ་བཀའ་བསྡུར་གནང་རྒྱུ།
གྲོས་ཆོད། ནང་པའི་སྡེ་པ་གཞན་དང་འབྲེལ་ལམ་འཛུགས་ཕྱོགས་ཐད་ལམ་སེང་བཤད་གྲྭ་དང་སྒྲུབ་གྲྭ་ཁག་ཏུ་གནད་འདྲེན་ཞུ་རྒྱུའི་རིགས་མི་དགོས་པར། ཐོག་མར་མཐུན་ཤས་ཆེ་བའི་འདུལ་བ་དང་མངོན་པའི་སྐོར་གྱི་བགྲོ་གླེང་རིགས་ཡང་ཡང་བསྐོང་ཐུབ་པ་གནང་རྒྱུ།
གྲོས་གཞི་བཞི་པ། ཆོས་སྡེ་ཁག་ཏུ་དགེ་འདུན་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་བཀའ་ངལ་དང་། བཤད་གྲྭ་སྒྲུབ་གྲྭ་ཁག་ཏུ་བསླབ་པ་སློབ་གཉེར་རྒྱུན་འཛིན་ཡར་རྒྱས་གཏོང་ཕྱོགས་སོགས་ལ་བཀའ་བསྡུར་གནང་རྒྱུ།
གྲོས་ཆད། ཀ༽ ཆོས་སྡེ་ཁག་ཏུ་དགེ་འདུན་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་ཐད། ༡། ད་ལྟ་ཡོད་བཞིན་པའི་གྲྭ་རྒྱུན་རྣམས་ཀྱི་སྤུས་ཚད་བཟང་དུ་བཏང་སྟེ་དགོན་པ་རང་དུ་མུ་མཐུད་གནས་ཐུབ་པའི་ཐབས་ཤེས་གནང་རྒྱུ་དང་། ༢། བཙན་བྱོལ་ནང་དུ་ཡོད་པའི་ཆོས་སྡེ་རྣམས་རྒྱུན་འཛིན་གོང་འཕེལ་ཐད་ནང་པའི་ཆོས་བརྒྱུད་འཛིན་པ་ཐུན་མོང་ནས་ཧི་མ་ལ་ཡའི་རི་བརྒྱུད་པ་རྣམས་ཀྱིས་འཕྱར་གྲུ་མཉམ་འདེགས་དགོས་ངེས་ལ་བརྟེན་དགེ་འདུན་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་སྐོར་ཐུགས་འགན་བཞེས་དགོས་པའི་བསྐུལ་མ་ཞུ་རྒྱུ། ༣། གྲྭ་ཚང་བཤད་གྲྭ་ཁག་གི་སློབ་ཚན་ནང་དུ་གཞུང་ཆེན་གྱི་སློབ་ཚན་ཡོད་བཞིན་པའི་ ཐོག་སྐད་ཡིག་སོགས་དེང་དུས་སློབ་ཚན་ཡང་ཡོད་ཐབས་གནང་རྒྱུ། ༤། བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་གཞན་མི་མང་ཁྲོད་དུ་བཀའ་དབང་གསུང་ཆོས་དང་ནང་ཆོས་ངོ་སྤྲོད་རིགས་གནང་སྐབས་སློབ་གསོ་གོ་བསྐོན་གང་གནང་རྒྱུ།
ཁ༽ བཤད་གྲྭ་སྒྲུབ་གྲྭ་ཁག་ཏུ་བསླབ་པ་སློབ་གཉེར་རྒྱུན་འཛིན་ཡར་རྒྱས་གཏོང་ཕྱོགས་ཐད། ༡། མཁན་ལས་སྣེ་དང་འབྲེལ་ཡོད་དཔེ་ཁྲིད་དགེ་རྒན་རྣམས་ནས་ཐུགས་འགན་ཆེ་བཞེས་ཐོག་སློབ་ཁྲིད་གནང་ཕྱོགས་སོགས་ལ་བཅོས་བསྒྱུར་གསར་གཏོད་དགོས་རིགས་གནང་རྒྱུ། ༢། སློབ་གཉེ་བ་རྣམས་ལ་དམིགས་བསལ་མཐུན་རྐྱེན་སྦྱོར་སྤྲོད་དང་འགལ་རྐྱེན་སྐད་འཕྲིན་སོགས་དེང་དུས་འཕྲུལ་འཁོར་རིགས་ལ་སྟངས་འཛིན་གང་ཐུབ་གནང་རྒྱུ། ༣། སློབ་གཉེར་བ་རྣམས་ཀྱི་དོ་དབྱིངས་སྐྲུན་ཐབས་སོགས་ལ་དགོངས་ནས་ཆོས་སྡེ་གཞན་དུ་གྲྭ་སྐོར་ལྟ་བུ་གཏོང་ཐབས་གནང་རྒྱུ།

གྲོས་གཞི་ལྔ་པ། ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་མགོ་ནག་སྐྱ་བོའི་ཚོས་གཞུང་ཆེན་ བཀའ་པོད་ཁག་ལ་སློབ་གཉེར་གནང་རྒྱུའི་གོ་སྐབས་བསྐྲུན་ཐབས་དང་། ད་ཡོད་ཆོས་རིག་ལས་ཁུངས་ནས་ས་གནས་སོ་སོར་ཆེད་བཙུགས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་རྣམས་ཉེ་ཁུལ་དགོན་པ་སོ་སོས་བདག་སྤྲོད་རོགས་མགོན་གནང་ཐབས་བཅས་ལ་བཀའ་བསྡུར་གནང་རྒྱུ།

གྲོས་ཆོད། མི་སྐྱ་ཕོ་མོ་ཚོས་སློབ་གཉེར་གནང་དགོས་པའི་གཞུང་ཆེན་སློབ་ཚན་གང་ཡིན་གཏན་འབེབས་ཐོག་ལོ་ནའི་བབས་དང་མཐུན་པར་སློབ་གཉེར་གནང་རྒྱུའི་གོ་སྐབས་བསྐྲུན་རྒྱུ་དང་། ཆོས་རིག་ལས་ཁུངས་ནས་ས་གནས་སོ་སོར་ཆེད་བཙུགས་ད་ཡོད་ནང་ཆོས་ངོ་སྤྲོད་ཚོགས་ཆུང་རྣམས་འབྲེལ་ཡོད་ས་གནས་མགོ་འཛིན་ལས་ཁང་རང་ནས་ཐུགས་འགན་གཙང་བཞེས་ཐོག་ཉེ་ཁུལ་རིས་མེད་དགོན་སྡེ་ཁག་ནས་མཐུན་འགྱུར་གང་ཡོང་གནང་རྒྱུ། དེ་བཞིན་ནང་ཆོས་ངོ་སྤྲོད་གནང་མཁན་བསྐོ་གཏོང་སྐབས་དོ་གལ་ཆེན་པོས་སྐད་བརྡ་འཕྲོད་ངེས་ཡིན་པ་ཞིག་དང་མི་མང་གི་གོ་རྟོགས་གནས་ཚད་དང་འཚམས་པར་གསུང་ཐུབ་མཁན་ཞིག་བསྐོ་གཏོང་གནང་རྒྱུ།

གྲོས་གཞི་དྲུག་པ། ཆོས་བརྒྱུད་སོ་སོའི་ཁྱབ་ཁོངས་ཕྱི་རྒྱལ་ཆོས་ཚོགས་རྣམས་སུ་བླ་མ་དགེ་རྒན་སོགས་ཚད་ལྡན་ཚགས་ཚུད་གཏོང་ཐབས་ཇི་དགེ་བཀའ་བསྡུར་གནང་རྒྱུ།

གྲོས་ཆོད། ཆོས་བརྒྱུད་ཆོས་སྡེ་སོ་སོའི་ཁྱབ་ཁོངས་ཕྱི་རྒྱལ་ཆོས་ཚོགས་རྣམས་ལ་འབྲེལ་ཡོད་ཆོས་སྡེ་སོ་སོས་སྟངས་འཛིན་གྱིས་བླ་མ་དགེ་རྒན་ཚད་ལྡན་གཏོང་རྒྱུ་དང་འཛིན་སྐྱོང་ཚགས་ཚུད་ཡོང་རྒྱུར་ཐུགས་སྣང་དམ་དོན་གནང་རྒྱུ།

གྲོས་བཞི་བདུན་པ། དགོན་པའི་འཁོར་ཡུག་གཙང་བཟོ་དང་དགེ་འདུན་པའི་འཕྲོད་བསྟེན་བཅས་ལ་དམིགས་ཏེ་ རྩི་ཤིང་འདེབས་འཛུགས་སོགས་གཙང་སྤྲ་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བར་དཀའ་བསྡུར་གནང་རྒྱུ།

གྲོས་ཆོད། དགོན་སྡེ་ཁག་ཏུ་ཁོར་ཡུག་གཙང་བཟོ་དང་རྩི་ཤིང་འདེབས་འཛུགས་སོགས་ཁོར་ཡུག་བདག་སྤྲོད་ཀྱི་ལས་དོན་ཡོད་བཞིན་པར་རྒྱུན་འཁྱོངས་ཡར་རྒྱས་གཏོང་ཐབས་གནང་རྒྱུ་དང་། དགེ་འདུན་པའི་འཕྲོད་བསྟེན་ཐད་ཆོས་རིག་ལས་ཁུངས་ནས་འཕྲོད་བསྟེན་ལས་ཁུངས་དང་ཟུང་འབྲེལ་གྱིས་འཕྲོད་བསྟེན་གོ་རྟོགས་ལས་འགུལ་སྤེལ་རྒྱུ། དེ་བཞིན་ཆོས་སྡེ་སོ་སོའི་ཚབས་ཆེན་ནད་མནར་གྲྭ་བཙུན་རྣམས་ལ་ཁུངས་སོ་སོ་ནས་གཟིགས་རྟོག་གང་ཐུབ་གནང་རྒྱུ།

གྲོས་གཞི་བརྒྱད་པ། ཕྱི་རྒྱལ་དུ་ཡོད་པའི་དོལ་རྒྱལ་རྗེས་འབྲང་པ་རྣམས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ངོ་རྒོལ་ཞུས་དང་ཞུ་བཞིན་པར་འཚེ་མེད་ཞི་བའི་ཐབས་ཀྱི་སྒོ་ནས་གདོང་ལེན་བྱ་ཐབས་ཇི་དགེ་བཀའ་བསྡུར་གནང་རྒྱུ།
གྲོས་ཆོད། ཀ༽ དོལ་རྒྱལ་རྗེས་འབྲང་པ་ཚོས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་<<ཞལ་རྫུན་གསུངས་ཚུལ་དང་ཆོས་དད་རང་དབང་བཀག་འགོག་གནང་ཚུལ་>>སོགས་གཞི་མེད་སྐྱོན་འཛུགས་ཀྱི་སྒོ་ནས་མཚན་སྨད་རྔོ་རྒོལ་ཞུས་དང་ཞུ་བཞིན་པར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་ཆོས་ཚོགས་ཐེངས་བཅུ་གཉིས་པ་འདིའི་བརྒྱུད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ།
ཁ༽ མགོན་པོ་གང་ཉིད་ནས་སྤྱིར་དམ་པའི་ཆོས་དང་ཡང་སྒོས་བོད་ཀྱི་བསྟན་པ་ཆབ་སྲིད། དེ་ཡང་རྗེས་འཇུག་གདུལ་བྱ་རྣམས་ཀྱི་འདི་ཕྱི་གཏན་དོན་རང་ལ་ཐུགས་རྗེ་ཆེ་གཟིགས་ཀྱིས་དམ་སྲི་དོལ་རྒྱལ་བསྟེན་གསོལ་གྱི་སྤང་བླང་ལམ་སྟོན་མཛད་དང་མཛད་བཞིན་པར་བཀྲིན་རྗེས་སུ་དྲན་ཅིང་ཡི་རངས་མངོན་པར་བསྟོད་དེ་ཁ་ཞེ་གཉིས་མེད་ཐོག་ནས་མུ་མཐུད་བརྩི་སྲུང་དང་ལེན་ཚུལ་བཞིན་ཞུ་རྒྱུ།
ག༽ དོལ་རྒྱལ་རྗེས་འབྲང་པའི་ཕྱོགས་ནས་༸རྒྱལ་བའི་སྐུ་ཕྱྭར་གནོད་གཞི་ཡོད་ཚུལ་གནས་ཡུལ་རྒྱ་གར་དང་ཨ་རིའི་གསང་བའི་ལས་ཁུངས་ཁག་ནས་གསལ་པོ་གསུངས་པ་ལྟར་དོན་ལ་གནས་སྟབས་ཆོས་ཚོགས་འདི་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བཀའ་ཤག་དང་དཔལ་ལྡན་བདེ་སྲུང་ལས་ཁུངས་བཅས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་ཉེན་སྲུང་ཐོག་ཐུགས་སྣང་འགན་ཁུར་སྔར་བས་ཆེ་བ་བཞེས་ཏེ་ལྷོད་གཡེང་ནམ་ཡང་མི་ཡོང་བའི་ནན་ཏན་འབོད་བསྐུལ་ཞུ་རྒྱུ།
ང་།༽ འདོད་རྒྱལ་རྗེས་འབྲང་པས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་ སྐྱབས་མགོན་ཆེན་པོ་མཆོག་ལ་མངོན་སུམ་འཛེམས་མེད་ངོ་རྒོལ་ཚད་མེད་ཞུས་པར་ཆོས་ཚོགས་འདིའི་ཐོག་ནས་ངོས་ལེན་མེད་པའི་ལངས་ཕྱོགས་གསལ་བསྒྲགས་གསལ་བཏོན་གྱིས་གསལ་བསྒྲགས་སྤེལ་རྒྱུ་བཅས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese