མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོང་པ་གསར་བ་ཁྱེད་ཅག་ལ་རེ་བ་རྒྱག་གི་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱིས་འདས་པའི་ཟླ་ཤས་རིང་ཚོང་ལས་གཉེར་འདོད་ཡོད་པའི་གཞོན་སྐྱེས་ཁག་ཅིག་ལ་ལྡི་ལིའི་རྒྱ་གར་མཐོ་སློབ་ཏུ་ཟབ་སྦྱོང་སྤྲད་མཐར་མ་དངུལ་གྱི་གཟེངས་རྟགས་སྤྲད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་རམ་འདེགས་ལས་གཞི་ཚན་པའི་གོ་སྒྲིག་འོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་རམ་འདེགས་ལས་གཞི་ཚན་པས་ཚོང་ལས་གསར་དུ་གཉེར་མཁན་ཚོར་དམིགས་པའི་འདི་ལོའི་༼ ཆེད་མཁས་ཚོང་པ་གསར་བའི་མ་དངུལ་རོགས་སྐྱོར་གཟེངས་རྟགས། ༽ཨང་དང་པོ་ཐོབ་མཁན་དེ་གྲོང་ཁྱེར་གྱི་མོག་མོག་ (City Momo )ཞེས་པ་འཛུགས་གནང་མཁན་བསྟན་འཛིན་རིག་ལྡན་ལགས་དང་། ཨང་གཉིས་པ་དྲ་ཐོག་བུ་མོའི་གྱོན་ཆས་ཚོང་ས་ (Girls Closet) ཞེས་པ་འཛུགས་མཁན་བསྟན་འཛིན་ཆོས་འཛིན་ལགས། ཨང་གསུམ་པ་བོད་ཀྱི་གློག་བཟོ་ཁང་ ( Tibet Electricals) འཛུགས་མཁན་ངག་དབང་ཆོས་འབྱོར་ལགས་བཅས་ལ་ཐོབ་ཡོད་པ་གསལ་བསྒྲགས་དང་འབྲེལ། ཨང་དང་པོར་ཧིན་སྒོར་ ༡༥༠༠༠ དང་གཉིས་པར་ཧིན་སྒོར་ ༡༠༠༠༠། ཨང་གསུམ་པར་ཧིན་སྒོར་ ༥༠༠༠ བཅས་ཀྱི་བྱ་དགའ་གནང་བ་མ་ཟད། ཁོ་ཚོ་ཚུད་པའི་ཆེད་མཁས་ཚོང་པ་གསར་པ་བདུན་ལ་ཧིན་སྒོར་འབུམ་རེ་རེ་དང་སྐྱེད་མེད་བུ་ལོན་འབུམ་རེ་རེ་གནང་རྒྱུ་ཡིན་པ་གསལ་བསྒྲགས་བསྐྱངས་སོང་།

མཛད་སྒོའི་ཐོག་མར་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་ངོ་སྤྲོད་གནང་དོན། ཁོ་རང་ཚོ་ཚོང་པ་བདུན་ཡིན་ན། ད་རེས་འདི་ཚོང་པའི་མི་ཚེའི་མདུན་ལམ་ནང་གི་གོམ་པ་དང་པོ་དེ་རེད། སྤྱིར་བཏང་ཁོ་རང་ཚོ་ཚོང་སྐྱོན་མཁན་ཚོ་སོ་སོའི་མི་ཚེའི་མདུན་ལམ་གང་ལ་གང་འཚམ་ཚོད་ཟིན་པ་རེད། ཁོ་རང་ཚོས་ཚོང་ལས་གཉེར་རྒྱུའི་ཚོང་གི་ལས་དོན་དེ། དེ་རིང་ནས་བཟུང་གོམ་པ་གསར་པ་རྒྱག་གི་ཡོད་སྟབས། དེ་འདྲའི་གནས་སྟངས་ཐོག་ནས་ཚོང་པ་གཞན་དང་མ་འདྲ་བའི་རིག་གསར་དང་ཡར་ཐོན་ཅན་གྱི་ཚོང་པ་ཟེར་སྐབས། རང་བཞིན་གྱིས་ཚོང་གི་ལས་དོན་གང་ཡོད་པ་ཡིན་ཡང་སོ་སོས་འཆར་གཞི་གང་བསྒྲིགས་པ་དེའི་སྒང་ལ་ཆོད་སེམས་དང་སྙིང་སྟོབས་དགོས་ཀྱི་ཡོད་པ་རེད། དེ་གཉིས་མེད་ན་མི་འགྲིག་པ་ཞིག་ཡིན་སྟབས། རྣམ་པ་ཚོ་ཚང་མ་གཞོན་སྐྱེས་ཡིན་སྟབས་དེ་ཚོ་ཏན་ཏན་ཡོད་པ་རེད། མ་འོངས་པར་སྐུ་ངལ་ཕྲན་བུ་འཕྲད་སྲིད་པ་ཞིག་ཡིན་ཡང་སྙིང་སྟོབས་དང་ཆོད་སེམས་ཀྱི་ཞུམ་པ་མེད་པ་གནང་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དཔལ་འབྱོར་ལས་ཁུངས་འོག་ཡོད་པའི་ཚོང་ལས་རམ་འདེགས་པའི་ངོ་གདོང་དང་མཚོན་རྟགས་ཁྱེད་རང་ཚོ་རེད། རྣམ་པ་ཚོ་ཡག་པོ་བྱུང་བ་ཡིན་ན་ང་ཚོའི་ལས་གཞི་ཡག་པོ་ཡོང་གི་རེད། རྣམ་པ་ཚོ་ཡག་པོ་མ་བྱུང་ན་ང་ཚོའི་ལས་གཞི་ལའང་རང་བཞིན་གྱིས་དོ་ཕོག་ཡོང་གི་རེད། དེར་བརྟེན། འདི་གཉིས་མོས་ཁེ་ཕན་ཡོད་པའི་ལས་གཞི་ཞིག་ཆགས་ཡོད་སྟབས། ང་ཚོའི་ངོས་ནས་ཡིན་ཡང་རྣམ་པ་ཚོར་སྐུ་ངལ་ག་རེ་འཕྲད་པ་ཡིན་ཡང་མུ་མཐུད་ཞབས་ཕྱི་ཞུ་རྒྱུའི་འདུན་པ་ཡོད། ཚང་མས་ཧུར་ཐག་འབད་ཐག་གནང་རོགས་གནང་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་ལས་གཞི་འདིར་སྔ་ཕྱི་བར་གསུམ་དུ་སློབ་སྟོན་གནང་མཁན་བསྟན་འཛིན་སྐྱིད་འཛོམས་ལགས་སུ་ཐུགས་རྗེ་ཆེ་ཞུའི་ཐང་ག་ཞིག་གསོལ་རས་གནང་རྗེས། ཁོང་གིས་ལས་གཞི་འདིའི་གལ་འགངས་སྐོར་གསུངས་དོན། དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་རམ་འདེགས་ཚན་པས་ལོ་གཅིག་རིང་ཉམས་ཞིབ་བྱས་ཏེ་སྙན་ཐོ་བཏོན་པ་ཞིག་གི་ནང་། ང་ཚོའི་སྤྱི་ཚོགས་ནང་ལ་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དམིགས་བསལ་རང་ཁ་རང་གསོ་བྱས་ཏེ། སོ་སོའི་རྐང་པའི་ཐོག་ལངས་ཐུབ་པར་གང་འདྲ་བྱེད་དགོས་མིན་ཐོག་ཉམས་ཞིབ་བྱས་པ་བརྒྱུད། ང་ཚོའི་སྤྱི་ཚོགས་ནང་ལ་ཞིང་ལས་བྱས་ནས་དམིགས་བསལ་འཚོ་བ་སྐྱེལ་མཁན་བརྒྱ་ཆ་ ༢༣ དང་ཚེག་ ༧ ཡིན་པར་བརྟེན་དེ་ཚོའི་སྤྱིའི་ཡོང་འབབ་བརྒྱ་ཆ་ ༨ དང་ཚེག་ ༥ ཆགས་ཡོད། ཚོང་རྒྱག་མཁན་བརྒྱ་ཆ་ ༢༧ དང་ཚེག་ ༥ ཡོད་པར་བརྟེན་དེ་གཉིས་བར་ལ་བར་ཁྱད་བརྒྱ་ཆ་གཅིག་ཙམ་ལས་མེད་པ་རེད། ཡིན་ཡང་སྤྱི་ཚོགས་ནང་ལ་དཔལ་འབྱོར་གྱི་ཡོང་འབབ་དེ་བརྒྱ་ཆ་ ༤༠ ལྷག་ཡིན་སྟབས། ང་ཚོས་ཚོང་ཐོག་འབད་བརྩོན་བྱས་པ་ཡིན་ན་ཡོང་འབབ་ལྡབ་འགྱུར་གྱིས་མང་བ་ཆགས་ཏེ་བརྒྱ་ཆ་ ༤༠ དེ་ ༨༠ ཡོང་རྒྱུ་ཡིན་སྟབས། སྤྱི་ཚོགས་སྤྱི་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་ཡོང་རྒྱུའི་རེ་བ་ཆེན་པོ་འདུག ང་ཚོའི་བོད་པའི་རང་ཆས་ཀྱི་རང་གཤིས་ནང་ཚོང་རྒྱག་རྒྱུ་དེ་ཡོད་སྟབས། ང་ཚོས་དེར་མ་རྩ་བཞག་ནས་འབད་བརྩོན་བྱས་པ་ཡིན་ན། སྤྱི་ཚོགས་སྤྱི་ཡོངས་དཔལ་འབྱོར་ཐོག་ནས་རང་ཁ་རང་གསོ་ཆགས་རྒྱུའི་ཆོད་སེམས་བཅངས་ཏེ། ད་ཐེངས་དཔལ་འབྱོར་ལས་ཁུངས་ངོས་ནས་ཚོང་པ་གསར་པ་བདུན་ལ་ཟླ་གསུམ་རིང་ཟབ་སྦྱོང་སྤྲད་ནས་གསོ་སྤྱོང་གནང་ཡོད་སྟབས། མ་འོངས་པར་ང་ཚོའི་སྤྱི་ཚོགས་འདི་དཔལ་འབྱོར་གྱི་རང་ཁ་རང་གསོ་ཞིག་ཆགས་རྒྱུའི་རེ་བ་བཅང་གི་ཡོད་པ་མ་ཟད། ཚོང་པ་གསར་པ་རྣམ་པ་བདུན་གྱིས་ལོ་རེའི་སོ་སོའི་ཁེ་འབབ་ནས་བརྒྱ་ཆ་ ༤  ནས་ ༥། ༥ ནས་ ༦། ༦ ནས་༧ བར་ཟེར་ནས་དཔལ་འབྱོར་ལས་ཁུངས་ལ་འབུལ་དགོས་པ་ཞིག་ཀྱང་ཆགས་ཡོད་པ་རེད། ཅེས་སོགས་གསུངས་སོང་།

མཇུག་ཏུ་གསར་འགོད་པས་ཨང་དང་པོ་ཐོབ་མཁན་བསྟན་འཛིན་རིག་ལྡན་ལགས་སུ་ད་ཐེངས་བྱ་དགའ་ཐོབ་པར་ཚོར་སྣང་གང་འདྲ་བྱུང་དྲིས་པར་ཁོང་གིས། ངས་ཚོང་གཉེར་བྱ་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད་སྟབས་ད་ཐེངས་གོམ་པ་དང་པོ་དེ་བསྒྲུབས་སོང་བསམ་པ་ཞིག་བྱུང་། མ་འོངས་པ་ཡིན་ལའང་ད་ལྟ་ནང་བཞིན་ཡག་པོ་ཡོང་བའི་རེ་བ་ཡོད། ཅེས་བརྗོད་བྱུང་།

ཡང་ཨང་གཉིས་པ་ཐོབ་མཁན་བསྟན་འཛིན་ཆོས་འཛིན་ལགས་སུ་མ་འོངས་པར་ལས་འཆར་གང་འདྲ་མགོ་འཛུགས་བྱ་རྒྱུ་ཡིན་དྲིས་པར་ཁོ་མོས། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་ཕྱིན་ནས་གཞོན་སྐྱེས་ཚོར་དམིགས་ནས་རྒྱ་གར་ནང་གྱོན་གོས་ནང་འདྲེན་བྱས་ཏེ། ན་གཞོན་ཚོར་དཔེ་གསར་ཅན་གྱི་གྱོན་གོས་དེ་འདྲ་རིན་གོང་ཆུང་ཆུང་ཐོག་ནས་བཙོང་ཐུབ་པ་བྱ་རྒྱུ་ཡིན་སྟབས། ད་ཐེངས་བོད་མིའི་སྒྲིག་འཛུགས་ངོས་ནས་ཧིན་སྒོར་འབུམ་གཅིག་གསོལ་རས་གནང་བ་དེས་ཅ་དངོས་འཐེན་པར་འགྲོ་སྐབས་སོགས་ལ་ཕན་ཐོགས་ཆེན་པོ་ཡོང་ས་རེད། ཅེས་བརྗོད་བྱུང་།

གསར་འགོད་པས་ཨང་གསུམ་པ་ཐོབ་མཁན་ངག་དབང་ཆོས་འབྱོར་ལགས་སུ་ཁྱེད་ཀྱིས་བོད་མིའི་སྤྱི་ཚོགས་ནང་ཞབས་འདེགས་གང་འདྲ་བསྒྲུབས་ཐུབ་ཀྱི་རེད་དམ་དྲིས་པར་ཁོང་གིས། ང་ཚོ་བོད་པ་མང་ཆེ་བས་གློག་བཟོ་རྒྱུ་སོགས་ཀྱི་རིགས་རྒྱ་གར་བར་རེ་བ་རྒྱག་གི་ཡོད་སྟབས། ང་བོད་པ་ཞིག་ཡིན་པའི་ཆ་ནས་ངའི་རེ་བ་ལས་ཀ་དེ་ངས་བྱེད་ཐུབ་པ་ཙམ་མ་ཟད། ཚོང་ཙམ་མིན་པར་བོད་པ་ཚོས་འདོད་པ་ཁེངས་ཐུབ་པའི་ཞབས་ཞུ་གྲུབ་ཐབས་བྱ་རྒྱུ་ཡིན་པ་མ་ཟད། མ་འོངས་པར་ཟླ་གཅིག་ནང་ཚུད་དུ་ལྡེ་ར་ཌུན་ཁུལ་དུ་ལས་ཁུངས་ཚུགས་རྒྱུ་ཡིན་ཡང་། ངའི་ལས་ཀའི་ངོ་བོ་དེ་བཟོ་གྲྭ་དང་ཁང་པ་ཆེན་མོ་དེ་ཚོར་ཞབས་ཞུ་བསྒྲུབ་རྒྱུ་ཡིན་སྟབས། ལྡི་ལི་དང་བྷོམ་བྷེ། སིམ་ལ་དང་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་ཏུ་འགྲོ་དགོས་པ་ཆགས་སྲིད་པར་བརྟེན་གང་ཐུབ་ཅི་ཐུབ་ཀྱི་མང་ཚོགས་ཚོར་འདོད་བློ་ཁེངས་པའི་ཞབས་ཞུ་གྲུབ་ཐབས་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།

དཔལ་འབྱོར་ལས་ཁུངས་ཀྱིས་༼ ཆེད་མཁས་ཚོང་པ་གསར་བའི་མ་དངུལ་རོགས་སྐྱོར་གཟེངས་རྟགས། ༽སྤྲོད་རྒྱུ་ཡིན་པ་གསལ་བསྒྲགས་བསྐྱངས་རྗེས། ལས་གཞི་འདིའི་ནང་འཚང་སྙན་འབུལ་མཁན་ ༢༥ བྱུང་ཁོངས་ནས་མི་གསུམ་ལ་ཆ་རྐྱེན་ལོན་མེད་སྟབས་རང་བཞིན་གྱིས་འཕུད་རྗེས། དེ་བྱིངས་རྣམས་ལ་ཆེད་ལས་མཁས་པས་ཞིབ་འཇུག་གནང་མཐར། མི་ ༧ འདེམས་སྒྲུག་གིས་དཔལ་འབྱོར་ལས་ཁུངས་ཀྱིས་ཟླ་གསུམ་རིང་མི་ ༣ ལྡི་ལིའི་ཎོ་ཌ་ (Noida) ནང་སློབ་སྦྱོང་དང་ཉམས་གསོག་བྱེད་བར་བཏང་ཡོད་པ་དང་། གཞན་མི་ ༤  ལ་ཧ་རེ་ཡ་ན་མངའ་སྡེའི་ཇན་ཌལ་གཙུག་ལག་སློབ་གཉེར་ཁང་(O. P. Jindal Global University) དུ་ཆེད་ལས་སློབ་སྦྱོང་བྱེད་པར་བཏང་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༡༤ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese