མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གནས་མཇལ་ལམ་ཁ་ཕྱེ་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༢༢ ཉིན་ནས་བཟུང་རྒྱ་གར་གྱི་གནས་མཇལ་བ་ཚོར། བོད་རང་སྐྱོང་ལྗོངས་དང་འབྲས་ལྗོངས་ས་མཚམས་རྣ་སྟོད་ལའི་འགག་སྒོ་ཕྱེས་ཡོད་འདུག

ལོ་ལྟར་ཕྱི་ཟླ་ ༦ པ་ནས་ ༡༠ པའི་བར། རྒྱ་གར་ཧིན་རྡིའི་གནས་མཇལ་བ་མང་པོ་སྟོད་མངའ་རིའི་གངས་དཀར་ཏི་སེ་དང་མ་ཕམ་གཡུ་མཚོ་གཉིས་ལ་གནས་མཇལ་དུ་ཡོང་གི་ཡོད་པ་དང་། ཧིན་རྡི་བ་རྣམས་ཀྱིས་ཁོ་རང་ཚོའི་ལྷ་ཆེན་དབང་ཕྱུག་དང་བོད་པའི་གངས་དཀར་ཏི་སེ་གཉིས་ངོ་བོ་དབྱེར་མེད་ཡིན་པར་འདོད།

རྒྱ་ནག་གི་གནས་ཚུལ་དེའི་ནང་བཀོད་པ་ལྟར་ན། སྔོན་ཆད་རྒྱ་གར་གནས་མཇལ་བ་ཚོ་རྒྱ་གར་ཤར་རྒྱུད་ཨ་ཇིར་མངའ་སྡེའི་བྱང་ལ་བརྒྱུད་ནས་འགྲོ་དགོས་ཤིང་། དེ་གར་རླངས་འཁོར་སོགས་ཀྱི་ལམ་ཁ་མེད་པར་རྐང་ཐང་ལ་ཉིན་ ༢༠ ལྷག་ལ་འགྲོ་དགོས་ཀྱི་ཡོད་འདུག ད་ལོ་ནས་བཟུང་རྣ་སྟོད་ལ་བརྒྱུད་དེ་རྒྱ་གར་གཞུང་འབྲེལ་གྱི་གནས་མཇལ་བ་ ༢༥༠ གཏོང་རྒྱུ་དང་། ནུབ་ལམ་བརྒྱུད་དེ་སྔར་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་གནས་མཇལ་བ་ ༡༡༠༠ ཙམ་གཏོང་རྒྱུ་ཡིན་འདུག

རྣ་སྟོད་ལ་ཞེས་པ་ནི་ད་ལྟའི་རྒྱ་ནག་གིས་བཅད་བསྒོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་གྲོ་མོ་རྫོང་དང་། རྒྱ་གར་འབྲས་ལྗོངས་རྒྱལ་ས་སྒང་ཐོག་གཉིས་ཀྱི་ས་མཚམས་སུ་འཁེལ་ཡོད་ཅིང་། རྣ་སྟོད་ལ་ནས་འབྲས་ལྗོངས་སྒང་ཐོག་བར་སྤྱི་ལེ་ ༢༤ དང་མཐོ་ཚད་མཚོ་ངོས་ནས་རྨི་ ༤༧༣༣ ཡོད་འདུག

ཞིན་ཧྭ་གསར་ཁང་གི་གནས་ཚུལ་ནང་བཀོད་དོན། “ ༡༩༦༢ ལོར་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་འགལ་རྐྱེན་བྱུང་བ་དང་།  རྣ་ཐོས་ལ་དེ་དུས་ཡུན་རིང་བོར་ཁུ་སིམ་མེར་མི་འཇོག་ག་མེད་བྱུང་།  ༢༠༠༦ ལོར་རྒྱལ་ཁབ་གཉིས་ཀྱིས་རྣ་ཐོས་ལའི་འགག་སྒོའི་ཚོང་འབྲེལ་སླར་གསོ་བྱ་རྒྱུ་བྱས་པ་དང་།  མཐའ་མཚམས་ཀྱི་མི་སེར་དག་ཉོ་ཚོང་འགག་སྒོ་ཕར་ཚུར་ལ་སོང་ཆོག་པ་རེད།  ཡིན་ཡང་ཉིན་དེར་སོ་སོའི་ཡུལ་དུ་ངེས་པར་དུ་ཕྱིར་ལོག་དགོས། རྣ་སྟོད་ལ་ནི་རྒྱ་ནག་དང་རྒྱ་གར་གཉིས་ཀྱི་འབྲེལ་བའི་གནམ་གཤིས་སྔོན་བརྡ་ལྟ་བུ་ཡིན་པ་དང་། གལ་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་པོ་མ་ཡོང་ཚེ་ས་ཁུལ་དེའི་གནས་བབ་ཀྱང་ཛ་དྲག་ཆེ་རུ་འགྲོ་ཞིང་།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་སོང་བ་ཡིན་ན་ས་ཁུལ་དེའི་གནས་བབ་ཀྱང་ཞི་ལྷོད་དུ་ཡོང་ཐུབ།” ཞེས་སོགས་བཀོད་འདུག

མཆན། 2

  1. ཁྱམས་འཇུགས་ says:
    ལོ་ 8 སྔོན།

    རྣ་ཐོད་ལ་ཡིན་ས་རེད་ཧིན་དུ་གནས་བསྐོར་པ་ལ་མངའ་རིས་པ་ཚོ་སྣེ་ལེན་ཡག་ཙམ་བགྱིས་འོན་ཀྱང་རྒྱ་གཞུང་གིས་ཧིན་དུ་གནས་མཇའ་པ་རྣམས་ལ་དོན་དམ་པའི་འགྲོ་སྤྱོད་རང་དབང་སྟེར་མི་སྲིད།

    Reply
  2. བསྟན་ཆོས། says:
    ལོ་ 8 སྔོན།

    རྣ་སྟོད་ལ། རྣ་ཐོས་ལ། ཁ་སྐད་ཀྱི་གདངས་ལྟར་ན་རྣ་ཐོད་ལ། གང་ཡིན་ན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist