མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སློབ་ཕྲུག་ཚོས་རིགས་ལམ་སྦྱོང་བ་དེ་རང་གཞན་གཉིས་ཀྱི་དོན་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

དྷ་སྟེང་བོད་ཁྱིམ་དུ་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་རིགས་ལམ་འདུ་འཛོམས་གནང་བ་དེ་རིང་ཉིན་རྒྱབ་མཇུག་བསྒྲིལ་ཡོད་པ་དང་། སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་སློབ་ཕྲུག་ཚོས་རིགས་ལམ་ཐོག་ཤུགས་བསྐྱོན་པ་དེ་གཅིག་ནས་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་པ་དང་གཉིས་ནས་སོ་སོའི་མི་ཚེར་རིན་ཐང་སྐྲུན་གྱི་ཡོད་སྐོར་གསུངས།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཚེས་ ༢༣ ཉིན་མགོ་འཛུགས་གནང་བའི་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ ༣༡ གི་སློབ་ཕྲུག་ ༡༩༧ དང་ཆོས་དགེ་ ༣༠ བཅས་ལ་བདུན་ཕྲག་གཅིག་རིང་གི་རིགས་ལམ་འདུ་འཛོམས་མཇུག་བསྒྲིལ་བའི་མཛད་སྒོ་ཞིག་ཚོགས་པའི་སྟེང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་དང་དྲུང་ཆེ། དེ་བཞིན་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཕྱག་རོགས་དང་ལས་བྱེད་ཁག་ཅིག་བཅས་ཕེབས་འདུག དེ་བཞིན། རིགས་ལམ་འདུ་འཛོམས་མཇུག་བསྡོམས་སྟེང་། དྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་རྣམས་ཀྱང་ལྷན་ཞུགས་གནང་སོང་།

ཐོག་མར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་དེ་རིང་གི་ལས་རིམ་ངོ་སྤྲོད་གནང་རྗེས། ད་ལོ་འཛུལ་བཞུགས་བྱས་པའི་སློབ་ཕྲུག་ཁག་ཅིག་གི་སྐུ་ཚབ་ཀྱིས་སོ་སོའི་ཉམས་མྱོང་མདོ་བསྡུས་རེ་བཤད་སོང་། དེའི་རྗེས་སློབ་ཕྲུག་ཁག་ཅིག་གིས་རྟགས་བསལ་བཏང་རྗེས། སྲིད་སྐྱོང་མཆོག་གིས་མཉམ་བཞུགས་བྱས་པའི་སློབ་ཕྲུག་རྣམས་ལ་ལག་འཁྱེར་གནང་སོང་།

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ད་རེབ་ཆོས་དགེ་རྣམ་པ་ཚོས་འགན་ཁུར་བའི་ཐོག་ནས་མགོ་མཇུག་བར་གསུམ་ལ་དཔེ་མི་སྲིད་པའི་ཡག་པོ་བྱུང་ཡོད་པ་དང་། དེའི་ནང་ནས་ཀྱང་སློབ་གྲྭ་ཁག་ ༡༤ ཞེ་དྲགས་ཡག་པོ་བྱུང་ཡོད་སྟབས། སློབ་ཕྲུག་རྣམ་པ་དང་ཆོས་དགེ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཞུ་དགོས་པའི་རྒྱུ་མཚན་རིགས་ལམ་ཐོག་ལ་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་ནས་ལོ་མང་ཕྱིན་ཡོད་ཀྱང་། ད་ལྟ་གཞི་ནས་སློབ་ཕྲུག་རྣམས་ལ་རྨང་གཞི་ལྟ་བུ་ཆགས་ཡོང་གི་ཡོད་པ་དེ། གཅིག་ནས་༧གོང་ས་མཆོག་གི་དམིགས་འདུན་འགྲུབ་གྱིན་ཡོད་པ་དང་། གཉིས་ནས་བཀའ་སློབ་ཕེབས་དགོས་པ་དེ་ང་རང་ཚོ་སོ་སོའི་མི་ཚེ་ནང་ཕན་ཐོགས་ཡོད་པ། བོད་པ་རང་གིས་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པའི་ཁྱད་ཆོས་ཤིག་ཡིན་པ་དང་། དེ་སྤྱི་སྒེར་གཉིས་ལ་ཕན་ཐོགས་ཡོང་གི་ཡོད་པ་མ་ཟད། འཕྲལ་ཕུགས་གཉིས་ལ་དགོངས་ནས་ལམ་སྟོན་གནང་བ་དེ་བསྒྲུབ་ཐུབ་གྱི་ཡོད་སྟབས། རྨང་གཞི་ལྟ་བུ་འགྲུབ་ཐུབ་ཡོད་པ་དེ་ཡང་ཞེ་དྲགས་ཡག་པོ་རེད།

ད་ལྟ་སློབ་གྲྭ་ཁག་ ༣༡ ནས་སློབ་ཕྲུག་གཉིས་བརྒྱ་ལྷག་འཛོམས་ཡོད་པ་དང་། སྤྱིར་བཏང་སློབ་གྲྭ་ཁག་ ༧༦ ཡོད་པ་དང་དེར་སློབ་ཕྲུག་སྟོང་ཕྲག་ ༢༤ ལྷག་ཡོད་དུས་ལོ་ཁ་ཤས་རྗེས་ནས་སློབ་གྲྭ་ཁག་ཡོངས་རྫོགས་ནང་ཁྱབ་ཐུབ་ཆེད་ཆོས་དགེ་རྣམ་པ་ཚོས་དམིགས་བསལ་གྱིས་དགོངས་པ་བཞེས་རོགས་ཞེས་ཤེས་རིག་ལས་ཁུངས་ཀྱིས་རེ་སྐུལ་ཞུ་བཞིན་ཡོད། དེ་བཞིན། འཛུལ་བཞུགས་བྱས་པའི་སློབ་ཕྲུག་ཚོས་ཀྱང་། སོ་སོའི་ཉམས་མྱོང་སོགས་ཕྱིར་སློབ་གྲྭར་སོང་ནས་སློབ་ཕྲུག་ཚོར་ཤོད་དགོས་པ་རེད། ཅེས་སོགས་གསུངས་སོང་།

སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན།  ༧གོང་ས་མཆོག་གིས་རིགས་ལམ་འདི་གལ་ཆེན་པོ་ཡིན་པའི་བཀའ་སློབ་རིམ་པ་མང་པོ་གནང་ཡོད་པ་དང་། དྲུག་ཅུ་རེ་གྲངས་ནས་གཏན་སློབ་ཁག་ལ་ཆོས་དགེ་བསྐོས་པ། ༢༠༠༡ ལོར་༧གོང་ས་མཆོག་གིས་རིགས་ལམ་སློབ་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། གལ་སྲིད་དྲུག་ཅུ་རེ་གྲངས་ནས་རིགས་ལམ་ཐོག་ཤུགས་བསྐྱོན་ཡོད་ན་ད་ལྟ་གང་འཚམ་ཡར་རྒྱས་ཕྱིན་ཡོད་ཅེས་གསུངས་ཡོད།

ཉེ་བའི་ལོ་ཤས་ནས་སློབ་ཕྲུག་ཁྱེད་རང་ཚོས་འབད་བརྩོན་ཤུགས་ཆེན་པོ་གནང་པ་དང་། དམིགས་བསལ་གྱིས་ཆོས་དགེ་རྣམ་པས་བཀའ་ལས་བསྐྱོན་པར་བརྟེན་ཏེ། ཉེ་ཆར་༧གོང་ས་མཆོག་གིས་རིགས་ལམ་སློབ་ཁྲིད་གནང་བར་ཡར་རྒྱས་ཀྱི་རྣམ་པ་འདུག་ཅེས་གསུངས་ཡོད། གཙོ་ཆེ་བ་༧གོང་ས་མཆོག་ཐུགས་མཉེས་པོ་བྱུང་པ་སྟེ་ཁོང་གི་བཀའ་དགོངས་གཞིར་བཟུང་བསྒྲུབ་ཐུབ་པ་ཡིན་ན། ང་ཚོ་ཚེ་འདི་ཕྱི་གཉིས་ལ་བསོད་ནམས་གསོག་རྒྱུའང་དེ་ལས་ལྷག་པ་ཞིག་ཡོད་པ་མ་རེད་བསམ་གྱི་འདུག ཅེས་གསུངས་སོང་།

ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། སྤྱིར་སློབ་སྦྱོང་བྱེད་པའི་སྐབས་སུ་སློབ་ཚན་འདེམས་སྟངས་དང་སློབ་ཚན་གལ་གནད་ཆེ་ཆུང་བརྩི་སྟངས་མ་ནོར་བ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། དེ་ནོར་བ་ཡིན་ན་སློབ་སྦྱོང་བྱས་པའི་དུས་ཚོད་གལ་ཆེན་པོ་ཆུད་ཟོས་སུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ། རིགས་ལམ་འདི་ཡག་པོ་བྱུང་བ་ཡིན་ན་ཕྱི་ནང་གི་རིག་པའི་གནས་ག་འདྲ་ཞིག་ལ་འཇུག་པ་ཡིན་ནའང་ལས་སླ་པོ་དང་སྟབས་བདེ་པོས་འཇུག་ཐུབ་པའི་ནུས་པ་ཡོད་སྟབས། རིགས་ལམ་ནི་སློབ་སྦྱོང་བྱེད་རྒྱུའི་ལག་ཆ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། ཅེས་སོགས་གསུངས་སོང་།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

མཆན། 1

  1. བྱ་ཐུང་། says:
    ལོ་ 8 སྔོན།

    རིགས་ལམ་སྦྱོང་བ་འདི་༧གོང་ས་མཆོག་ཐུགས་མཉེས་པོ་ཡོང་བ་དང་བསོད་ནམས་གསོག་རྒྱུ། དགོངས་གཞི་སྒྲུབ་བཞིན་ཡོད་པའི་བཀའ་མོལ་རྐྱང་གནང་ནས་སྡོད་པ་ལས་རིགས་ལམ་ཀྱི་ཁྱད་ཆོས་དང་དེའི་ནུས་པ་ལ་བརྟེན་ནས་བསླབ་གཞི་གཞན་་རྣམས་ཇི་ལྟར་བདེ་ལེགས་ངང་རྟོགས་ཐུབ་པའི་ལམ་སྟོན་ཞིག་གནང་ཐུབ་ན་དགེ་མཚན་ཆེ་བར་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist