མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་འཛིན་བྲི་རྒྱུགས། རི་མོའི་སྒྱུ་རྩལ་བཅས་ཀྱི་འགྲན་སྡུར་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ལོ་ ༢༠༡༥ ྋགྱ་སྟོན་ལོའི་དཔྱད་རྩོམ་དང་།  བློ་འཛིན་བྲི་རྒྱུགས། རི་མོའི་སྒྱུ་རྩལ་བཅས་ཀྱི་འགྲན་སྡུར་གསལ་བསྒྲགས།

འཛིན་རིམ་བདུན་པ་དང་བརྒྱད་པ། དགུ་པ་བློ་འཛིན་བྲི་རྒྱུགས། འཛིན་རིམ་བཅུ་པ་དང་བཅུ་གཅིག བཅུ་གཉིས་བཅས་གསུམ་ལ་དཔྱད་རྩོམ་འབྲི་རྒྱུ་དང་རི་མོའི་སྒྱུ་རྩལ་གྱི་འགྲན་སྡུར་བརྒྱུད་རང་ཉིད་དང་རང་གི་འཛིན་གྲོགས་ཚོར་དངུ

ལ་གྱི་ལེགས་སྐྱེས་གྱ་ནོམ་པ་འཐོབ་རྒྱུའི་གོ་སྐབས་ཡོད།

www.tibet-foundation.org/competitions2015
གོ་སྒྲིག་པ།  བོད་ཀྱི་དགེ་རྩ་ཚོགས་པ།  ཡོན་བདག  ཏི་སེ་དགེ་རྩ་ཚོགས་པ།

༄།། སྲིད་ཞིའི་གཙུག་རྒྱན་ྋ སྤྱི་ནོར་ གོང་ས་སྐྱབས་མགོན་ྋརྒྱལ་བའི་དབང་པོ་ཕྱག་ན་པདྨོ་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགའ་སྟོན་དང་།  དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་སྟོན་སྲུང་བརྩི་དང་འབྲེལ་རྒྱ་གར་དང་བལ་ཡུལ་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་དང་སྒེར་གཉེར་སློབ་གྲྭ་ཁག་གི་སློབ་མ་ཚོར་འགྲན་སྡུར་འདི་དག་གོ་སྒྲིག་ཞུ་བ་ཡིན།
    མགོན་པོ་མཆོག་གི་བཀྲིན་རྗེས་སུ་དྲན་པའི་སྒོ་ནས། སློབ་མ་ཚོར་བརྡ་དག་གི་རྨང་གཞི་སྲ་བརྟན་ཡོང་བ་དང་རིམ་པས་བོད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སོགས་ལ་དོ་སྣང་ཆེར་སྐྱེད་ཡོང་བ། རི་མོའི་སྒྱུ་རྩལ་གྱི་ལམ་ནས་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་མཚོན་ཐུབ་པ། བོད་པས་བོད་སྐད་ཤེས་ལ་བོད་ཡིག་གི་ནང་རྒྱུན་ལྡན་མི་ཚེའི་མྱོང་ཚོར་དང་བོད་ཀྱི་ད་མ་འདས་གསུམ་གྱི་ལས་དབང་སྐོར་དཔྱོད་ཤེས་པ། བཤད་ཤེས་པ། བྲི་ཤེས་པ། ལྷག་དོན་དུ་ལོ་རྒྱུས་རིག་པའི་གོ་རྟོགས་དང་ཤེས་རྩལ་གོང་མཐོར་བཏང་སྟེ་དཔྱད་རྩོམ་གྱི་བྱ་བར་གོམས་འདྲིས་མྱོང་གསུམ་འབྱུང་ཆེད་དུ་འགྲན་སྡུར་འདི་དག་གོ་སྒྲིག་ཞུ་བ་ཡིན། འགྲན་སྡུར་གྱི་ལེགས་སྐྱེས་སློབ་མ་སྒེར་དང་འཛིན་གྲོགས་གཉིས་གར་འཐོབ་རྒྱུ་ཡོད་པ་དེས་སློབ་སྦྱོང་གི་བརྒྱུད་རིམ་ནང་ཚང་མས་གཅིག་ཕན་གཅིག་གྲོགས་དང་ཕན་ཚུན་སྐུལ་འདེབས། བསམ་ཚུལ་བརྗེ་རེས། དཔྱད་གཞིའི་རྒྱུ་ཆ་དང་རི་མོའི་མཁོ་ཆས་གཡར་རེས།  ཕན་ཚུན་རྩ་བ་བློ་འཛིན་རྒྱུགས་ལེན་རེས་སོགས་ཀྱི་ཐད་ནས་ཕྱར་གྲུ་མཉམ་འདེགས་ཡོང་བའི་རེ་འདུན་ཡིན། ལས་གཞི་འདིར་འབྲེལ་ཡོད་སློབ་གྲྭ་ཁག་གི་འཛིན་སྐྱོང་གི་ངོས་ནས་མཐུན་འགྱུར་རྒྱབ་སྐྱོར་གནང་རོགས་ཞུ།

གོ་སྒྲིག་དང་དཔྱད་འདེམ་ཚོགས་ཆུང་ཆེད་འཛུགས།
སློབ་གྲྭ་སོ་སོའི་དགེ་རྒན་དང་འབྲེལ་ཡོད་སློབ་ཕྲུག་ཚོས་ཁྱབ་བསྒྲགས་འདི་ཐོན་རྗེས་འགྲན་སྡུར་ལ་ཞུཊ་བློ་ཡོད་ཚེ་འཕྲལ་དུ་རང་གི་སློབ་སྤྱིའམ། རེཀ་ཊར། དགེ་ཆེ་སུ་འོས་ལ་སྙན་སྐུལ་ཞུས་ཏེ་འགྲན་སྡུར་གོ་སྒྲིག་དང་དཔྱད་འདེམ་གནང་མཁན་གྱི་གོ་སྒྲིག་དང་དཔྱད་འདེམ་ཚོཊ་ཆུང་ཞིག་འཕྲལ་དུ་འཛུཊ་རྒྱུར་འབོད་སྐུལ་ཞུ་དགོས།

སློབ་གྲྭའི་གོ་སྒྲིག་དང་དཔྱད་འདེམ་ཚོགས་ཆུང་གི་ཚོགས་མི།
སློབ་སྤྱིའམ། དགེ་ཆེ། རེཀ་ཊར་སུ་རུང་ཞིག་ཚོགས་གཙོ་དང་།  དྲུང་ཆེ་མང་མོས་བདམས་བསྐོས། སློབ་གྲྭའི་བོད་ཡིག་གི་དགེ་རྒན་རྣམ་པ། སློབ་གྲྭའི་རི་མོའི་དགེ་རྒན། ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་འཐུས་གཉིས་དང། དགོས་གལ་བྱུང་ཚེ་བོད་དགེ་གཞན་ཡང་བསྐོ་འཐུས།

འགྲན་སྡུར་ནང་ཞུགས་རྒྱུར་འཐོ་འགོད་བྱེད་ཚེས་དང་འགེངས་ཤོག

གོ་སྒྲིག་དང་དཔྱད་འདེམ་ཚོགས་ཆུང་གི་ཚོགས་གཙོའི་མཚན་ཐོག་ནས་འདི་ལོའི་ཕྱི་ཟླ་ 7 ཚེས་ 30 གོང་རོལ་དུ་གོ་སྒྲིག་དང་དཔྱད་འདེམ་ཚོགས་ཆུང་གི་ཚོགས་མིའི་མིང་ཐོ་བསྐུར་སྟེ་སྔ་ཕྱི་བར་གསུམ་དུ་ལས་གཞི་འདིར་དགོས་ངེས་ཀྱི་མཐུན་རྐྱེན་སྦྱོར་བ་སོགས་ཀྱི་རྒྱབ་གཉེར་གནང་རྒྱུར་མོས་མཐུན་གནང་དགོས།     

དཔྱད་རྩོམ་གྱི་བརྗོད་གཞི།   ༼འཛོམ་རིམ་བཅུ་པ་དང་། བཅུ་གཅིག  བཅུ་གཉིས།༽
སྨྲས་པ། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན།  ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་དང་འདྲ། རླངས་ཀྱི་པོ་ཏི་བསེ་རུ་ལས།


བོད་རང་བཙན་བསྐྱར་གསོ་དང་ཆེས་མཐོའི་རང་སྐྱོང་གི་གནས་བབ་སྐོར་གྱི་རྩོད་པ།
བོད་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་གཞིར་བཞག་པ་དང་། ད་མ་འདས་གསུམ་གྱི་རྒྱལ་སྤྱིའི་འབྲེལ་ལམ་གྱི་འགྲོས་དང་འཕེལ་ཕྱོགས་ལ་བསམ་གཞིགས་ཀྱིས་རང་བཙན་གཙང་མ་དང་རང་སྐྱོང་གི་གནས་བབ་ལ་དོན་གཉེར་བྱེད་མཁན་གཉིས་ཀྱི་ལྟ་གྲུབ་སོ་སོར་དངོས་བྱུང་ལོ་རྒྱུས་ཀྱི་དཔང་རྟགས་དང་རིགས་པའི་ལམ་ནས་ལྟ་གྲུབ་གང་ཞིག་ནུས་ལྡན་གྱི་སྲིད་བྱུས་ཡིན་པའི་སྒྲུབ་བྱེད་དང་། ཅིག་ཤོས་ཀྱི་ལངས་ཕྱོགས་དེ་ནུས་ལྡན་མིན་པའི་སྒྲུབ་བྱེད་དུ་དགག་བཞག་སྤོང་གསུམ་གྱི་དཔྱད་རྩོམ་ཞིག་ཕྲིས།

ཡང་ན།

   “སངས་རྒྱས་པའི་ཆོས་ནས་བཤད་པ་ཡིན་ན་གང་ལྟར་ལས་འབྲས་སྐད་ཆ་རེད་ལ། དངོས་ཡོད་གནས་ཚུལ་ལ་ཆ་བཞག་ནའང་ང་ཚོའི་མི་རབས་གོང་མ་ཚོས་འཐུས་ཤོར་ཧ་ཅང་བཏང་འདུག  འཐུས་ཤོར་ཕྱིན་པའི་འབྲས་བུ་ངན་པ་  དེ་སྨིན་ཡོང་སྐབས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་མི་ནུས། ཞེས་གསུངས་པ་ལྟར། རྒྱུ་མ་ཚང་བ་མེད་པ་གྲུབ་ཚར་རྗེས་འབྲས་བུ་འདོད་དང་མི་འདོད་སྐད་ཆ་ཤོད་ས་གང་ཡང་མེད། འབྲས་བུ་མྱོང་དགོས་པ་རེད། རྒྱུ་སྔོན་འགོག་བྱ་རྒྱུ་དེ་རེད།” ༼ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༧ ཉིན་རྡ་སྟེང་བོད་ཁྱིམ་དུ་ན་གཞོན་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་དབུ་འཛུཊ་སྐབས་བཀའ་སློབ་སྩལ་བ།༽

    བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཏེ་སྤྱི་ཚོགས་དང་རིག་གཞུང་། ཆོས་ལུགས་དང་ཆབ་སྲིད་ཀྱི་ཁོར་ཡུག་སོགས་ལ་དཔྱད་ཞིབ་ཀྱིས་ང་ཚོའི་མི་རབས་གོང་མ་ཚོས་འཐུས་ཤོར་གནད་འགག་ཅན་བཏང་བའམ་ཤོར་བའི་རྒྱུ་རྐྱེན་གསལ་བཀྲོལ་དང་འབྲེལ་མ་འོངས་པར་བོད་ཀྱི་ལས་དབང་ཐབས་སྡུག་ཏུ་མི་འགྲོ་བའི་སྔོན་འགོག་གི་ཐབས་ལམ་ཐད་ཀྱི་བསམ་ཚུལ་ཕྲིས།

རྩོམ་ལུས  ལྷུགས་རྩོམ།  ཚིག་གྲངས།  བོད་ཡིག་གི་ཚིག་འབྲུ་སུམ་སྟོང་ལྔ་བརྒྱ་དང་བཞི་སྟོང་བར།

1. དཔྱད་རྩོམ་དང་འབྲི་རྒྱུ་ཕྱི་ཟླ་ 6 པའི་ནང་གསལ་བསྒྲགས་བྱས་ཉིན་ནས་བཟུང་འགོ་བརྩམས་ཏེ་ཕྱི་ཟླ་ 8 པའི་ཚེས་ 31 གི་གོང་དུ་ལེགས་གྲུབ་ཟིན་ཏེ་གོ་སྒྲིག་དང་དཔྱད་འདེམ་ཚོགས་ཆུང་ལ་ཕུལ་ཟིན་དགོས།
2. བདམས་ཐོན་བྱུང་བའི་ཕུལ་བྱུང་དཔྱད་རྩོམ་ 5 རྩིས་འཁོར་ནང་སྨོན་ལམ་ཡིག་གཟུགས་སམ་ཧི་མ་ལ་ཡ་ཡིག་གཟུགས་སུ་ཚད་ 20 ཅན་དུ་གཏཊ་ཏེ་ word དང་ PDF ཡི་གཟུགས་སུ་ཕྱི་ཟླ་ 9 ཚེས་ 30 གོང་དུ་གློག་འཕྲིན་བརྒྱུད་བསྐུར་དགོས།  འགྲན་ཞུགས་ཀྱི་དཔྱད་རྩོམ་འཁྱུག་ཡིག་སོགས་ལག་བྲིས་ཡིན་ཆོག
 
གོ་སྒྲིག་དང་དཔྱད་འདེམ་ཚོགས་ཆུང་གི་གནང་སྒོ།
1. ཚོཊ་གཙོའི་མཚན་ཐོག་ནས་འགྲན་སྡུར་ནང་ཞུཊ་རྒྱུར་ཕྱི་ཟླ་ 7 ཚེས་ 30 ཡི་གོང་རོལ་དུ་ཐོ་འགོད་གནང་རྒྱུ།
2. ཚོགས་གཙོས་སློབ་གྲྭའི་ནང་འགྲན་སྡུར་ཁག་གོ་སྒྲིག་གནང་རྒྱུར་གཙོ་འགན་བཞེས་རྒྱུ།
3. ཚོཊ་ཆུང་གི་དྲུང་ཆེས་ཕྱི་ནང་གི་འབྲེལ་ཡོད་མི་སྣ་དང་འཛིན་གྲྭ་སོ་སོའི་དགེ་སློབ་དང་འབྲེལ་མཐུད་གནང་རྒྱུ།
4.  ཚོགས་ཆུང་ནས་འགྲན་སྡུར་ཁག་སོ་སོའི་འགྲན་སྡུར་གྱི་སྒྲིག་གཞི་དང་། དུས་ཚེས་རེའུ་མིག་གཞིར་བཟུང་ལས་འཆར་དང་ལས་འགན་སོགས་གཏན་འབེབས་ཀྱིས་ལས་གཞི་མཇུག་སྐྱོང་གནང་རྒྱུ།
5.  འགྲན་སྡུར་ཁག་དང་འབྲེལ་བའི་བྱེད་སྒོར་སྔ་ཕྱི་བར་གསུམ་གྱི་ལས་གཞི་གཏན་འབེབས་དུས་ཚིགས་ལྟར་སྟངས་འཛིན་ནན་པོ་གནང་རྒྱུ།
6. བློ་འཛིན་བྲི་རྒྱུགས་སྐབས་ཚོགས་ཆུང་གི་ཚོགས་མི་དང་འབྲེལ་ཡོད་བོད་དགེ་ཆེད་བསྐོས་ཀྱིས་སློབ་མ་ཚོས་ཕན་ཚུན་རོགས་རེས་དང་བལྟ་བཤུ་སོགས་མི་བྱེད་ཆེད་གཟིགས་རྟོགས་ནན་པོ་གནང་རྒྱུ།
7.  བློ་འཛིན་བྲི་རྒྱུཊ་ནང་འཛིན་རིམ་བདུན་པ་དང་། བརྒྱད་པ། དགུ་པ་བཅས་ཀྱི་སྡེ་ཚན་གསུམ་གའི་ཁོངས་ནས་མིང་ཚིག་ཆད་པའམ་ཡིག་ནོར་མང་ཉུང་གི་ཆ་ནས་ཚད་གཞི་ལོན་མཁན་གྱི་འཛིན་གྲྭ་སོ་སོའི་མིང་དང་། དག་ནོར་གྱི་གྲངས། བརྒྱ་ཆ་ཐོབ་བབ་གཞིར་བཟུང་གི་མིང་ཐོ་རེའུ་མིག་གློག་འཕྲིན་བརྒྱུད་བསྐུར་རྒྱུ།
8.  འཛིན་རིམ་བཅུ་པ། བཅུ་གཅིག  གཅུ་གཉིས་བཅས་ཀྱི་སྡེ་ཚན་སོ་སོའི་སློབ་མར་དཔྱད་རྩོམ་གྱི་འགྲན་སྡུར་ལ་བརྒྱ་ཆ་ཇི་ཐོབ་གསལ་འཁོད་ཀྱི་རེའུ་མིག་གློག་འཕྲིན་བརྒྱུད་བསྐུར་རྒྱུ་དང་།

བློ་འཛིན་བྲི་རྒྱུགས། ༼འཛིན་རིམ་བདུན་པ་དང་། བརྒྱད་པ། དགུ་པ།༽ བློ་འཛིན་རྩ་བ་སྦྱོང་གཞི།

1.སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་དང་རྟགས་ཀྱི་འཇུག་པའི་སྙིང་པོ་དཀའ་གནད་གསལ་བའི་མེ་ལོང་། བོད་ཀྱི་དགེ་རྩ་ཚོགས་པའི་དྲ་རྒྱ་ལས་གཞུང་འདི་གཉིས་ཀྱི་རྩ་བ་ཕབ་ལེན་གྱིས་དཔར་བཤུས་སློབ་མ་ཚོར་འགྲེམ་རྒྱུ།    
2. ཕྱི་ཟླ་ 10 ཚེས་ 2 ཉིན་སློབ་གྲྭ་སོ་སོས་ཡུལ་དུས་གཏན་འབེབས་གནང་དོན་ལྟར་དུས་ཡུན་ཆུ་ཚོད་ 3 གྱི་ ནང་ཚུན་ལ་རྩ་བ་གཉིས་ཀྱི་བྲི་རྒྱུགས་ལེན་ཚར་བ་དགོས་རྒྱུ།

རང་གི་འཛིན་གྲྭ་བུམ་པ་དཀྲུག་རྒྱུའི་ཁོངས་སུ་འཚུད་པའི་ཚད་གཞི།

1. འཛིན་གྲྭ་བྱེ་བྲག་པ་སོ་སོའི་སློབ་མ་ཡོད་ཚད་ཀྱིས་བློ་འཛིན་གྱི་རྩ་བ་གཉིས་ཀ་ཆད་ལྷག་མེད་པར་འབྲི་ཐུབ་ཡོད་པས་མ་ཚད་འཛིན་གྲྭ་སོ་སོའི་སློབ་མ་གཅིག་གིས་ཀྱང་ཚིག་ཕྲེང་ཆད་པའམ་མིང་ཚིག་གི་དག་ཆ་ནོར་འཁྲུལ་ 21 ལྷག་བཟོས་ཡོད་རིགས་འགྲན་སྡུར་ནས་རང་བཞིན་གྱིས་འབུད་པ་དང་།  དེ་མིན་སུས་ཀྱང་མིང་ཚིག་གི་དག་ཆ་ནོར་འཁྲུལ་ 20 ལས་མང་བ་བཟོས་མེད་ན་འཛིན་གྲྭ་བྱེ་བྲག་པ་དེ་བུམ་པ་དཀྲུག་རྒྱུའི་ཁོངས་སུ་འཚུད་པ་ཡིན།
2. ཚད་གཞི་ལོན་མཁན་གྱི་འཛིན་གྲྭ་སོ་སོའི་སློབ་མ་ཆ་ཚང་གི་མིང་ཐོ་དང་། སློབ་གྲྭའི་ཨང་གྲངས། དག་ཆ་ནོར་གྲངས། བརྒྱ་ཆ་ཇི་ཐོབ་བཅས་ཁ་གསལ་ཕྱི་ཟླ་ 10 ཚེས་ 30 ཡི་གོང་དུ་གློག་འཕྲིན་བརྒྱུད་ Word དང་ PDF འདྲ་བཤུས་གཏོང་དགོས།
3.   བློ་འཛིན་བྲིས་ཤོག་རྣམས་འདི་ལོའི་ཕྱི་ཟླ་ 12 ཚེས་ 10 བར་ཉར་ཚགས་བྱེད་དགོས་ཏེ། དགོས་གལ་བྱུང་ཚེ་བུམ་པ་དཀྲུགས་ཏེ་བདམས་ཐོན་བྱུང་བའི་འཛིན་གྲ་དྲུག་པོའི་སློབ་མ་ཚོའི་བྲིས་ཤོག་རྣམས་བོད་ཀྱི་དགེ་རྩ་ཚོགས་པའི་འཐུས་མི་ཞིག་གིས་བྲིས་ཤོག་ལ་དཔྱད་ཞིབ་བྱེད་དགོས་པ་ཡོང་སྲིད།
4.  ཕྱི་ཟླ་ 11 ཚེས་ 20 ཉིན་ལེགས་སྐྱེས་ཀྱི་ཆེད་དུ་བུམ་པ་དཀྲུགས་ཏེ་འཛིན་གྲྭ་བདུན་པའི་སྡེ་ཚན་ 2 དང་། བརྒྱད་པའི་སྡེ་ཚན་ 2 དགུ་པའི་སྡེ་ཚན་ 2 བཅས་ཁྱོན་འཛིན་གྲྭ་ 6 ཡི་མིང་གདམ་རྒྱུ་དང་།  བདམས་ཐོན་བྱུང་བའི་འཛིན་གྲྭ་ 6 གི་ཁོངས་ནས་འཛིན་གྲྭ་སོ་སོ་ནས་སློབ་མ་རེ་རེའི་མིང་ཐོལ་གྱིས་བསྒྲུགས་ཏེ་དུས་ཚོད་གཏན་འབེབས་ཀྱིས་སློབ་གྲྭ་སོ་སོའི་ཡིག་ཚང་ནང་ཁ་པར་བརྒྱུད་ངག་རྒྱུགས་ལེན་རྒྱུ་དང་། ངག་རྒྱུགས་སྤྲོད་སྐབས་ཚིག་དོན་ལ་ཆད་ལྷག་ཐེངས་ 6 ལྷག་ཤོར་མི་ཆོག
 5.  སློབ་མ་དྲུག་པོ་ནས་སུས་ཀྱང་རྩ་ཚིག་ཆད་ལྷག་ཐེངས་ 6 ལས་མང་བ་ཤོར་སྟེ་ངག་རྒྱུགས་ཇི་བཞིན་མ་འཕྲོད་ན་ལེགས་སྐྱེས་ཀྱི་ཐོབ་ཆ་ནས་ཕྱེད་ཀ་གཅོག་རྒྱུ།
 6. ངག་རྒྱུགས་འཕྲོད་ནས་ལེགས་སྐྱེས་ཐོབ་མཁན་གྱི་འཛིན་གྲྭ་སོ་སོར་སློབ་གྲྭའི་ཡིག་ཚང་བརྒྱུད་ཕྱི་ཟླ་ 12 ཚེས་ 10 གོང་དུ་དངུལ་འཕྲོད་ཐབས་བྱ་རྒྱུ།

ལེཊ་སྐྱེས་ཀྱི་དངུལ་བབ་གང་ཐོབ་པ་དེ་འཛིན་གྲྭ་བྱེ་བྲག་པ་དེའི་སློབ་མ་ཡོངས་ཀྱིས་ཐུན་མོང་དུ་སྤྱོད་རྒྱུ།


རི་མོའི་སྒྱུ་རྩལ།  ༼འཛིན་རིམ་བཅུ་པ་དང་། བཅུ་གཅིག  བཅུ་གཉིས་༽ འགྲན་སྡུར་གྱི་བརྗོད་གཞི་དྲུག་ལས་གང་རུང་གཅིག་གདམ་དགོས།

༼1༽  བོད་ཆོལ་ཁ་གསུམ་གྱི་རྒྱན་གོས་མཆོར་པོ།       ༼2༽ བོད།  རི་མཐོ།  ས་གཙང་། ཞི་བའི་བསྟི་གནས།
༼3༽  བོད་ཀྱི་ལས་དབང་དང་དར་རྒུད་མཚོན་རིས།     ༼4༽བོད་ཀྱི་དགོན་སྡེའི་ཕྱི་ནང་གི་ཁོར་ཡུག
༼5༽  ངེད་ཀྱི་་སློབ་གྲྭའི་རྣམ་པའམ་ཁོར་ཡུག         ༼6༽  རིག་གཞུང་གི་ཕྱུག་པའི་བོད་ཀྱི་དུས་ཆེན།

ཚོན། ཆུ་ཚོན་དང་སྣུམ་ཚོན་གང་རུང་ཞིག   རྒྱུ་ཆ།  ཤོག་གུ་དཀར་པོ་དང་སྲབ་མཐུག་རན་པོ་ཡིན་དགོས།
ཆེ་ཆུང་།   A 2 paper size:    L 59.4 X W 42 cm  or  23.4 X 16.5 inches


རི་མོའི་འགྲེལ་བཤད།
རང་གིས་བརྩམས་པའི་རི་མོའི་མཚོན་དོན་གང་ཡིན་སོགས་ཀྱི་འགྲེལ་བཤད་མདོར་བསྡུས་ཤིག་ཤོག་ལྷེ་ A4 ལ་བྲིས་རི་མོའི་ཟུར་དུ་སྦྱར་དགོས། དེའི་སྟེང་རང་མིང་དང་། སྐྱེས་ཚེས།  མིང་གཞུང་ཨང་གྲངས། འཛིན་གྲྭ  སློབ་གྲྭའི་མིང་བཅས་གསལ་འཁོད་ཡོད་དགོས།

རི་མོའི་བདག་དབང་།

རི་མོ་བཏང་འབྱོར་བྱུང་པ་རྣམས་འགྲེམ་སྟོན་གོ་སྒྲིག་ཞུས་ཏེ་ཚོང་སྒྱུར་བྱས་པའི་རིན་བབ་བོད་ཀྱི་དགེ་རྩ་ཚོགས་པའི་བོད་ཕྲུག་ཚོའི་ཤེས་ཡོན་ལ་སྨན་པའི་རོགས་དངུལ་ཐོག་ཁ་གསབ་བྱ་རྒྱུ་དང་། རི་མོ་མ་བྲིན་པ་རྣམས་ཚོགས་པས་ཅི་དགར་བཀོལ་སྤྱོད་བྱེད་ཆོག་པའི་བདག་དབང་ཡོད།

རི་མོ་སྦྲག་ཐོག་བསྐུར་ཚེས།

རི་མོ་འབྲི་རྒྱུ་ཕྱི་ཟླ་ 6 པའི་ནང་གསལ་བསྒྲགས་བྱས་ཉིན་ནས་བཟུང་འགོ་བརྩམས་ཏེ་ཕྱི་ཟླ་ 8 པའི་ཚེས་ 31 གི་གོང་དུ་ལེགས་གྲུབ་ཟིན་ཏེ་གོ་སྒྲིག་དང་དཔྱད་འདེམ་ཚོགས་ཆུང་ལ་ཕུལ་ཟིན་དགོས།  ཚོགས་ཆུང་གིས་རི་མོ་རྩེ་གྲྭ་ལྔ་བདམ་སྒྲུག་གིས་འདི་ལོའི་སྤྱི་ཟླ་ 9 ཚེས་ 30 ཡི་སྔ་རོལ་དུ་འདིར་བཏང་འབྱོར་ཟིན་པ་དགོས།

དཔྱད་རྩོམ་དང་། བློ་འཛིན་བྲི་རྒྱུགས།  རི་མོའི་སྒྱུ་རྩལ་གྱི་འགྲན་སྡུར་ནང་འཐོབ་རྒྱུའི་དངུལ་གྱི་བྱ་དགའ།

འགྲན་སྡུར་ཁྲོད་ཨང་དང་གཉིས་ཀྱི་དབྱེ་བ་མེད་པར་ཕུལ་བྱུང་དཔྱད་རྩོམ་གསུམ་དང་ཕུལ་བྱུང་རི་མོ་གསུམ་བཅས་དྲུག་ལ་ཧིན་སྒོར་ 20,000 རེ།  དཔྱད་རྩོམ་དང་རི་མོའི་སྒྱུ་རྩལ་གྱི་བྱ་དགའ་ཧིན་སྒོར་ཁྲི་གཉིས་ནས་ཁྲི་གཅིག་སློབ་མ་རང་ཉིད་ལ་དབང་བ་དང་ཁྲི་གཅིག་རང་གི་འཛིན་གྲོགས་ཚོ་དང་མཉམ་སྤྱོད་བྱེད་དགོས་པ་ཡིན།  འཛིན་གྲོགས་ཞེས་པ་དེ་དཔེར་ན། རང་ཉིད་ཀྱི་འཛིན་གྲྭ་བཅུ་པ་ཀ་སྡེ་བྱེ་བྲག་པ་དེ་ལ་གོ་བ་ལས་འཛིན་གྲྭ་བཅུ་པའི་སྡེ་ཚན་སྤྱི་ཡོངས་ལ་གོ་བ་མིན།
    བློ་འཛིན་བྲི་རྒྱུཊ་ནང་ཚད་གཞི་ལོན་མཁན་གྱི་འཛིན་རིམ་སོ་སོའི་མིང་བུམ་པའི་ནང་དཀྲུགས་ཏེ་འཛིན་གྲྭ་བདུན་པ་ནས་གཉིས། བརྒྱད་པ་ནས་གཉིས། དགུ་པ་ནས་གཉིས་བཅས་ཁྱོན་འཛིན་གྲྭ་བྱེ་བྲག་པ་སྡེ་ཚན་ 6 བདམས་ཐོན་བྱུང་བ་ཚོར་ལེགས་སྐྱེས་སུ་འཛིན་གྲྭར་སློབ་མ་ 20 ལས་མང་བ་ཡོད་ན་ཧིན་སྒོར་ 20,000 རེ་དང་། སློབ་མ་ 19 ལས་ཉུང་བ་ཡོད་ན་ཧིན་སྒོར་ 15,000 རེ་བཅས་འཐོབ་རྒྱུ། འོན་ཀྱང་འཛིན་གྲྭའི་སློབ་མ་གཅིག་ཐོལ་གྱིས་བདམས་ཐོན་བྱུང་བ་དེས་ SKYPE བརྒྱུད་ངག་རྒྱུགས་ཇི་བཞིན་མ་འཕྲོད་ན་ལེགས་སྐྱེས་ཀྱི་དངུལ་ཕྱེད་ཀ་གཅོག་རྒྱུ།
ལེགས་སྐྱེས་གང་ཐོབ་པ་དེ་འཛིན་གྲྭ་བྱེ་བྲག་པ་དེའི་སློབ་མ་ཚོས་ཐུན་མོང་དུ་སྤྱོད་རྒྱུ།

གོ་སྒྲིག་དང་དཔྱད་འདེམ་ཚོགས་ཆུང་  5 ལ་དངུལ་གྱི་ལེགས་སྐྱེས་འཐོབ་རྒྱུ་ཡོད།

སློབ་གྲྭ་སོ་སོའི་ནང་དཔྱད་རྩོམ་དང་། བློ་འཛིན་བྲི་རྒྱུགས། དེ་བཞིན་རི་མོའི་འགྲན་སྡུར་བཅས་གོ་སྒྲིག་དང་དཔྱད་འདེམ་གནང་མཁན་གྱི་ཚོགས་ཆུང་ཁག་ཚང་མའི་མིང་ཕྱི་ཟླ་ 11 ཚེས་ 20 ཉིན་བུམ་པའི་ནང་དཀྲུགས་ཏེ་བདམས་ཐོན་བྱུང་བའི་ཚོགས་ཆུང་ 5 ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དུ་ཧིན་སྒོར་ 20,000 རེ་འཐོབ་རྒྱུ་ཡོད།

རྩོམ་དང་རི་མོ་སློབ་མ་རང་གི་ཡིན་དགོས་པ།

དཔྱད་རྩོམ་དང་རི་མོ་འབྲི་རྒྱུར་དགེ་ལས་ལ་བཅར་འདྲི་དང་།  སློབ་མ་ནང་ཁུལ་བགྲོ་གླེང་དང་གོ་བསྡུར། དཔྱད་གཞིའི་རྒྱུ་ཆ་དང་། རི་མོའི་ཆ་རྐྱེན་སོགས་གཡར་རེས་བྱེད་ཆོག་ཀྱང་།  འཐའ་མའི་དཔྱད་རྩོམ་དང་རི་མོ་དངོས་གཞིར་སུས་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་རོགས་མགོན་བྱེད་མི་ཆོག
     སློབ་གྲྭ་སོ་སོའི་གོ་སྒྲིག་དཔྱད་འདེམ་ཚོགས་ཆུང་གིས་དཔྱད་རྩོམ་དང་རི་མོ་འབྲི་རྒྱུ་བཅས་ཀྱི་གོ་སྒྲིག  སྟངས་འཛིན། དཔྱད་འདེམ། ཡིག་འབྲེལ་བྱ་རྒྱུའི་འགན་འཁྲི་འཐུས་ཚང་བཞེས་དགོས་ལ།  ཚོགས་ཆུང་གི་ཚོགས་གཙོས་དཔྱད་འདེམས་བྱས་པའི་དཔྱད་རྩོམ་རྩེ་ཕུད་ 5 དང་། རི་མོ་རྩེ་ཕུད་ 5 བདམས་པ་དེ་དག་སློབ་མ་རང་གི་བརྩམས་ཆོས་དངོས་ཡིན་པའི་མཚན་རྟགས་དང་དམ་ཕྲུག་སྦྱར་མའི་མཚམས་སྦྱོར་ཡིག་ཆུང་ཞིག་གློག་འཕྲིན་བརྒྱུད་ Word དང་ PDF འདྲ་བཤུས་བསྐུར་དགོས།

འགྲན་སྡུར་གྱི་རྒྱལ་ཁའི་གསལ་བསྒྲགས།

དཔྱད་རྩོམ་དང་། བློ་འཛིན་བྲི་རྒྱུགས། རི་མོའི་སྒྱུ་རྩལ་གྱི་འགྲན་སྡུར་ནང་མཐའ་མའི་རྒྱལ་ཁ་ཐོབ་མཁན་གྱི་མིང་གསལ་བསྒྲགས་དང་གསོལ་རས་འདི་ལོ་སྤྱི་ཟླ་ 11 པའི་ཚེས་ 20 ཉིན་བོད་ཀྱི་དགེ་རྩ་ཚོགས་པ་ཚུགས་ནས་ལོ་སུམ་ཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་སྐབས་དང་བསྟུན་ནས་སློབ་གྲྭ་སོ་སོ་དང་འབྲེལ་ཡོད་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲག་བྱས་ནས་ཕྱི་ཟླ་ 12 ཚེས་ 10 ཉིན་འབྲེལ་ཡོད་སློབ་གྲྭ་སོ་སོས་གསོལ་རས་འཕྲོད་ཐབས་བྱ་རྒྱུ།


དཔྱད་རྩོམ་དཔྱད་འདེམ་ཚོགས་ཆུང་གི་ཚོགས་མི།

1.  སླེ་ལུང་རིན་པོ་ཆེ་སྐུ་འཕྲེང་བཅུ་གཅིག་པ་མཆོག སླེ་ལུང་ཆོས་སྐོར་གླིང་།
2.  འབུམ་རམས་པ་མདའ་ཚན་བླ་མ་སྐྱབས། ཨོཀསི་ཕོརཌ་སློབ་གྲྭ་ཆེན་མོ།
3.  འབུམ་རམས་པ་ཚེ་རིང་སྟོབས་རྒྱལ། སྦར་མིཎ་གྷམ་སློབ་གྲྭ་ཆེན་མོ།
4.  སྒང་ཀ་ཚང་ཚེ་རིང་དོན་གྲུབ།  ཨོཀསི་ཕོརཌ་སློབ་གྲྭ་ཆེན་མོ།

རི་མོ་དཔྱད་འདེམ་ཚོགས་ཆུང་གི་ཚོགས་མི།

1.   Prof. Heather Stoddard. l’Institut National des Langues et Civilisations Orientales, Paris.
2.   David Pritzker, Rubin Museum, NYC, Wolfson, College, University of Oxford
3.  Prof. Clare Harris, Magdalen College, University of Oxford

4.   ཕུན་ཚོགས་དབང་རྒྱལ། བོད་ཀྱི་དགེ་རྩ་ཚོགས་པ་དབུ་བརྙེས་མཁན་དང་འགན་འཛིན་ཚོགས་གཙོ།
5.   སྒང་ཀ་ཚང་ཚེ་རིང་དོན་གྲུབ།  ཨོཀསི་ཕོརཌ་སློབ་གྲྭ་ཆེན་མོ། བོད་ཀྱི་དགེ་རྩ་ཚོགས་པའི་འགན་འཛིན།

འགྲན་སྡུར་མུ་མཐུད་ཐུབ་པའི་རེ་བ་དང་འཆར་གཞི།

འདི་ལོའི་འགྲན་སྡུར་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་སློབ་མ་ཚོའི་རྒྱབ་སྐྱོར། གདེངས་འཇོག་ཡག་པོ་འཐོབ་ན་ཕྱི་ལོར་ཀྱང་མུ་མཐུད་རྒྱུ་ཡིན་པས་ད་ལྟ་ནས་སློབ་མ་ན་ཆུང་ཚོས་སྤྱིར་བོད་ཡིག་ལ་དོ་སྣང་ཆེར་བསྐྱེད་དང་ལྷག་པར་དུ་སུམ་ཅུ་པ་དང་རྟག་འཇུག་གི་སྙིང་པོ་ཚིགས་སུ་བཅད་པ་སྔོན་ཚུད་ནས་བློ་འཛིན་གྲ་སྒྲིག་བྱེད་རྒྱུ། དེ་བཞིན་འཛིན་གྲྭ་གོང་མའི་སློབ་མ་ཚོས་རང་མི་རིགས་ཀྱི་ལོ་རྒྱུས་ལ་དཔྱད་ཞིབ་ཀྱིས་དཔྱད་རྩོམ་འབྲི་རྒྱུར་སྔར་བས་དོ་སྣང་ཆེ་ཙམ་གནང་རེ་ཡོད།

ཕུལ་བྱུང་རི་མོ་ལྔ་སྦྲག་ཐོག་བསྐུར་སའི་ཁ་བྱང་།
Tibet Foundation,
UK5 Westminster Bridge Road, London SE1 7XW 
nited Kingdom Phone:  0044  020 7930 6001

གློག་འཕྲིན་དྲ་རྒྱའི་འབྲེལ་གཏུག་ཁ་བྱང་།    
Competitions2015@tibet-foundation.org

ལོ་རྒྱུས་ཀྱི་དཔྱད་རྩོམ་ལ་གདེང་འཇོག་བྱེད་པའི་ཚད་གཞི་དོན་ཚན་ཉི་ཤུ།
1.  བརྗོད་བྱའི་གོ་དོན་ཇི་བཞིན་དུ་རྟོགས་ཏེ་གཙོ་གནད་གཞིར་བཟུང་གྱིས་ཞིབ་འཇུག་དང་།དབྱེ་ཞིབ།  གདེང་འཇོག་བཅས་བྱས་ཡོད་པ།
2.  དོན་དངོས་ཀྱི་བྱུང་བ་གཞིར་བཟུང་རང་གི་ལྟ་ཚུལ་ལམ་བསྒྲུབ་བྱ་ངོས་འཛིན་དང་། དེའི་སྒྲུབ་བྱེད་བཙལ་སྟེ་གཏན་ཚིག་ཐག་གཅོད་ཐབས་བྱས་ཡོད་པ།
3.  གཙོ་གནད་ཐད་རང་གི་ལྟ་ཕྱོགས་མངོན་གསལ་དོད་པོ་དང་དེ་ལ་རྒྱབ་རྟེན་གསལ་པོ་ཡོད་པ།
4.  རང་ལུགས་ལ་ལུང་དང་རིགས་པའི་རྒྱབ་རྟེན་ཡང་དག་པ་འཇོག་ཐུབ་ཡོད་པ།
5.  ཕ་རོལ་པོའི་ལྟ་གྲུབ་བམ་ལངས་ཕྱོགས་འཐད་ལྡན་མ་ཡིན་ན་མི་འཐད་པའི་རྒྱུ་མཚན་ཁུངས་དང་རིགས་པ་གཉིས་ཀྱི་སྒོ་ནས་དགག་པ་རྒྱག་ཐུབ་ཡོད་པ།                                                                             
6.  དགག་སྒྲུབ་གང་བྱས་ཀྱང་རྒྱབ་རྟེན་འབྲེལ་ཡོད་ཁུངས་ལུང་འདྲེན་པ་མ་གཏོགས་རང་དགར་གཞན་གྱི་དཔྱད་རྩོམ་སོགས་ལེབ་བཤུས་སམ་འབྲེལ་མེད་དུ་སྤྱོད་མེད་པ།
7.  དཔྱད་རྩོམ་དུ་དགོས་གལ་གཞིར་བཟུང་། གནས་ལུགས་ཇི་བཞིན་བརྗོད་པ།  གནད་དོན་གསལ་བཀྲོལ་བྱེད་པ། རྩོད་གཞི་ཅན་གྱི་གནད་དོན་ཐད་གཞན་ལུཊ་དགག་པ་དང་རང་ལུཊ་འཇོག་པའི་ཐབས་ལ་འབད་པ།
8.  ལྟ་གྲུབ་དང་ལངས་ཕྱོགས་གཉིས་ཀ་དཔྱད་བསྡུར་བྱས་ཡོད་པ་དང་། སྒྲུབ་ཕྱོགས་ཀྱི་རིགས་པའི་རྒྱབ་རྟེན་དུ་མཁོ་བའི་ཡིག་ཆ་གང་མང་ལ་རྒྱུས་མངའ་དང་བསྟེན་གཏུགས་བྱས་ཡོད་པ།
9.  སྒྲུབ་བྱེད་ཀྱི་ཁུངས་རྣམས་བཙན་པོ་ཡོད་པ།
10.  ཕ་རོལ་པོའི་འདོད་པ་དང་ལྟ་བ་ལ་བརྩི་བཀུར་དང་དཔྱད་ཞིབ་བྱེད་པའི་ཁྲོད་ནས། ད་གཟོད་བདེན་པ་ལ་             
  བདེན་ཁ་དང་ནོར་བ་ལ་སྐྱོན་འཛུགས་བྱེད་པ།
11. ལོ་རྒྱུས་ཀྱི་བྱུང་བ་གང་ཞིག་གི་བརྒྱུད་རིམ་ཇི་བཞིན་བརྗོད་པ་དང་། གནས་ཚུལ་དེ་དག་ལྷགས་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མིན་དཔྱད་ཞིབ་ཀྱིས་འགྲེལ་བཤད་བརྒྱབ་ཡོད་པ།
12. ལོ་རྒྱུས་རང་བཞིན་གྱི་དོན་རྐྱེན་དང་བྱུང་རིམ་གྱི་སྐོར་གསལ་བཀྲོལ་བྱེད་དུས་གང་དང་སུ། ནམ། ཅིའི་ཕྱིར།            
འབྲས་བུའམ་དེའི་ཕན་གནོད་སོགས་ཞིབ་འབྲི་བྱས་ཡོད་པ།
13.  དཔྱད་འབྲས་གཙོ་བོ་དེ་སྔ་མའི་མཁས་པའི་དཔྱད་དོན་བསྐྱར་ཟློས་བྱས་པ་མ་ཡིན་པ།
14.  བརྗོད་བྱ་དང་འབྲེལ་བའི་གནས་དོན་ཐད་གླེང་འདོད་པའི་གཏམ་གོ་རིམ་ལྡན་པ། སྔ་ཕྱི་ནང་འགལ་མེད་པ།དགག་སྒྲུབ་ཀྱི་གཏམ་ལ་རྒྱུ་མཚན་ཡང་དག་དང་ལུང་དང་རིགས་པའི་རྒྱབ་རྟེན་ངེས་ཅན་ཡོད་པ། ལུང་ཚིག་དྲངས་པའི་ཡོང་ཁུངས་གསལ་འགོད་ཡོད་པ། མགོ་སྔ་བར་གསུམ་ལུ་གུ་རྒྱུད་འབྲེལ་དུ་ཡོད་པ།
15.  སྙན་ངག་གི་རྒྱན་སོགས་མི་དགོས་ཀྱང་བརྡ་དག་སྦྱོར་གསུམ་ལ་འཁྲུལ་བ་ཉུང་བ།
16.  ཡིག་གཟུགས་ཆེ་ཆུང་འཚམ་ལ་ཀློག་བདེ་བ། ཡིག་འཕྲེང་གུང་སྒྲིག་པོ།
17. ཐོག་མའི་འགྲན་ཞུཊ་ཀྱི་དཔྱད་རྩོམ་འཁྱུག་ཡིག་གམ་ཚུགས་མ་འཁྱུག་ལག་བྲིས་ཡིན་པ་དང་། བདམས་ཐོན་བྱུང་པའི་ཕུལ་བྱུང་དཔྱད་རྩོམ་གསུམ་པོ་སྨོན་ལམ་མམ་ཧི་མ་ལ་ཡའི་ཡིག་གཟུཊ་གང་རུང་དུ་བྲིས་ཡོད་པ།
18.  རང་གི་དཔྱད་རྩོམ་དེ་དང་འབྲེལ་བའི་དཔྱད་གཞིའི་དཀར་ཆག་གསལ་འགོད་བྱས་ཡོད་པ།
19.  དཔྱད་རྩོམ་ཚིག་འབྲུ་ 3500 ལས་མི་ཉུང་བ་དང་ 4000 བརྒལ་མེད་པ་བཅས་སོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༥ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༦ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༩ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese