མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་རྒྱ་ནག་རྒྱ་མཚོའི་གྱོད་དོན་ཞུ་གཏུག

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་རྗེས་མའི་ནང་ཧྥི་ལེ་ཕིན་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཁང་ལ་རྒྱ་ནག་གཞུང་ གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་བྱེད་བཞིན་ཡོད་པའི་གྱོད་དོན་ཞུ་གཏུག་བྱ་རྒྱུ་ཡིན་འདུག

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཧྥི་ལེ་ཕིན་སྲིད་འཛིན་གྱི་མགྲིན་ཚབ་གཞོན་པ་ལྕམ་ཨཱ་བྷི་གྷལ་ཝལ་ཌེ་ (Abigail Valte) ལགས་ཀྱིས། ཟླ་རྗེས་མའི་ཚེས་ ༧ ནས་ ༡༣ ཉིན་བར་ཧྥི་ལེ་ཕིན་གཞུང་གིས་ཧོ་ལན་ཌིའི་གྲོང་ཁྱེར་ཧེག་ (Hague) ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྲིམས་ཁང་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཉིས་བར་རྩོད་གཞི་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་བྱེད་བཞིན་ཡོད་པར་ཞུ་གཏུག་བྱ་རྒྱུ་ཡིན་པ་མ་ཟད། ཞུ་གཏུག་དེར་རྒྱལ་ཁ་འཐོབ་རྒྱུའི་རེ་བ་ཡོད་སྐོར་བརྗོད་འདུག

རྒྱ་གར་དུས་བབ་དང་ཡཱ་ཧོ་གསར་ལམ་ཐོག་ཧྥི་ལེ་ཕིན་སྲིད་འཛིན་གྱི་མགྲིན་ཚབ་གཞོན་པ་ལྕམ་ཨཱ་བྷི་གྷལ་ཝལ་ཌེ་ལགས་ཀྱིས། ང་ཚོས་ཁ་མཆུ་ཆེན་པོ་ཞིག་ལ་ལག་པ་འཆང་ནས་གྲ་སྒྲིག་བྱས་ཡོད་སྟབས། ང་ཚོ་འགྱེལ་ས་ནས་ལངས་ཐུབ་པ་དང་། རྒྱལ་སྤྱིའི་ཁྲིམས་ཁང་ངོས་ནས་ཁ་མཆུ་འདིར་གཟིགས་སྐྱོང་གནང་བའི་ཡིད་ཆེས་བྱེད་ བཞིན་ཡོད་པ་མ་ཟད། ང་ཚོར་རྒྱལ་ཁ་འཐོབ་པའི་གདེང་ཚོད་ཆེན་པོ་ཡོད། ཅེས་བརྗོད་འདུག

དབྱིན་ཡུལ་གྱི་གྷར་ཌིན་དང་རོའུ་ཌར་གསར་ལམ་སོགས་སུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༢ ལོར་རྒྱ་ནག་གི་དམག་གྲུས་ཧྥི་ལེ་ཕིན་དང་རྒྱ་ནག་བར་རྩོད་ཉོག་ཡོད་པའི་སེ་ཁར་བྷོ་རོག་ཤོལ་ (Scarborough Shoal) དང་། དེ་རྗེས་ཋོ་མཱ་སེ་ཤོལ་ (Thomas Shoal) མཚོ་ཁུག་གཉིས་སུ་བཙན་འཛུལ་བྱས་ཡོད་པ་མ་ཟད། ༢༠༡༣ ལོའི་ཟླ་ ༡༡ པའི་ཚེས་ ༧ ཉིན་ཞི་བདེ་རྒྱ་མཚོའི་ཐོག་མཁའ་དབྱིངས་ཐིག་ཚད་བཟོས་ཤིང་། ༢༠༡༤ ལོའི་ཟླ་ ༢ པའི་ཚེས་ ༢༣ ཉིན་ཉི་ཧོང་དང་རྒྱ་ནག་གིས་བདག་དབང་རྩོད་ལེན་བྱེད་བཞིན་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་སཱིན་ཁཱ་ཁའོ་གླིང་ཕྲན་གྱི་ (Minamikojima) ཞེས་པའི་སྤྱི་གཡར་མཚོ་ཁུལ་དུ་རྒྱ་ནག་གི་མཚོ་དམག་གྲུ་གཟིངས་གསུམ་བཏང་སྟེ་བཙན་འཛུལ་བྱས་ཡོད། བདུན་ཕྲག་ཁ་ཤས་སྔོན་རྒྱ་ནག་གཞུང་གིས་ཧྥི་ལི་ཕིན་དང་རྒྱ་ནག་གི་རྩོད་གཞི་ཅན་གྱི་མཚོ་གླིང་སེ་ཧྥར་ལེའི (Spratlys) ཐོག་འཛུགས་སྐྲུན་ལས་གཞི་ཁག་གཅིག་སྤེལ་བཞིན་ཡོད་པ་དང་། ལོ་འདིའི་ཟླ་ ༥ ཚེས་ ༢༨ ཉིན་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཐོག་སྒྱོགས་མདེལ་རླངས་འཁོར་ཆེན་པོ་གཉིས་བཞག་ཡོད་པ་བཅས་ཀྱི་བརྙན་པར་ཐོན་ཡོད་པ་དང་། ཉེ་ལམ་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུགས་དང་མཚོ་ཁུལ་དུ་རྡོ་སྣུམ་སྔོག་འདོན་དང་མི་བཟོས་གླིང་ཕྲན་གསར་རྒྱག་སོགས་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དགྲ་བསགས་ཡོད་སྟབས། ཨ་རི་གཙོས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་ག་ཚོད་ཅིག་སྤྲད་ཀྱང་ཁ་ཡ་བྱེད་ཀྱི་མེད་པར་བརྟེན། ཧྥི་ལེ་ཕིན་གཞུང་གིས་ཕྱི་སྲིད་དྲུང་ཆེ་ཨལ་བྷར་ཌི་ (Albert del Rosario) ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་ཁྲིམས་རྩོད་པ་ཞིག་ཐེ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཧོ་ལན་ཌིའི་གྲོང་ཁྱེར་ཧེག་བསྐྱོད་དེ། རྒྱལ་སྤྱིའི་ཁྲིམས་ཁང་ལ་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ རྩོད་ལེན་བྱེད་བཞིན་ཡོད་པའི་ཁ་མཆུ་རྒྱག་རྒྱུ་ཡིན་ཡང་། རྒྱ་ནག་གཞུང་གིས་ཆ་ཤས་ལེན་རྒྱུ་མིན་སྐོར་བརྗོད་འདུག་ཅེས་སོགས་བཀོད་འདུག

ཧྥི་ལེ་ཕིན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅར་སེ་ཇཱོ་སེ་  (Charles Jose) ལགས་ཀྱིས། ཧེག་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྲིམས་ཁང་གིས་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཁ་མཆུ་འདིར་ཐག་གཅོད་བྱ་རྒྱུ་མ་ཟད། མ་འོངས་པར་གྱོད་དོན་འདིར་ཁ་མཆུ་གཉིས་པ་རྒྱག་ཆོག་པའི་ཆོག་མཆན་སྤྲོད་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་དང་། རྒྱལ་སྤྱིའི་གནད་དོན་ཆེད་མཁས་པ་ཨན་རན་སུང་ལགས་ཀྱིས། འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་ནག་དང་ཧྥི་ལི་ཕིན། མཱ་ལེ་ཞི་ཡ་དང་བྷུར་ཎེ། ཝེ་ཋི་ནམ་བཅས་ཀྱི་བར་རྩོད་རྙོག་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ལྷོ་ངོས་བྱེ་ གླིང་ཧྥེ་རའེ་ཁཱོར་སེ་རེབ་ (Fiery Cross Reef) མཚོ་གླིང་ཐོག་གནམ་ཐང་གཙོས་འཛུགས་སྐྲུན་ལས་གཞི་ཁག་གཅིག་གསར་རྒྱག་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དགྲ་བསགས་ཡོད་སྟབས། མ་འོངས་པར་རྒྱ་ནག་ཨུ་རུ་སུ་ལྟར་གྲོགས་མེད་ཁེར་རྐྱང་གི་རྒྱལ་ཁབ་ཅིག་ཏུ་ འགྱུར་ཏེ། ད་ལྟ་ལས་ལྷག་པ་དཔལ་འབྱོར་ཉམས་གུད་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༦ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༧ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese