མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་བོད་རང་བཙན་པར་རྒྱབ་སྐྱོར་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་ལྟེ་གནས་ཁག་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་པ་དང་བསྟུན་ཏེ་རྒྱ་ནག་གཞུང་གིས་ཀྱང་༧གོང་ས་མཆོག་ལ་སྐྱོན་བརྗོད་ཤུགས་ཆེ་རུ་བཏང་འདུག

ཁ་སང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་སྡེ་ཚན་གྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཁང་གི་འགན་འཛིན་ཟུར་བ་ལའུ་ཀོང་ཅིན་ (Lu Gangjin) གྱིས། ཨ་རིས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ཡོངས་ཁྱབ་ཏུ་བསྒྲགས་ཡོད་ཀྱང་། ད་དུང་བོད་རང་བཙན་འཐབ་རྩོད་པ་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། མི་ཁ་ཤས་རྒྱ་ནག་ནས་བྲོལ་བྱོལ་ཕྱིན་ཏེ་ཕྱི་ཕྱོགས་ཀྱི་ཁ་བྲལ་བ་དང་མཉམ་དུ་ལས་ཀ་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག ཁོས་བརྗོད་དོན། “ལོ་བརྒྱ་ཙམ་གྱི་སྔོན་ལ་ཨ་རིས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། ད་ལྟ་ཡང་བོད་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ཡོངས་བསྒྲགས་བྱས་ཡོད་ཀྱང་། ལྐོག་ནས་ད་དུང་ཨ་རིས་བོད་རང་བཙན་འཐབ་རྩོད་པར་རྒྱབ་སྐྱོར་བྱེད་བཞིན་འདུག ” ཅེས་བརྗོད་འདུག

རྒྱ་ནག་གཞུང་ཞབས་པ་ལའུ་ཀོང་ཅིན་གྱིས་ “མི་ཁ་ཤས་རྒྱ་ནག་ནས་བྲོས་བྱོལ་ཕྱིན་ཏེ་ཕྱི་ཕྱོགས་ཀྱི་ཁ་བྲལ་བ་དང་མཉམ་འབྲེལ་བྱས་ཏེ་གཞི་བརྟེན་མེད་པའི་མཐུན་རྐྱེན་སྐྲུན་བཞིན་པ་དེས་རྒྱ་ནག་ནང་དུ་འཚོ་སྡོད་བྱེད་བཞིན་པའི་མི་མང་ལ་བར་ཆད་བཟོ་བཞིན་ཡོད་པ་རེད།” ཅེས་དང་། “དེར་ཕྱི་ཕྱོགས་སུ་ཕུང་དཀྲུག་བྱེད་མཁན་གྱི་གྲྭ་བའི་ཚོགས་པ་ཆུང་ཆུང་ཁ་ཤས་ཡོད་པ་ངས་ཤེས་ཀྱིན་ཡོད།” ཅེས་སོགས་བརྗོད་འདུག

གསར་འགོ་པས། ད་ལྟའི་བར་བོད་མི་ ༡༤༠ ལྷག་གིས་རང་ལུས་མེར་བསྲེགས་གནང་ཏེ་ཁོང་ཚོས་༧གོང་ས་མཆོག་བོད་ནང་ཕྱིར་ཕེབས་ དགོས་པ་དང་བོད་ལ་རང་དབང་དགོས་པའི་འབོད་སྒྲའི་སྐོར་དྲི་བ་དྲིས་སྐབས། ཁོས་དྲག་སྤྱོད་དེའི་རིགས་རྒྱལ་སྤྱིའི་རྣམ་འགྱུར་ལ་དམིགས་ཡོད་པ་དང་། ༢༠༠༨ ལོར་པེ་ཅིན་ཨོ་རྩལ་སྐབས་བོད་རང་བཙན་འཐབ་རྩོད་པ་ཁ་ཤས་ཀྱིས་ཨོ་རྩལ་དཔལ་འབར་བརྒྱུད་སྤྲོད་ལ་གནོད་སྐྱོན་བཟོ་ཐབས་བྱས་ཏེ་རྒྱ་ནག་མི་མང་ལ་ཞེ་འཁོན་བསླངས་ཡོད་པ་དང་། ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་སྡུར་དེ་རྒྱ་ནག་ནང་འཚོགས་ན་འགྲིག་གི་མེད་པའི་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

ཁོས་མུ་མཐུད་དུ་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུའི་འཁྲུངས་སྐར་སྲུང་གཙིའི་སྐོར་ལ། “ཁོས་ཏཱ་ལའི་བླ་མའི་སྐྱེས་སྐར་ཐེངས་གཉིས་པ་ཟླ་བདུན་པའི་ཚེས་ ༦ ཉིན་ཨ་རི་ནས་སྲུང་གཙི་བྱེད་བཞིན་པ་དེའི་ནང་ལ་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པ་ཁྱོད་ཀྱིས་མཐོང་ཐུབ། ཁོ་ཆོས་ཀྱི་མགོ་ཁྲིད་ཅིག་ཡིན་སྟབས་ཆོས་ཕྱོགས་ཀྱི་བྱེད་སྟངས་ལ་ངས་འགྲེལ་བཤད་རྒྱག་གི་མེད། འོན་ཀྱང་ཁོ་ལ་མངོན་པར་མི་གསལ་བའི་ཆབ་སྲིད་ཀྱི་ཕུགས་བསམ་ཞིག་ཡོད་པ་མ་ཟད། ལོ་མང་པོ་ཞིག་ལ་ཁོས་དུས་རྒྱུན་དུ་རླབས་ཆེན་གྱི་བོད་རང་བཙན་ཟེར་བའི་ཐོག་ལས་ཀ་བྱེད་བཞིན་ཡོད་རེད།” ཅེས་བརྗོད་འདུག

ཁོས་བསྐྱར་བཤད་ནན་བརྗོད་ཀྱིས། པེ་ཅིན་གཞུང་གི་ལངས་ཕྱོགས་ནི། བོད་དེ་རྒྱ་ནག་དང་ཁ་འབྲེལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་མ་ཟད། ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་མེད་པ་ཡིན་ན་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུ་མ་ཟད། བོད་དང་རྒྱ་གར་གྱི་འབྲེལ་ལམ་ཡང་ད་ལྟ་ལས་ཡག་ཏུ་འགྲོ་བ་རེད། ཅེས་སོགས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

ཆུ་ཚོད་ ༢ སྔོན་ལ།
དྲ་ལམ་གྱི་པར།
Mobile App

བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།

༢༠༢༦/༠༩/༡༦
པར་མིའི་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོས་པེ་ཅིན་ལ་བསུན་པོ་བཟོ་དགོས།

༢༠༢༦/༠༩/༡༦
ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

༢༠༢༦/༠༩/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese