མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀེམ་ཇོན་ཨང་གི་སྐྱོན་ཚང་བརྟོལ།

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ད་བར་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇོན་ཨང་གིས་མི་ ༧༠ དམར་གསོད་བཏང་ཡོད་པའི་སྐྱོན་འཛུགས་བྱས་འདུག

དེ་རིང་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཡུང་བྷེ་ཡང་སེ་ (Yun Byung-se) ཡིས་རྒྱལ་ས་སོལ་ནང་འཚོགས་བཞིན་ཡོད་པའི་གླེང་སྟེགས་ཤིག་གི་སྟེང་། ༢༠༡༡ ལོ་ནས་ཀེམ་ཇོན་ཨང་གིས་བྱང་ཀོ་རི་ཡའི་དབང་ཆ་བཟུང་རྗེས། ད་བར་ཁོ་རང་དང་ཆབ་སྲིད་ལྟ་ཕྱོགས་མི་མཐུན་པའི་མཐོ་རིམ་དཔོན་རིགས་ཐེ་པའི་གནད་ཡོད་མི་སྣ་དང་མང་ཚོགས་ ༧༠ དམར་གསོད་བཏང་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ནས་ལྟ་ཕྱོགས་མི་མཐུན་པའི་མང་ཚོགས་ལ་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པའི་སྐྱོན་འཛུགས་བྱས་འདུག

ལྷོ་ཀོ་རི་ཡའི་ཡོན་ཧེབ་ (Yonhap) གསར་ཁང་གིས་ཕྱི་སྲིད་བློན་ཆེན་ཡུང་བྷེ་ཡང་སེའི་གཏམ་བཤད་ལུང་འདྲེན་བྱས་པའི་ནང་། ཀེམ་ཇོན་ཨང་གིས་བྱང་ཀོ་རི་ཡའི་དབང་ཆ་བཟུང་རྗེས། རྒྱལ་ཁབ་ནང་དྲག་པོའི་ཁྲིམས་གཞི་བསྡམས་ནས་མི་སྤྱོད་ལས་འདས་པའི་དྲག་གནོན་སྲིད་བྱུས་བཟུང་སྟེ། རང་ཉིད་དང་ལྟ་ཕྱོགས་མི་མཐུན་པའི་དཔོན་རིགས་དང་མི་སེར་དུ་མ་དམར་གསོད་བཏང་ཡོད་པ་མ་ཟད། བྱང་ཀོ་རི་ཡ་ནས་ལྷོ་ཀོ་རི་ཡ་ནང་བྲོས་བྱོལ་ལ་འགྲོ་མཁན་ཚོར་ལྷོ་ཀོ་རི་ཡའི་གཞུང་ལ་ངོ་ལོག་རྒྱག་དགོས་པའི་བརྒྱུད་སྐུལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འབྲེལ་ལམ་ལ་སྔར་ལྷག་དོ་ཕོག་གཏོང་བཞིན་འདུག ཅེས་བརྗོད་འདུག
ཨེ་ཕེ་གསར་ལམ་ཐོག་མིང་བརྗོད་འདོད་མེད་པའི་ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཞིག་གིས། ད་བར་ཀེམ་ཇོན་ཨང་གིས་བྱང་ཀོ་རི་ཡའི་མི་ ༩༠ ཙམ་དམར་གསོད་བཏང་ཡོད་པའི་ཡིད་ཆེས་བྱེད་བཞིན་ཡོད་པ་མ་ཟད། སྨྲ་བརྗོད་རང་དབང་ཚོད་འཛིན་དང་དམག་ཤུགས་ཀྱི་ནུས་སྟོབས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་འགུལ་ལུ་གུ་རྒྱུད་སྤེལ་ཏེ། ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད། ཅེས་བརྗོད་འདུག

༡༩༤༨ ལོ་ནས་བཟུང་ཀེམ་གྱི་ཁྱིམ་བརྒྱུད་ཀྱིས་བྱང་ཀོ་རི་ཡ་དབང་སྒྱུར་བྱས་རྗེས། ཀེམ་རིམ་བྱོན་གྱིས་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བའི་སྲིད་བྱུས་ལག་བསྟར་མ་བྱས་པར་རྒྱལ་ཁབ་བསྐྱངས་ཡོད་པ་མ་ཟད། ལྟ་ཕྱོགས་མ་མཐུན་པ་དང་གཞུང་ལ་དགག་པ་རྒྱག་མཁན་ཚོ་རྩ་མེད་བཟོས་ཏེ། མི་གཅིག་དབང་སྒྱུར་རིང་ལུགས་ཀྱི་དར་ཆ་འཕྱར་ནས་སྲིད་ཀྱི་འཁོར་ལོ་བསྐོར་བ་མ་ཚད། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་སྨྲ་བརྗོད་རང་དབང་བཀག་སྡོམ་སོགས་བྱས་སྟབས། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད། ༡༩༩༤ ནས་ ༢༠༡༡ ལོ་བར་ཀེམ་ཇོན་གཉིས་པས་བྱང་ཀོ་རི་ཡ་དབང་སྒྱུར་བྱས་རྗེས། རྒྱལ་ཁབ་གཞན་དང་ཚོང་དོན་དང་དམག་དོན་གྲོས་མཐུན་བཞག་སྟེ། རྒྱལ་ཁབ་འཕེལ་རྒྱས་དང་ཁྱིམ་མཚེས་རྒྱལ་ཁབ་ལྷོ་ཀོ་རི་ཡ་དང་འབྲེལ་མོལ་བསྐྱར་གསོ་ཐུབ་པ་སོགས་བྱས་ཏེ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་བྱང་ཀོ་རི་ཡའི་རྣམ་པ་གསར་པ་ཞིག་བསྐྲུན་ཡོད།

ཀེམ་ཇོན་གཉིས་པ་གྲོངས་རྗེས་ཁོང་གི་བུ་དང་ད་ལྟའི་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇོན་ཨང་གིས་ཕ་འདས་པའི་བྱས་རྗེས་ལ་མིག་དཔེ་མ་བལྟས་པར། རང་ཉིད་ཀྱི་དབང་ཆ་བརྟན་སྲུང་བྱ་ཆེད་དབང་ཤུགས་ཆེ་བའི་མཐོ་རིམ་དཔོན་རིགས་རྒན་གྲས་ཚོར་ཉེས་པ་འདྲ་མིན་བགྲངས་ཏེ་གནས་དབྱུང་གཏོང་མགོ་བཙུགས་པ་མ་ཟད། ༢༠༡༣ ལོར་བྱང་ཀོ་རི་ཡ་ནང་གི་དབང་ཤུགས་ཆེ་ཤོས་གཉིས་པ་ཡིན་པའི་ཨ་ཁུ་ཅང་སུན་ཋག་ (Chang Song-thaek ) ལ་རྒྱལ་ཁབ་ལ་རྒྱབ་གཏོད་བྱས་པའི་ཉེས་མིང་བཀལ་ཏེ་དམར་གསོད་བཏང་ཡོད། ༢༠༡༥ ལོའི་ཟླ་ ༤ ཚེས་ ༣༠ ཉིན་བྱང་ཀོ་རི་ཡའི་བདེ་སྲུང་བློན་ཆེན་དང་དམག་སྤྱི་གཅིག་ལྕོགས་ཡཱང་ཅོལ་ (Hyon Yong Chol) གྱིས། ཨུ་རུ་སུར་ཚོགས་པའི་རྒྱལ་སྤྱིའི་བདེ་སྲུང་ལྷན་ཚོགས་ཐོག་གཏམ་བཤད་སྤེལ་སྐབས། ཀེམ་ཇོན་ཨང་ (Kim Jong Un) ལ་བརྩི་བཀུར་མ་བྱས་པར་གང་བྱུང་སྐད་ཆ་བཤད་ཡོད་པ་མ་ཟད། དེ་སྔོན་བྱང་ཀོ་རི་ཡའི་དམག་སྦྱོང་འགྲེམས་སྟོན་ཞིག་གི་སྐབས་ལ། ཀེམ་ཇོན་ཨང་གི་བཀའ་ལ་མ་བརྩིས་པར་གཉིད་ཅོག་བརྒྱབ་ནས་དམག་དོན་འཐུས་ཤོར་བཏང་བ་སོགས་རྒྱལ་ཁབ་ལ་རྒྱབ་གཏོད་བྱས་པའི་ཉེས་མིང་ཁག་གཅིག་བགྲངས་ཏེ། མང་ཚོགས་ཀྱི་མཐོང་སར་དམར་གསོད་བཏང་བ་སོགས་ད་བར་མི་ ༧༠ ལྷག་དམར་གསོད་དང་བུད་མེད་མང་པོ་ཞིག་ལ་བཙན་གཡེམ་བཏང་ཡོད། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀའ་ལ་མ་བརྩི་འཇོག་མ་བྱས་པར་ཤུགས་ཚད་འབྲིང་བའི་སྒྱོགས་མདེལ་འདྲ་མིན་ཚོད་ལྟ་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་ལ་ཐེངས་མང་འཇིགས་སྐུལ་བྱས་ཡོད་སྟབས། ཨ་རིས་དཔལ་འབྱོར་ཉེས་ཆད་ཐེངས་གཉིས་བཀལ་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཉེན་བརྡ་བཏང་བ་སོགས་བྱས་ཏེ། ད་ལྟ་བྱང་ཀོ་རི་ཡ་གྲོགས་མེད་ཁེར་རྐྱང་གི་རྒྱལ་ཁབ་དང་ཀེམ་ཇོན་ཨང་མི་གསོད་ལག་དམར་བ་ཆགས་ཡོད།

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་ལྟ་ཀེམ་ཇོན་ཨང་གིས་སོ་སོའི་དབང་ཆ་བརྟན་སྲུང་བྱ་ཆེད་ནང་དགྲ་འདུལ་བཞིན་ཡོད་ཀྱང་། དཀའ་ངལ་ནང་ལྷུང་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་མ་གཏང་ཚེ། ཁོའི་རང་རྒྱལ་གཞན་ཕམ་གྱི་སྲིད་བྱུས་འདི་ཕམ་ཉེས་འགྲོ་ངེས་རེད་ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ་སོང་།

༢༠༢༦/༠༧/༠༥
Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

༢༠༢༦/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese