མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་དགུང་ལོ་ ༨༠ ལ་ཕེབས་ནའང་བོད་པ་ཚོས་ད་དུང་དཀའ་སྡུག་མྱོང་གི་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp
རི་ཅར་གྷེར་དང་ཎན་སི་ཕེ་ལོ་སི་གཉིས་ཀྱིས་བརྩམས། དོན་གྲུབ་ཀྱིས་བསྒྱུར།

ཕྱི་ཟླ་ ༧ ཚེས་ ༦ ཉིན་ནི་ངེད་གཉིས་ལ་ཀ་ཤུ་ཀ་ལྟར་གྱི་ཆོས་ཕྱོགས་ཀྱི་གདམས་ངག་སྩོལ་མཁན་དང་གྲོགས་འདྲིས་གནང་མཁན་གྱི་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་གྱ་སྟོན་ཡིན། ཁོང་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་ནས་རྟ་ཐོག་ལ་ཆིབས་ནས་རི་བོ་ཧི་མ་ལ་ཡ་བརྒལ་ཏེ། ༡༩༥༩ ལོར་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས་རྗེས། ཏཱ་ལའི་བླ་མ་མཆོག་འཛམ་གླིང་སྡིངས་ཆའི་སྟེང་སྙན་གྲགས་ཅན་གྱི་མི་སྣ་ཞིག་ཏུ་འགྱུར་ཡོད། ཁོང་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་མ་ཟད། ཁོང་གིས་གསུངས་པའི་འཛམ་གླིང་ཞི་བདེར་སྨན་པའི་མན་ངག་དང་། ཀུན་ཁྱབ་ཀྱི་བྱམས་བརྩེའི་རིན་ཐང་དང་ཆེ་མཐོང་ནི་ནམ་ཡང་གཞལ་བར་མི་ནུས་པ་ཞིག་ཡིན། མིའི་མི་ཚེའི་ནང་གྱ་སྟོན་གྱི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུ་ནི་བོད་ཙམ་མིན་པར། རིག་གཞུང་མི་གཅིག་པའི་འཛམ་གླིང་གི་ས་ཕྱོགས་གང་སར་གྱ་སྟོན་ནི་གལ་འགངས་ཤིན་ཏུ་ཆེ་བའི་དུས་ཚོགས་ཤིག་ཡིན་སྟབས། འདི་སྲུང་གཙི་ཞུ་འོས་པ་ཞིག་ཡིན་པ་མ་ཟད་ཕྱིར་དྲན་བྱེད་དགོས་པ་ཞིག་ཀྱང་ཆགས་ཡོད།

རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པས་དྲག་གནོན་ཅན་གྱི་སྲིད་བྱུས་བཟུང་སྟེ། བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ལ་སྐྱོན་འཛུགས་ལས་འགུལ་སྤེལ་བཞིན་ཡོད་སྟབས། ༢༠༠༩ ལོ་ནས་མགོ་བཙུགས་ཏེ་ད་བར་ཏཱ་ལའི་བླ་མའི་ཕ་ཡུལ་བོད་ནང་བོད་མི་ ༡༤༠ ལྷག་གིས་རང་ལུས་མེར་བསྲེགས་གནང་སྟེ། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ལ་ངོ་རྒོལ་གནང་ཡོད། ལོ་གཉིས་ཀྱི་སྔོན་ལ་རྒྱ་དམག་གིས་བོད་ནང་ཞི་བའི་ངང་འདུ་འཛོམས་བྱས་ནས་ཏཱ་ལའི་བླ་མའི་འཁྲུངས་སྐར་སྲུང་གཙི་ཞུ་མཁན་གྱི་བོད་མི་ཚོར་མེ་མདའ་བརྒྱབ་ཡོད་པ་དང་། ཉེ་ལམ་གསར་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་འདི་ལོའི་འཁྲུངས་སྐར་ཉིན་མོ་མ་འཆར་སྔོན་ལ་བོད་ནང་དམ་དྲག་ཤུགས་ཆེན་བྱས་ཏེ། བོད་མི་ཚོས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད།

ཏཱ་ལའི་བླ་མ་མཆོག་གིས་ཁོང་གི་མི་མང་ལ་དཔེ་ཟླ་བྲལ་བའི་ལེགས་སྐྱེས་དུ་མ་ཕུལ་ཡོད་པའི་ཁྲོད་ནས་གཅིག་ནི་ཕལ་ཆེར་ “སྐུ་མདུན་”ཞེས་པ་འདི་ཡིན་ཞིང་། མཚན་བྱང་འདིས་ཁོང་དང་བོད་ནང་གི་བོད་མི་བར་བྲལ་ཐབས་མེད་པ་དང་གཏིང་ཟིན་དཀའ་བའི་མཐུད་མཚམས་ཤིག་སྦྱོར་གྱིན་ཡོད། མཚམས་རེར་བོད་ནང་གི་བོད་མི་ཚོས་བོད་ནང་ལྟ་སྐོར་ལ་ཡོང་མཁན་ཚོར་སྤྲོས་མེད་ཀྱི་འཚམས་འདྲི་ཞུས་པ་དང་སྦྲགས། “ཁོང་གིས་གསུངས་པར་གསན་རོགས”ཞེས་རྗོད་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། བོད་ནང་གི་བོད་མི་ཚོས་ཏཱ་ལའི་བླ་མ་མཆོག་གི་མཚན་བོས་ན་ཉེན་ཚབས་ཆེན་པོ་འཕྲད་ཀྱི་ཡོད་སྟབས། ཁོ་ཚོས་ཏཱ་ལའི་བླ་མའི་ཚབ་ཏུ་སྐུ་མདུན་ཞེས་འབོད་ཀྱི་ཡོད་པ་རེད། དེ་བཞིན་བོད་རིགས་གཞོན་སྐྱེས་མང་པོ་ཞིག་གིས་སོ་སོའི་སྤྱི་ཚོགས་དྲ་ཚིགས་ཀྱི་མིང་བྱང་སྟེང་རྒྱ་ཡིག་གི་ཚིག་འགྲོས། “ངས་ཁོག་རྒྱ་ཆེ་ཙམ་བྱས་ཏེ་ཐག་རིང་ལ་བཞུགས་པའི་རྩ་བའི་བླ་མ་ཕྱིར་ཕེབས་རྒྱུར་རེ་སྒུག་བྱེད་བཞིན་ཡོད།”ཅེས་སོགས་བྲིས་ནས་སེམས་པ་མཚོན་པར་བྱེད་བཞིན་ཡོད།

ད་ལྟ་རྒྱ་རིགས་ཚོ་ཏཱ་ལའི་བླ་མ་མཆོག་གི་གསུང་ཆོས་དང་བོད་ཀྱི་རིག་གཞུང་། དེ་ཡང་དམིགས་བསལ་ནང་ཆོས་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་དེས། ག་རེ་འགྲེལ་བརྗོད་བྱས་པ་རེད་ཟེར་ན། ཁོང་ནི་རྒྱ་ནག་མི་མང་ལ་ཁ་གཏད་གཅོག་མཁན་ཞིག་མིན་པར། རྒྱུན་དུ་རྒྱ་ནག་གཞུང་གི་སྲིད་བྱུས་དང་མི་མང་བར་ལ་དབྱེ་བ་ཕྱེ་གནང་མཁན་ཞིག་ཡིན་པ་གསལ་པོ་ཆགས་ཡོད། ཁོང་ས་ཕྱོགས་ག་པར་ཕེབས་པ་ཡིན་ཡང་། ཁོང་གིས་བོད་ནང་གནས་སྐོར་ལ་འགྲོ་མཁན་དང་བོད་ཀྱི་དཀའ་སྡུག་གནས་སྟངས་ཏེ། བོད་མི་ཚོ་ཉིན་མཚན་ལྟོས་མེད་འཇུ་བཟུང་གི་ཞེད་སྣང་དང་མནར་གཅོད་ཀྱི་སྡུག་བསྔལ་མྱོང་བཞིན་པ་མཐོང་ཆོས་འགྱུར་མཁན་དང་། རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་ཏེ་ཁོང་གི་རྒྱ་ནག་དང་ཐའེ་ཝན། ཧོང་ཀོང་བཅས་ཀྱི་དད་ལྡན་པ་ཚོར་གསར་འགོད་ལྷན་ཚོགས་དང་འདུ་འཛོམས་ཐོག་ག་རེ་གསུང་གི་ཡོད་མེད་རྟོག་ཞིབ་བྱེད་མཁན་གྱི་རྒྱ་རིགས་གསར་འགོད་པ་དང་། དད་ལྡན་པ་ཚོ་ཐུག་ནས་བཀའ་སྡུར་གནང་གི་ཡོད་སྟབས། ད་ལྟ་ཁོང་གི་རླབས་ཆེན་མཛད་འཕྲིན་ལ་བརྟེན་རྒྱ་རིགས་མང་པོ་ཞིག་གིས་བོད་དོན་ཐོག་དོ་སྣང་གསར་པ་ཞིག་བྱེད་མགོ་བཙུགས་ཡོད།

  རྒྱ་རིགས་མང་པོ་ཞིག་གིས་ཏཱ་ལའི་བླ་མ་མཆོག་ལ་སེམས་འགུལ་ཐེབས་ནས་བོད་སྐོར་ཤེས་འདོད་བྱེད་མགོ་བཙུགས་ཡོད་པ་དེ་ནི། རྒྱ་ནག་གི་མ་འོངས་འཕེལ་རྒྱས་ལ་གལ་འགངས་ཆེན་པོ་ཆགས་ཡོད་ལ། ལྷག་པར་དུ་རྒྱ་རིགས་འདི་དག་ཁྲོད་ནས་མང་པོ་ཞིག་གིས་འཛམ་གླིང་གི་ཡང་སྟེང་དུ་འབོད་པ་བདེ་བ་ཅན་གྱི་ཞིང་ཁམས་ (Shangri-La) ཐོག་དོན་མེད་ཐབས་ཤེས་བྱས་ནས་སླེབ་ཐབས་བྱས་པ་ཞིག་ག་ལ་ཡིན། འདི་ནི་དཀའ་དུབ་ཅན་དང་བློ་གྲོས་ཀྱི་རྩལ་ཤུགས་ལས་ཐོན་པའི་ནང་ཁུལ་གྱི་འགྲུལ་བཞུད་ཅིག་ཡིན་པ་གང་ཞིག་ཕྱོགས་གཉིས་ཀྱི་ཐུན་མོང་འཐབ་རྩོད་གསལ་རྟོགས་དང་མངོན་པར་གསལ་བ་ཞིག་རང་ཆགས་ཡོད། ད་ལྟའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་རྒྱ་རིགས་དང་བོད་རིགས་ཚོས་ཐུན་མོང་ཐོག རང་དབང་དང་རང་དབང་གི་འབོད་སྒྲ་དབང་གཙོ་སྨྲ་བའི་རྒྱལ་ཁབ་ཀྱི་དབང་སྒྱུར་གྱི་མུན་ནག་ལས་བརྒལ་ཏེ། གཞན་གྱིས་གོ་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།

ང་ཚོས་ངེས་པར་དུ་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་འདི་ནི་འཁྲུག་རྩོད་དང་འཚེ་བས་ཡོངས་སུ་དཀྲུག་བཞིན་ཡོད་པའི་འཛམ་གླིང་འདིའི་མིག་དཔེ་ལྟ་ཡུལ་གྱི་དགོས་མཁོ་ཞིག་ཏུ་འགྱུར་ཐུབ་པ་བྱེད་དགོས། དེང་སང་བོད་ནང་མི་རབས་གསར་པ་ཚོས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཏེ། བོད་མིའི་རང་དབང་དང་། ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་ཡོད་པ་མ་ཟད། སློབ་ཕྲུག་ཚོས་ལག་གདངས་སྦྲེལ་ནས་རྒྱ་ནག་གཞུང་གི་སློབ་གསོ་ཁང་གི་བར་དུ་གོམ་བགྲོད་བྱས་ཏེ། སློབ་ཁྲིད་སློབ་དེབ་བོད་ཡིག་ནས་རྒྱ་ཡིག་ལ་བསྒྱུར་བཅོས་བཏང་བར་ངོ་རྒོལ་བྱས་ཡོད། ལྷག་པར་དུ་གཞོན་སྐྱེས་མང་པོ་ཞིག་གིས་རྩོམ་རིགས་སྒྱུ་རྩལ་གྱི་དུས་དེབ་སྟེང་སྤོབས་སེམས་ཆེན་པོའི་ཐོག་ནས་བོད་མིའི་ངོ་བོ་མཚོན་པའི་བོད་ཡིག་སྙན་ངག་བྲིས་ཏེ། རང་གི་མི་རིགས་དང་རྒྱལ་ཁབ་ལ་བཅངས་པའི་ལ་རྒྱ་མཚོན་པར་བྱེད་བཞིན་ཡོད། དེ་བཞིན་རྒྱ་ནག་གཞུང་གི་ལས་དོན་རུ་ཁག་གིས་དོ་དམ་ཤུགས་ཆེ་བྱེད་བཞིན་ཡོད་པའི་དགོན་སྡེ་ཁག་ཏུ། གྲྭ་གཞོན་ཚོས་ཁོ་ཚོས་ཏཱ་ལའི་བླ་མ་མཆོག་ལ་སྐྱོན་འཛུགས་མ་བྱས་ཚེ། རྒྱ་དམག་གིས་ཁོ་ཚོ་མཚན་གུང་སྐབས་དྲུད་ཤར་བཏང་ནས་བཙོན་འཇུག་བྱེད་ཀྱི་ཡོད་པ་ཤེས་བཞིན་དུ། སོ་སོའི་ཆོས་བརྒྱུད་ཀྱི་བཀའ་བསྟན་ལ་སློབ་གཉེར་དང་རྩ་བའི་བླ་མར་མི་འཇིགས་པའི་དད་སེམས་བཅངས་ནས་བཀའ་དགོངས་སྒྲུབ་བཞིན་ཡོད།

རྒྱ་ནག་རྒྱལ་སྤྱིའི་ཐོག་ཐབས་བྱུས་གྲོགས་འབྲེལ་གྱི་ཚད་གཞི་མཐོན་པོར་སླེབས་སྐབས། རྒྱལ་ཁབ་མང་པོ་ཞིག་གིས་སོ་སོའི་སྒྱུ་རྩལ་བ་དང་རང་དབང་ཅན་གྱི་བསམ་བློ་བ། ཁྲིམས་རྩོད་པ་དང་སྙན་ངག་པ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སོགས་བཙོན་འཇུག་བྱེད་མཁན་གྱི་གཞུང་དང་འགྲིག་འཇགས་བྱས་ནས་ཚད་ལས་བརྒལ་བའི་གུ་ཤངས་མང་པོ་བཏང་ཡོད། རྒྱལ་ཁབ་དེ་འདྲ་ལང་ཤོར་གཏོང་བ་དེ་ནི་དམངས་གཙོའི་རྒྱལ་ཁབ་ཁག་གི་རིན་ཐང་དང་མངོན་འདོད་ལ་མཐོང་ཆུང་བྱས་པ་རང་ཡིན་སྟབས། ང་ཚོས་ད་ལྟའི་རྒྱ་ནག་གི་མགོ་ཁྲིད་དང་དྲང་བདེན་དང་རིག་པ་དྭངས་གསལ་གྱི་འབྲེལ་ལམ་ཞིག་བཙུགས་ཐུབ་པ་བྱས་ཏེ། རྒྱ་ནག་ཡག་པོ་ཞིག་ཆགས་པ་དང་རྒྱ་རིགས་ཚོ་རྒྱལ་སྤྱིའི་འོས་འགན་སྒྲུབ་ཐུབ་མཁན་གྱི་ཆབ་འབངས་ཞིག་ཏུ་འགྱུར་རྒྱུར་སྐུལ་མ་གཏོང་དགོས།

ཏྰ་ལའི་བླ་མ་མཆོག་གིས་ཁོང་གི་སྐུ་ཚེའི་རིང་མི་དང་མིའི་བར་གྱི་མཛའ་བཤེས་ནི་སྨྲ་བརྗོད་རང་དབང་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་མ་ཟད། དེ་ཡང་དྲང་པོ་དྲང་བཞག་དང་གཅིག་གི་གཅིག་ལ་ཡིད་ཆེས་བྱས་ནས་སྐད་ཆ་ཤོད་དགོས་པ་བསྟན་ཡོད། ཏཱ་ལའི་བླ་མ་མཆོག་གི་ཕུགས་རྒྱང་རིང་པོའི་རླབས་ཆེན་དགོངས་གཞི་དང་དམིགས་ཡུལ་འདི་ནི། རྒྱ་ནག་བརྟན་སྲུང་གནང་བ་ཙམ་མིན་པར་རྒྱ་ནག་ནང་ཁ་ཡོད་ལག་ཡོད་ཀྱི་བདེ་འཇགས་བསྐྲུན་ཏེ། དེང་རབས་ཅན་གྱི་ཕྱོགས་སུ་གོམ་ཆེན་སྤོ་རུ་བཅུག་པ་དང་འབྲེལ་རྒྱལ་སྤྱིའི་ཐོག་གི་འོས་འགན་སྒྲུབ་མཁན་གྱི་མགོ་ཁྲིད་ཅིག་ཆགས་རྒྱུའི་གོ་སྐབས་བསྐྲུན་གནང་མཛད་ཡོད། དེར་བརྟེན། ད་རེས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་བརྒྱད་བཅུར་བཞེས་པའི་འཁྲུངས་སྐར་དང་བསྟུན་ཏེ། ང་ཚོས་ཁོང་དང་བོད་རིགས་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་ཞུ་རྒྱུ་དང་།  ཁོ་ཚོའི་གནད་དོན་འཛམ་གླིང་ཐོག་གསོན་པོར་གནས་ཐུབ་པའི་དམ་བཅའ་འཇོག་རྒྱུ་འདི་ལས་ལྷག་པ་ཁོང་ལ་ཆེ་མཐོང་ཞུ་རྒྱུའི་ཐབས་ལམ་བཟང་བ་གཞན་གང་ཡང་ཡོད་པ་མ་རེད།

ཟུར་མཆན།

རྩོམ་ཡིག་འདི་བོད་མིའི་འདི་ཕྱིའི་སྐྱབས་མགོན་༧གོང་ས་མཆོག་དགུང་གྲངས་ ༨༠ བཞེས་པ་དང་བསྟུན་ཏེ། ཨ་རིའི་ཧོ་ལེ་ཝོ་ཌའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་རི་ཅར་གྷེར་(Richard Gere)དང་། ཨ་རིའི་གྲོས་ཚོགས་འོག་མིའི་དམངས་གཙོ་ཚོགས་པའི་མགོ་ཁྲིད་ལྕམ་ཎན་སི་ཕེ་ལོ་སི་(Nancy Pelosi)མཆོག་གཉིས་ཀྱིས་མཉམ་འབྲེལ་ཐོག་བརྩམས་ཏེ། ཟླ་འདིའི་ཚེས་ ༥ ཉིན་ཨ་རིའི་གསར་ལམ་གྲགས་ཆེན་(The wall street journal)ཞེས་པའི་སྟེང་སྤེལ་འདུག

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese