མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རི་བ་ས་ཡ་ ༢༡ ལྷག་གི་གསང་བ་རྐུ་འཁྱེར།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp
ཁ་སང་ཨ་རིའི་གཞུང་གིས་དྲ་ཐོག་ལྐོག་འཛུལ་བས་ཨ་རིའི་མི་སེར་ས་ཡ་ ༢༡ ལྷག་གི་གསང་བ་རྐུ་འཁྱེར་བྱས་ཡོད་སྐོར་བསྒྲགས་འདུག

ཁ་སང་ཨོ་བྷ་མའི་སྲིད་གཞུང་གིས་དྲ་ཐོག་སོ་ཉུལ་བ་ཚོས་ཨ་རིའི་གཞུང་གི་དྲ་ཚིགས་དང་གློག་ཀླད་ཀྱི་མ་ལག་འཕྲུལ་ཆས་ནང་ལྐོག་འཛུལ་བྱས་ཏེ། ཨ་རིའི་ཡུལ་མི་ས་ཡ་ ༢༡ ལྷག་གི་གལ་ཆེའི་གསང་བ་དང་། སྤྱི་ཚོགས་ཀྱི་ཉེན་སྲུང་ལག་ཁྱེར་ཨང་གྲངས། མི་སྒེར་གྱི་ལས་ཀའི་ངོ་བོ་དང་སྡོད་གནས་ཁ་བྱང་སོགས་རྐུ་འཁྱེར་བྱས་ཡོད་སྐོར་ཕྱི་བསྒྲགས་བྱས་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དེ་ནི་རྒྱ་ནག་གཞུང་གིས་བྱས་པ་ཞིག་ཡིན་སྐོར་སྐྱོན་འཛུགས་བྱས་པར། རྒྱ་ནག་གཞུང་གིས་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ་འདུག

ནེའུ་ཡོག་དུས་བབ་ཀྱིས་ཨ་རིའི་མི་སྣ་བདག་སྐྱོང་ལས་ཁུངས་ཀྱི་སྐད་ཆ་ལུང་འདྲེན་བྱས་པའི་ནང་། དྲ་ཐོག་སོ་ཉུལ་བས་ཨ་རིའི་མི་སེར་ས་ཡ་ ༡༩།༧  ཙམ་གྱི་ལོ་རྒྱུས་དང་སྡོད་གནས་ཁ་བྱང་། འཕྲོད་བསྟེན་དང་དཔལ་འབྱོར་གནས་སྟངས། ཡུལ་མི་ས་ཡ་ ༡།༨ ཙམ་གྱི་བཟའ་ཟླ་དང་གྲོགས་པོ་སུ་ཡིན་མིན་སོགས་མི་སྒེར་གྱི་གསང་བ་བརྐུས་འདུག ང་ཚོས་གྱོད་དོན་འདིར་བརྟག་དཔྱད་བྱས་པ་བརྒྱུད་དེ། ད་རེབ་ཀྱི་གནས་ཚུལ་དེ་སྔོན་ཆད་སྲི་ཞུ་ལས་བྱེད་ས་ཡ་ ༤།༢ ཙམ་གྱི་གསང་བ་རྐུ་འཁྱེར་བྱེད་མཁན་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་སོང་། ཞེས་བརྗོད་འདུག

༢༠༡༤ ལོའི་ཟླ་ ༡༡ ནང་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་ལས་བྱེད་ཞིག་གིས་རྒྱ་ནག་གཞུང་གི་དྲ་ཐོག་གསང་ཉུལ་བ་ཚོས་ཨ་རིའི་ལས་བྱེད་ ༢༥༠༠༠ ལྷག་དང་། འདི་ལོའི་ལོ་མགོར་དྲ་ཐོག་གསང་ཉུལ་བས་ཨ་རིའི་འཕྲོད་བསྟེན་ཉེན་སྲུང་ཁེ་ལས་ (Anthem Inc.) དང་ (Premera Blue Cross)གཉིས་ཀྱི་དྲ་ཚིགས་ནང་སིམ་འཛུལ་བྱས་ཏེ་མི་ས་ཡ་ ༨ ཙམ་གྱི་གནས་ཚུལ་ལ་ལྐོག་ལྟ་བྱས་ཡོད། དེ་བཞིན། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༣ ཉིན་དྲ་ཐོག་གསང་ཉུལ་བས་ཨ་རིའི་ཡུལ་མི་དཔྱ་ཁྲལ་རྒྱག་མཁན་ ༡༠༠༠༠༠ ལྷག་གི་གསང་བ་བརྐུས་པའི་གནས་ཚུལ་བྱུང་ཡོད།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཇོན་ (John Boehner )གཙོས་པའི་གྲོས་ཚོགས་འཐུས་ཁག་ཅིག་གིས་ཨ་རིའི་མི་སྣ་བདག་སྐྱོང་ལས་ཁུངས་ (Office of Personnel Management) ཀྱི་འགན་འཛིན་ལྕམ་ཁཱ་ཋེ་རིན་ (Katherine Archuleta) ལགས་ཀྱིས་ལས་ཀ་འཐུས་ཤོར་བཏང་ཡོད་སྟབས། ཁོ་མོས་ལས་གནས་ནས་དགོངས་པ་ཞུ་དགོས་སྐོར་བརྗོད་ཡོད་འདུག

དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཧེ་རི་(Harry Reid) དང་འཐུས་མི་གཞན་ཁག་གཅིག་གིས་དེ་ནི་རྒྱ་ནག་གཞུང་གིས་བྱས་པ་ཡིན་སྐོར་སྐྱོན་འཛུགས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་པ་མ་ཟད། ཟླ་འདིའི་ཚེས་ ༩ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རིས་བརྟག་དཔྱད་ཞིབ་འཇུག་མ་བྱས་པའི་སྐད་ཆ་བཤད་ན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་རིང་རོའུ་ཊར་གསར་ལམ་ཐོག་ཨ་རིའི་མི་སྣ་བདག་སྐྱོང་ལས་ཁུངས་ཀྱི་འགན་འཛིན་ལྕམ་ཁཱ་ཋེ་རིན་ལགས་ཀྱིས། ངས་རང་འཁྲིའི་ལས་ཀར་ཆོད་སེམས་བརྟན་པོ་བཅངས་ནས་ལས་འགན་སྒྲུབ་བཞིན་ཡོད། ང་ཚོས་སོ་སོའི་ལས་ཁུངས་ཙམ་མིན་པར་གཞུང་གི་ལས་ཁུངས་ཁག་གི་དྲ་རྒྱའི་བདེ་འཇགས་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་པ་མ་ཟད། མ་འོངས་པའང་མུ་མཐུད་བྱ་རྒྱུ་ཡིན་སྟབས་ལས་གནས་ནས་དགོངས་ཞུ་བྱེད་དགོས་དོན་མེད་ཅེས་དང་། ཡང་དྲ་རྒྱའི་བདེ་འཇགས་སྐོར་གྱི་གནད་དོན་ཆེད་མཁས་པ་སྐུ་ཞབས་བྷུ་མན་ཧེག་རེག་ལགས་ཀྱིས། རྒྱ་ནག་གི་དྲ་ཐོག་སོ་ཉུལ་བ་ཚོས་ཨ་རིའི་གསང་བ་རྐུ་འཁྱེར་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁས་ལེན་བྱེད་ཀྱི་མེད་སྟབས། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་བརྟག་དཔྱད་མཐིལ་ཕྱིན་བྱས་ཏེ། རྒྱ་ནག་གཞུང་གི་བྱས་ཉེས་ཐེར་འདོན་བྱེད་དགོས་ཞེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།
 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist