མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུ་རྒྱ་ནག་ལ་བློ་ཁ་ཕྱོགས་རྒྱུ་དེ་འཁྲུལ་སྣང་ཡིན་དོན་ཅི།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp
རྩོམ་པ་པོ་བྷ་ཇོ་རན་ཌུ་བྷན། (Björn Düben)

ཕྱི་ཚེས་ ༨ ནས་ ༩ བར་ཨུ་རུ་སུ་གཞུང་གིས་རྒྱ་ནག་དང་རྒྱ་གར། བྷར་ཛེལ་དང་ལྷོ་ཨ་ཧྥི་རེ་ཁ་བཅས་ཀྱི་སྲིད་འཛིན་རྣམས་ལ་མགྲོན་བསུ་བྱས་ཏེ། ཨུ་རུ་སུའི་བྷ་ཞི་ཁོར་ཊོ་སི་ཐན་ (Russian republic of Bashkortostan) ནང་། དེང་སྐབས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བཞིན་པའི་མཉམ་འབྲེལ་རྒྱལ་ཁབ་ལྔ་ (BRICS) ཡིས་གྲུབ་པའི་ཆེས་མཐོའི་དཔོན་རིགས་ཚོགས་ཆེན་སྐབས་བདུན་པ་བསྡུ་སྐོང་བྱས་ཡོད་པ་དང་། དེ་ཡང་ཡུའུ་ཁི་རེན་རྩོད་གླེང་གི་ཐད་ནས་ཨུ་རུ་སུ་ནུབ་གླིང་རྒྱལ་ཁབ་ཁག་དང་འགལ་ཟླར་གྱུར་ཅིང་། མོ་སི་ཁོ་གཞུང་གིས་སྲིད་འབྱོར་གཉིས་ཀྱི་སྒོ་ནས་ཨེ་ཤ་ཡའི་དབུས་ཕྱོགས་འཁོར་ཏེ། ནུབ་གླིང་གི་རྒྱལ་ཁབ་ཁག་ལ་རྒྱབ་གཏད་སྲིད་པའི་སེམས་འཚབ་ཀྱི་མེ་སྟག་མཆེད་ཀྱིན་པའི་དུས་སྐབས་འདིར། གོང་སྨོས་བགྲོ་གླེང་ཚོགས་ཆེན་དེ་འདྲ་ཞིག་བསྡུས་པ་རེད།

ཉེ་ལམ་ཉི་ཧོང་གིས་ནུབ་གླིང་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཏང་བ་ནས་བཟུང་། རྒྱ་གར་དང་ཨུ་རུ་སུའི་ཉོ་འཚོང་མཉམ་འབྲེལ་ལ་འགྲན་རྩོད་རང་བཞིན་གྱི་བྱེད་ནུས་ཕྲན་བུ་ལས་ཐོན་གྱི་མེད་པ་དང་། མོ་སི་ཁོ་སྲིད་གཞུང་ཨེ་ཤ་ཡའི་ཕྱོགས་སུ་འཁོར་པ་ལས་ཀྱང་རྒྱ་ནག་གི་ཕྱོགས་སུ་འཁོར་རྒྱུ་དེ་ཧ་ཅང་རྩ་འགངས་ཆེན་པོ་ཆགས་ཡོད་ལ། ཡུའུ་ཁི་རེན་རྒྱལ་ནང་ལ་དུས་འགྱུར་བྱུང་བའི་ཟླ་བ་འདི་དག་རིང་། མོ་སི་ཁོ་གཞུང་གིས་རྒྱ་ནག་དང་མཉམ་འབྲེལ་ལས་གཞི་ (རྒྱལ་ཁབ་གཉིས་བར་དངུལ་ཁང་གནས་སྤོར་དང་བུན་གསབ་སྡེ་ཁག་མཉམ་འབྲེལ་བཅས་ཀྱི་བྱེད་ཐབས་གསར་བ) མང་པོ་ཞིག་ཁྱབ་བསྒྲགས་བྱས་པ་དང་། དེ་ཡང་རྒྱལ་ཁབ་གཉིས་བར་དཔལ་འབྱོར་འཛུགས་སྐྲུན་དང་ཐུན་མོང་དུ་སྤྱོད་པའི་མ་དངུལ་འཇོག་ཐབས་ཤིག་ཡིན་ཞིང་། དེ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱིས་རང་དབང་གི་སྒོ་ནས་ནུབ་གླིང་གི་མ་འཇོག་ཚོགས་སྡེ་གཙོ་བོ་ཁག་དང་མཉམ་ལས་བྱ་ཐུབ་སྲིད་པ་རེད།

དེར་མ་ཟད། རྒྱ་ནག་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ད་དུང‘ནུབ་གླིང་གི་འཛམ་གླིང་དངུལ་ཁང་གཙོ་བོ’དང‘རྒྱལ་སྤྱིའི་དངུལ་ལོའི་ཐེབས་རྩ’ ‘ཡར་རྒྱས་དངུལ་ཁང་གསར་བ’སོགས་ཀྱི་བར་འདམ་ག་བྱེད་པའི་ཤར་ནུབ་རྒྱལ་ཁབ་ཁག་གི་གྲས་སུའང་ཚུད་ཡོད་པ་དང་། དངུལ་ཁང་འདི་དག་དང་མཉམ་འབྲེལ་ཐོག་དཔལ་འབྱོར་ཁྲོམ་རའི་མ་རྐང་གསར་འཛུགས་དང་གོང་སྨོས་མཉམ་འབྲེལ་རྒྱལ་ཁབ་ཁག་ལྔའི་དཔལ་འབྱོར་འདུ་འགོད་ཀྱི་ལས་འཆར་གཞན་དག དེ་བཞིན། ཨ་སྒོར་ཁྲག་ཁྲིག་ ༡༠༠ ཡི་འགྲོ་རྒྱུག་ཟུར་འཇོག་དམིགས་བསལ་ཐེབས་རྩ་སོགས་ལ་བརྟེན་ནས། དེང་གི་འཛམ་གླིང་དཔལ་འབྱོར་འདུ་འགོད་ཀྱི་ཉམ་ཉེས་སྲུང་སྐྱོབ་དང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་མཐུན་སྦྱོར་བྱ་རྩིས་བཅས་ཡིན་པ་རེད།

གང་ལྟར། དེང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་ནུས་གཙོ་བོ་དེ་ནུས་ཤུགས་ཐོན་སྐྱེད་ཆགས་ཡོད་པ་དང་། ༢༠༡༤ ལོའི་ཟླ་ ༥ ནང་རྒྱ་ནག་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱིས་རང་བྱུང་སོལ་རླངས་ཐོན་སྐྱེད་ཐད་ལ་ཨ་སྒོར་ཁྲག་ཁྲིག་ ༤༠༠ གྲོས་ཆིངས་བཞག་ཅིང་། དེའི་ཁྲོད་དུ་རྒྱ་ནག་བྱང་ཤར་ནས་ཨུ་རུ་སུའི་མངའ་ཁུལ་སེ་བྷི་རེ་ཡའི་ཤར་རྒྱུད་བར་ཏེ། ལེ་དབར་ ༢༠༠༠ རིང་ཚད་ལ་སོལ་རླངས་སྦུགས་ལམ་འདྲེན་པའི་ཨར་ལས་འཛུགས་སྐྲུན་གྱི་ལས་གཞི་ཡང་ཚུད་ཡོད། ད་དུང་ལོ་སྔོན་མའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཨུ་རུ་སུའི་མངའ་ཁུལ་སེ་བྷི་རེ་ཡའི་ (Siberia) ནུབ་རྒྱུད་ནས་རྒྱ་ནག་གི་མངའ་ཁུལ་དུ་འདོད་པའི་ཞིན་ཅིང་མི་རིགས་རང་སྐྱོང་ལྗོངས་དབར་ཐེངས་གཉིས་པའི་སོལ་རླངས་སྦུགས་ལམ་འཛུགས་སྐྲུན་ལས་གཞིའི་ཐད་ལ་མོས་མཐུན་མིང་རྟགས་བཀོད།

རེབ་འདིའི་སོལ་རླངས་སྦུགས་ལམ་དེ་ཡ་གླིང་ཨེ་ཤ་ཡའི་དབུས་ཁུལ་གྱི་ཨལ་ཐེ་ (Altai) རི་རྒྱུད་ནས་འདྲེན་འཆར་ཡོད་པ་རེད། གོང་སྨོས་སེ་བྷི་རེ་ཡའི་ཤར་རྒྱུད་ཀྱི་སོལ་རླངས་སྦུགས་ལམ་དང་མི་འདྲ་བར། རི་བོ་ཨལ་ཐེ་རྒྱུད་ཀྱི་སོལ་རླངས་སྦུགས་ལམ་དེ་སི་བྷི་རེ་ཡའི་ནུབ་རྒྱུད་ཀྱི་སོལ་རླངས་སྦུགས་ལམ་དང་གཅིག་མཚུངས་ཡིན་ཞིང་། ཉེ་བའི་ཆར་སོལ་རླངས་སྦུགས་ལམ་འདི་དག་ལས་ཡུ་རོབ་གླིང་ལ་སོལ་རླངས་ནུས་ཤུགས་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དེས། མོ་སི་ཁོ་སྲིད་གཞུང་ལ་ཤར་ནུབ་རྒྱལ་ཁབ་ཁག་བར་སོལ་རླངས་ནུས་ཤུགས་མཁོ་སྤྲོད་དང་བརྗེ་གཏོང་བྱེད་པའི་འཇོན་ཐང་འཕར་མ་ཞིག་སྤྲོད་ཀྱི་ཡོད།

མོ་སི་ཁོ་སྲིད་གཞུང་གིས་ད་དུང་སྔར་བྱུང་མ་མྱོང་བའི་གོམ་གང་མདུན་སྤོས་ཀྱིས། རྒྱ་ནག་གི་མ་འཛུགས་ལ་བརྟེན་ནས་རྡོ་སྣུམ་དང་སོལ་རླངས་ཐོན་ཁུངས་ཁག་ཅིག་སྔོག་འདོན་བྱེད་ཀྱི་ཡོད་ཅིང་། གཙོ་བོ་སེ་བྷི་རེ་ཡའི་ནུབ་རྒྱུད་ཀྱི་སོལ་རླངས་གཏེར་ཁ་དང་གཞི་རྒྱ་ཆེ་བའི་བལ་ཀོར་རྡོ་སྣུམ་གཏེར་ཁ་ (Vankor oil field) སོགས་ནས་ཐོན་སྐྱེད་བྱེད་ཀྱི་ཡོད།

སྔོན་ཆད་མོ་སི་ཁོ་སྲིད་གཞུང་གིས་དམག་དོན་ལ་རྩ་འགངས་ཆེན་པོ་ཆགས་ཡོད་པའི་རང་རྒྱལ་གྱི་ནུས་ཤུགས་ཐོན་སྐྱེད་ཐད་ཀྱི་རྒྱ་ནག་གི་གནོན་ཤུགས་ལ་བཀའ་འཁྲོལ་ཞུ་འདོད་མེད་སྟབས། ཉེ་བའི་ཆར་ནས་ལག་བསྟར་བྱེད་བཞིན་པའི་བྱ་འགུལ་འདི་རིགས་ལ་གཡོལ་བ་མ་ཟད། ཉེ་ལམ་ད་དུང་སྣུམ་འཁོར་ཐོན་ལས་ཚུད་པའི་རྒྱ་ནག་གི་ཐོན་སྐྱེད་མ་འཛུགས་བྱེད་མཁན་ཁག་ཅིག་གི་འབྲེལ་ལམ་ཡང་བཅད་ཟིན།

དེང་སྐབས་རྒྱ་ནག་གི་ཉོ་ཚོང་ཁང་མང་པོས་ཨུ་རུ་སུའི་ཉོ་ཚོང་ཁང་ཁག་ལ་བཟོ་ལས་རིག་རྩལ་མཁོ་སྤྲོད་བྱེད་ཀྱི་ཡོད་ཀྱང་། ནུབ་གླིང་གི་ཆོག་མཆན་ཐོབ་མེད་སྟབས། ཁོ་ཚོས་ལས་དོན་འདི་དག་ལག་བསྟར་བྱེད་ཐབས་ཡོད་པ་མ་རེད། ཨུ་རུ་སུའི་དཔལ་འབྱོར་འདུ་འགོད་ལ་ཐེབས་པའི་ཉེས་སྐྱོན་དེའི་དབང་གིས་རྒྱ་ནག་གི་དངུལ་ཁང་ཁག་ནི་ཨུ་རུ་སུར་མཚོན་ན་བུན་དངུལ་གྱི་ཡོང་ཁུངས་གཙོ་བོ་ཞིག་ཆགས་ཡོད།

ཡིན་ནའང་། རྒྱལ་ཁབ་གཉིས་ཀྱི་ཉོ་འཚོང་མཉམ་འབྲེལ་ལས་གཞི་མགོ་བཙུགས་ནས་ལོ་ངོ་གཅིག་ལྷག་འདས་རྗེས། ལས་དོན་འདི་ལ་མངོན་གསལ་གྱི་འཕེལ་རྒྱས་ཆེན་པོ་ཞིག་མ་ཐོན་ལ། དེ་དང་མཉམ་དུ་ལས་གཞི་གཞན་ཁག་ཅིག་ཀྱང་རང་བཞིན་གྱིས་འདོར་དགོས་བྱུང་བ་རེད།

རྒྱ་ནག་གཞུང་ཨེ་ཤ་ཡ་འཛུགས་སྐྲུན་མ་འཇོག་དངུལ་ཁང་ (AIIB) ཡར་རྒྱས་སུ་གཏོང་རྒྱུར་དང་ཞེན་ཆེན་པོ་ཡོད་ཅིང་། མོ་སི་ཁོ་སྲིད་གཞུང་ལས་གཞི་འདིའི་ནང་ཞུགས་རྒྱུར་ཐེ་ཚོམ་སྐྱེ་བཞིན་ཡོད་ལ། རྙོག་འཛིང་ཆེ་བའི‘ཡར་རྒྱས་དངུལ་ཁང་གསར་བ’འཛུགས་སྐྲུན་ལས་རིམ་དང་བསྡུར་ན། དེ་གར་ཁོངས་མི་གཞན་གྱི་གོ་དབང་དང་ཁེ་ཕན་དེ་འདྲ་ལོངས་སུ་སྤྱོད་རྒྱུ་གང་ཡང་ཡོད་པ་མ་རེད། པེ་ཅིན་གཞུང་ཨེ་ཤ་ཡ་འཛུགས་སྐྲུན་མ་འཇོག་དངུལ་ཁང་ཡར་རྒྱས་ལས་གཞིའི་ནང་བཙན་གྱིས་འཛུལ་ཏེ། རྒྱལ་ཁབ་གཞན་མང་པོ་ལས་གཞི་འདིའི་ནང་མཉམ་ཞུགས་བྱེད་པར་འབྲེལ་འདྲིས་དང་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། ཨུ་རུ་སུས་ཡང་ནས་བསྐྱར་དུ་དངུལ་ཁང་འདིའི་ནང་མཉམ་ཞུགས་བྱེད་པའི་རྒྱ་ནག་གི་གོ་བསྐོན་བློ་འགུག་དང་ལེན་བྱེད་ཀྱི་མེད་ནའང་། མཐའ་མར་དངུལ་ཁང་གསར་བསྐྲུན་ཁོངས་མིར་ཞུགས་པའི་དུས་བཀག་གི་ཉིན་འགའི་སྔོན་ཏེ། ཕྱི་ཟླ་ ༣ ནང་མོས་མཐུན་གྱི་མིང་རྟགས་བཀོད་ཡོད་པ་མ་ཟད། ཐ་ན་ནུས་ཤུགས་ཐོན་སྐྱེད་ཀྱི་ཐད་ནས་ཀྱང་རྒྱལ་ཁབ་གཉིས་ཀྱིས་སོ་སོའི་ལས་འཆར་ལག་བསྟར་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།

༢༠༡༤ ལོའི་ཟླ་ ༩ པའི་ནང་རྒྱལ་ཁབ་གཉིས་ཀྱིས་ཤར་རྒྱུད་སྦུགས་ལམ་འཛུགས་སྐྲུན་མགོ་བཙུགས་ཡོད་ནའང་། ཕྱོགས་གཉི་གས་དེ་སྔོན་རྒྱ་ནག་གཞུང་གིས་ཁག་ཐག་བྱས་པའི་སྦུགས་ལམ་གསར་བསྐྲུན་གྱི་འགྲོ་གྲོན་ཨ་སྒོར་ཁྲག་ཁྲིག་ ༢༥ གཏོང་རྒྱུའི་ཐད་ལ་གྲོས་མཐུན་བྱུང་མེད་སྟབས། ཉེ་བའི་ཆར་དཔལ་འབྱོར་དབྱེ་ཞིབ་པ་ཚོས། སོལ་རླངས་ཐོན་སྐྱེད་ལས་གཞི་དེ་ ༢༠༡༨ ལོར་མགོ་འཛུགས་ཐུབ་མིན་སྐོར་ལ་རེ་དོགས་ཀྱིས་རྩོད་གླེང་བྱེད་མུས་ཡིན་ཞིང་། ལོ་སྔོན་མའི་ཕྱི་ཟླ་ ༩ ནང་ཨུ་རུ་སུའི་མ་དངུལ་མཉམ་འབྲེལ་ཚོང་གཉེར་ཁང་ (Gazprom) གི་དཔོན་རིགས་ཤིག་གིས། འགྲོ་གྲོན་ཐད་ཀྱི་གནད་དོན་དེ་ད་དུང་ཐག་ཆོད་བྱུང་མེད་སྐོར་བརྗོད་བྱུང་།

མ་ཟད་རྒྱལ་ཁབ་འདི་གཉིས་ཀྱིས་གོང་སྨྲས་རི་བོ་ཨལ་ཐེའི་ནུབ་རྒྱུད་ཀྱི་སོལ་རླངས་མཁོ་འདྲེན་དང་མ་དངུལ་འཛུགས་བསྐྲུན་སོགས་ཕྱོགས་མང་པོ་ནས་དཔལ་འབྱོར་འདུ་འགོད་མཉམ་འབྲེལ་ལ་མོས་མཐུན་བྱུང་ཞིང་། སྤྱིར་ ཨུ་རུ་སུའི་སོལ་རླངས་འབོར་ཆེན་ཡ་གླིང་ཨེ་ཤ་ཡའི་དབུས་ཁུལ་གྱི་སྦུགས་ལམ་བརྒྱུད་ནས་རྒྱང་རིང་བའི་རྒྱ་ནག་གི་ས་ཁུལ་ཁག་ནང་སྐྱེལ་འདྲེན་བྱེད་པ་དང་། རྒྱ་ནག་ཤར་རྒྱུད་ཀྱི་བཟོ་ལས་ཐོན་སྐྱེད་ལྟེ་གནས་ཁག་ཏུ་སོལ་རླངས་དགོས་མཁོ་ཆེ་ནའང་། པེ་ཅིན་གཞུང་གིས་ཨུ་རུ་སུའི་སོལ་རླངས་ནང་འདྲེན་ལ་འདོད་བློ་ཚིམས་པའི་རིན་གོང་སྤྲོད་ཀྱི་ཡོད་པ་མ་རེད་ལ། དེ་དང་དུས་མཚུངས་སུ། རྒྱ་ནག་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱིས་དུས་ཡུན་རིང་བོར་བལ་ཀོར་རྡོ་སྣུམ་གཏེར་ཁ་དང་སོལ་རླངས་གཏེར་ཁ་སོགས་རྒྱ་ནག་གི་དམིགས་འབེན་དུ་བཟུང་བའི་ཐོན་ཁུངས་འདི་དག་སྔོག་འདོན་དང་མཁོ་འདྲེན། ཉོ་འཚོང་བཅས་ཀྱི་ཐད་ལའང་མོས་མཐུན་བྱུང་ཡོད་པ་མ་རེད།

ཨུ་རུ་སུ་དང་རྒྱ་ནག་གི་དཔལ་འབྱོར་འདུ་འགོད་བཀག་རྒྱ་དེ་ཡང་ཕྱོགས་གཅིག་ནས། པེ་ཅིན་གཞུང་གིས་ཡུའུ་ཁི་རེན་གྱི་རྩོད་རྙོག་ལ་གསལ་འདེབས་བྱེད་མིན་ལ་ཐུག་ཡོད། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ཡུའུ་ཁི་རེན་རྒྱལ་ནང་གི་ཨུ་རུ་སུའི་དམག་འཐབ་དང་དེའི་དམིགས་ཡུལ་གསལ་རྗེན་དུ་བཏོན་པ་རེད། ཡིན་ནའང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོས་དངོན་གསལ་དོད་པོས་ཨུ་རུ་སུའི་ཁ་གཏད་ཀྱི་ནུབ་གླིང་གི་དཔལ་འབྱོར་ཉེས་ཆད་ལ་རྒྱབ་འགལ་བྱས་ཡོད་ཀྱང་། པེ་ཅིན་གཞུང་གིས་རྩོད་རྙོག་གི་གནད་དུ་གྱུར་བའི་མོ་སི་ཁོ་སྲིད་གཞུང་ལ་ཕྱི་འབྲེལ་ཐད་ནས་རྒྱབ་སྐྱོར་བྱེད་ཀྱི་མེད།

རྒྱ་ནག་གཞུང་གིས་ཨུ་རུ་སུའི་ནུབ་རྒྱུད་དང་ཡུའུ་ཁི་རེན་གྱི་ལྷོ་རྒྱུད་མངའ་ཁུལ་ཁི་རེ་མི་ཡའི་ (Crimea) ཟུར་གཏོགས་ས་ཁུལ་མང་པོར་ཆ་རྒྱུས་ཅི་ཡང་ཡོད་པ་མ་རེད། མངའ་ཁུལ་འདིས་ཉེ་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་དང་རྒྱལ་སྤྱིའི་ཚོགས་ཆེན་སྟེང་། ཡུའུ་ཁི་རེན་རྩོད་གླེང་འདུམ་འགྲིག་གི་ཐད་ནས་ཨུ་རུ་སུ་ལ་རྒྱབ་འགལ་བྱས་ཡོད་པ་མ་ཟད། ཡུན་རིང་མ་འགོར་བར་ཡུའུ་ཁི་རེན་གྱི་དཔོན་རིགས་གསར་བ་ཚོ་དང་འབྲེལ་ལམ་ཡར་རྒྱས་སུ་བཏང་ཡོད།

ཡུའུ་ཁི་རེན་གྱི་སྐབས་བཞི་བའི་སྲིད་འཛིན་ཡ་ནུ་ཀོ་བེ་ཆ་ (Yanukovych) སྲིད་སྟེགས་ལས་ཕབ་ནས་ཉིན་འགའ་འགོར་རྗེས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གཞུང་གི་ངོས་ནས་ཡུའུ་ཁི་རེན་མི་མང་གི་རང་དབང་རང་བཙན་གྱི་འདམ་གར་བརྩི་མཐོང་བྱེད་ཀྱི་ཡོད་སྐོར་བརྗོད་ཅིང་། སོ་ནམ་ཚན་རིག་གི་ཐད་ནས་ཀྱང་དུས་ཡུན་རིང་བོར་པེ་ཅིན་གཞུང་གིས་ཡུའུ་ཁི་རེན་དང་མཉམ་འབྲེལ་ཟབ་མོ་བྱས་ཡོད་པ་རེད།

དེར་མ་ཟད། གནའ་བོའི་སོ་ཝེ་ཊི་སྤྱི་མཐུན་རྒྱལ་ཁབ་འོག་ཏུ་ཀ་ཛ་ཀི་སི་ཐན་ (Kazakhstan) དང་ཀེར་རྗེ་སི་ཐན། (Kyrgyzstan) ཊ་ཇེ་ཀེ་སི་ཐན། (Tajikistan) ཊུར་ཀི་མི་ནེ་སི་ཐན། (Turkmenistan) ཝ་ཙི་བྷི་ཀེ་སི་ཐན་ (Uzbekistan) སོགས་ཀྱི་ནང་རྒྱ་ནག་གི་ཆེས་གདུག་རྩུབ་ཆེ་བའི་དཔལ་འབྱོར་རྒྱ་སྐྱེད་བྱུང་བ་དེ་མོ་སི་ཁོ་གཞུང་གི་སེམས་ཁྲལ་གྱི་རྒྱུ་རྐྱེན་དུ་གྱུར་ཡོད། ཨེ་ཤ་ཡ་དབུས་ཁུལ་གྱི་ཆབ་སྲིད་དཔལ་འབྱོར་དབྱེ་ཞིབ་པ་ཚོས། ཨུ་རུ་སུའི་དབུལ་ཁུལ་ཀ་རམ་ལེན་ (Kremlin) གྱི་དྲག་པོའི་དམག་དཔུང་གིས་ཡུའུ་ཁི་རེན་རྒྱལ་ནང་དུ་སིམ་འཛུལ་བྱས་ཏེ། འབྱུང་འགྱུར་ཁ་ཛ་ཀི་སི་ཐན་དང་ཀེར་ཇེ་སི་ཐན། ཡང་ན་ཊ་ཇེ་ཀེ་སི་ཐན་སོགས་ཀྱི་རྒྱ་ནག་གི་ཁེ་ཕན་ལ་ཐད་ཀར་རྒྱབ་འགལ་བྱེད་སྲིད་པའི་ཉེན་བརྡ་བཏང་བ་རེད།

རྒྱ་ནག་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་དུས་རྒྱུན་ཡུའུ་ཁི་རེན་གྱི་རྩོད་གཞིའི་ནང་ཚུད་ཡོད་ནའང་། དེ་སྔོན་དགའ་དགའ་དུང་དུང་གིས་གསལ་བསྒྲགས་བྱས་ཟིན་པའི་མ་འཛུགས་ལས་འཆར་དང་ཐུན་མོང་རང་བཞིན་གྱི་དཔལ་འབྱོར་ཐོན་སྐྱེད་བཅས་ཀྱི་ཐད་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཕྲན་བུ་འགྲོ་བཞིན་ཡོད།

དེང་གི་ཨུ་རུ་སུ་དང་རྒྱ་ནག་གཉིས་བར་གྱི་མཛའ་བརྩེ་ལྡན་པའི་འབྲེལ་ལམ་དེ་འུད་ཤོབ་ཙམ་མིན་ནའང་། མཛའ་འབྲེལ་དེས་རྒྱལ་སྤྱིར་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་མཚོན་མི་ཐུབ་ཅིང་། མོ་སི་ཁོ་སྲིད་གཞུང་ཡང་བསྐྱར་པེ་ཅིན་གཞུང་དང་མཛའ་འབྲེལ་བྱུང་བ་དེས། ཨུ་རུ་སུ་དང་རྒྱལ་སྤྱིའི་འགལ་བ་སྔར་བས་གཏིང་ཟབ་ཏུ་བཏང་ཡོད།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༣ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༦ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese