མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོ་བོ་རྒྱལ་གཅེས་དཔའ་བོ་ཅི་ལ་མིན།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༦༨ སྟེང་གི་རྩོམ་སྒྲིག་པའི་གཏམ།
ཟླ་སྔོན་མའི་ཟླ་མཇུག་ཙམ་ལ་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་ཁ་བ་སྙིང་ལྕགས་ཞུ་བ་ཞིག་གིས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་གསེར་ཉ་སྲུང་སྐྱོབ་ཆེད་རང་གི་ཚེ་སྲོག་ཤོར་བའི་གནས་ཚུལ་ཞིག་དྲ་ལམ་ཁག་ཏུ་ཁྱབ་བཞིན་འདུག ངས་སྔོན་ཆད་ཁ་བ་སྙིང་ལྕགས་ཟེར་བ་ཞིག་གི་རྩོམ་ཡིག་རེ་འགའ་བཀླགས་མྱོང་བའི་དྲན་པ་རབ་རུབ་ཅིག་ལས་ཁོ་ལ་རྒྱུས་མངའ་གཞན་གང་ཡང་མེད།
    གནས་ཚུལ་འདི་ཐོག་མར་མཐོང་སྐབས་སྙན་ངག་ཅིག་ཡིན་ཤག་གིས་དོ་སྣང་དེ་ཙམ་མ་བྱུང་ཡང་། དྲ་ལམ་ཁག་དང་ངོ་དེབ་སོགས་སུ་འདིའི་སྐོར་ཉིན་རེ་ལས་ཉིན་རེར་ཇེ་མང་དང་། རིམ་གྱིས་སྐད་འཕྲིན་ཚོགས་པ་ཁག་ཏུའང་འདིའི་སྐོར་གྱི་གནས་ཚུལ་དང་། རྗེས་དྲན་སྙན་ངག བློས་བསླངས་རི་མོ་སོགས་སྤུངས་ནས་ཡོང་གི་འདུག་སྟབས། གཞི་ནས་དོ་སྣང་བྱུང་སྟེ་དེ་འབྲེལ་གྱི་གནས་ཚུལ་རིགས་ཞིབ་ཏུ་བཀླགས་པ་ཡིན། 
    ཕ་ཡུལ་མཚོ་སྔོན་ནས་ཡིན་ཞིང་སློབ་གྲྭ་ཆེན་མོ་ཐོན་རྗེས། ཟི་ལིང་དུ་བྱིས་སྒྲུང་རྩོམ་སྒྲིག་གི་ཕྱག་ལས་གནང་གི་ཡོད་པ་དང་། ད་ལྟ་རང་ལོ་ཉེར་དྲུག་ལ་སོན་མ་ཐག་པའི་ཁ་བ་སྙིང་ལྕགས་ཞུ་བ་ཁོང་གྲོགས་པོ་འགའ་དང་མཉམ་དུ། མཚོ་སྔོན་པོའི་མཁའ་རུ་ཁྲིམས་འགལ་གསེར་ཉ་རྐུ་མཁན་བཀག་འགོག་བྱེད་པར་སོང་ཡོད་པ་དང་། མཚན་ཞིག་མཚོ་མཁའི་ཉ་རྒྱ་གཏོར་དུ་འགྲོ་སྐབས་སྟབས་མ་ལེགས་པར་མཚོ་གཏིང་དུ་ནུབ་འདུག
    བོད་དོན་དེ་ཡང་མཐར་གཏུགས་ན་བོད་པའི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་ཡིན་ཟེར་བ་ལྟར། ཁ་བ་སྙིང་ལྕགས་ལགས་ཀྱང་བོད་ཀྱི་རང་བྱུང་ཁོར་ཡུག་དང་སྐྱེས་དངོས་སྲོག་ཆག་སྲུང་སྐྱོབ་ཆེད་ཚེ་སྲོག་ཤོར་སྟབས། ཁོ་བོ་རྒྱལ་གཅེས་དཔའ་བོ་ཞིག་ཅི་ལ་མིན། དེང་སྐབས་འཛམ་གླིང་ཐོག་མི་ཚང་མས་དོ་སྣང་དང་གཙིགས་ཆེན་བྱེད་ཡུལ། མི་རིགས་ལས་བརྒལ་ཏེ་མིའི་རིགས་དང་། མིའི་རིགས་ལས་བརྒལ་ཏེ་ཚེ་སྲོག་ཡོད་དོ་ཅོག་གི་ཆེད་དུ་ཀུན་ཁྱབ་འགན་འཁྲི་འཁྱེར་བའི་རླབས་ཆེ་བའི་བསམ་བློ་པ་ཞིག་ཏུའང་བགྲང་ཆོག
    བོད་ནང་དོན་རྐྱེན་དེ་བྱུང་མ་ཐག་རྩོམ་པ་པོ་དང་སྙན་ངག་པ་རྒན་གཞོན་སེར་སྐྱ་མང་པོས། འདས་པོ་ཁོང་ལ་མྱ་ངན་གྱི་ཚོགས་འདུ་བསྐོངས་པ་དང་། སེམས་ཀྱི་གདུང་བ་མཚོན་པའི་སྙན་ངག་འབྲི་བ། བོད་པའི་སྲོལ་རྒྱུན་ལྟར་བསྔོ་སྨོན་མཆོད་འབུལ་བྱེད་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་འདུག་ལ། དེ་དག་ལས་ཀྱང་རིན་ཐང་ཆེ་བ་ཞིག་ནི། མི་འགྱངས་བར་མཚོ་སྔོན་པོའི་མཁར་ཁོ་ལ་དྲན་རྟེན་རྡོ་རིང་ཞིག་བཞེངས་འཆར་ཡོད་པ་དེ་རེད།
    བློ་ཕམ་པ་ཞིག་ལ་བོད་ཕྱི་ནང་གཉིས་སུ་ཁ་བ་སྙིང་ལྕགས་ཀྱི་ཚེ་སྲོག་ཤོར་བར། ཕངས་སེམས་དང་བརྩེ་དུང་གི་སེམས་ཚོར་སྟོན་མཁན་མང་བ་ལས། ཁ་བ་སྙིང་ལྕགས་ཀྱིས་སུ་ཞིག་གི་ཆེད་དུ་ཅིའི་ཕྱིར་ཚེ་སྲོག་བཏང་བའི་ཀུན་སྤྱོད་དང་། འགན་འཁྲིའི་རིན་ཐང་གི་ངོས་ནས་གླེང་མཁན་ཉུང་ཉུང་རེད་ལ། ལྷག་པར་དུ་བོད་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུ་དེ་ནི་སྙན་ངག་གམ་སྒྱུ་རྩལ་ཞིག་གི་མཚོན་སྟངས་དང་། ན་གཞོན་བསམ་མེད་ཅིག་འདུག་ཚོད་མ་ཟིན་པའི་ཆག་སྒོ་ཙམ་ལ་ངོས་འཛིན་བྱེད་མཁན་ཡང་ཡོད་པ་འདིའོ།།
    འདས་པོ་ཁོང་གི་དེ་སྔའི་ཟིན་ཐོ་དག་གི་སྣེ་དང་ཟུར་ན་འདི་ལྟར་བཀོད་འདུག “ལས་ཀྱི་དབང་གིས་གངས་རིའི་ཞོལ་དུ་སྐྱེས། ལས་ཀྱི་དབང་གིས་གདོང་དམར་བོད་དུ་སྐྱེས། ལས་ཀྱི་དབང་གིས་ཕ་ས་གཞན་དུ་ཤོར། ལས་ཀྱི་དབང་གིས་གཞན་ཡུལ་ལུང་པར་འཁྱར།”  “མཐོ་སྒང་ནི་མི་སྒེར་དང་ཚོགས་པ་སུ་ལའང་དབང་བ་མ་རེད། དེ་ནི་མེས་པོ་གོང་མས་བུ་རབས་ཚ་རྒྱུད་ལ་གནང་བའི་འབོག་སྐལ་དེ་ཡིན་ནོ།།” “བོད་ཀྱི་ཆ་ས་མང་པོ་ཞིག་ཏུ། ས་ཆ་རང་དུ་སྡོད་པའི་བོད་མི་ཚོའི་མགོ་འཕང་ཇེ་དམའ་དང་། ཕྱི་ཡོང་རྒྱ་མི་དང་ཁ་ཆེ་བའི་མགོ་འཕང་ཇེ་མཐོ་རེད།”  “རྒྱ་སྐྱག་ཚོས་སྐྱིད་པོ་ཞིག་དྲན་འདུག ལྷ་ས་ནས་གཞིས་ཆགས་རྒྱུ་ཡིན་ཟེར། ཇ་འཐུང་ནས་ཉི་མར་ལྡེ་རྒྱུ་ཡིན་ཟེར། བོད་མོ་བཏུ་དགོས་ཟེར། གནའ་ཤི་བོ་ད།”  “རི་ཡི་སྟེང་ལ་གངས་ཀྱི་འདབ་མ་བརྩེགས་པ་དེ་ངའི་ཕ་ཡུལ་ཡིན་མོད། གངས་ཀྱི་འགབ་ལ་ལྕགས་ཀྱི་ལག་པ་བསྲིངས་མཁན་དེ་ཁྱེད་ཀྱི་སྲིད་ཇུས་ཡིན་འདུག”

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese