མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་བཀག་ཉར།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་དེ་ལ་འབྲེལ་བ་ཡོད་པར་དོགས་གཞི་ཅན་གྱི་མི་སྣ་མང་དག་ཅིག་འཛིན་བཟུང་བྱེད་ཀྱིན་ཡོད་པར་ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས་སྐྱོན་བརྗོད་བྱས་འདུག

རེས་གཟའ་ཕུར་བུའི་ཉིན་ནས་དེ་རིང་བར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་། དམངས་གཙོ་དོན་གཉེར་བ་མང་པོ་ཞིག་སྔ་རྗེས་སུ་འཛིན་བཟུང་བཀག་བསྐྱིལ་བྱེད་བཞིན་ཡོད་པ་དང་། ཁ་སང་ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཇོན་ཁིར་བྷེ་(John Kirby)ལགས་ཀྱིས་རྒྱ་ནག་གཞུང་གིས་བདེ་འཇགས་ལ་ཁ་གཡར་ཏེ། ཞི་བདེ་དང་རང་དབང་ལ་སྲུང་སྐྱོབ་བྱེད་མཁན་རྣམས་བཙོན་འཇུག་བྱེད་པ་དང་། དམིགས་བསལ་ཁྲིམས་མཐུན་ཐོག་སྲིད་གཞུང་ལ་སྐྱོན་བྱེད་མཁན་རྣམས་འཛིན་བཟུང་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་བློ་ཚབས་ཆེན་པོ་ཡོད། ཅེས་བརྗོད་འདུག

དེ་རིང་བྷེ་བྷེ་སི་རྒྱ་ཡིག་སྡེ་ཚན་ཐོག་གནས་ཚུལ་བཀོད་པར། ཧོང་ཀོང་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་མཐུན་ཚོགས་ཀྱིས། རྒྱ་གཞུང་གིས་རེས་གཟའ་ཕུར་བུའི་ཉིན་ནས་དེ་རིང་ཞོགས་པའི་བར་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་འབྲེལ་ཡོད་མི་སྣ་ ༡༠༧ ཙམ་འཛིན་བཟུང་བྱས་པའི་མིང་ཐོ་ཞིག་བསྡུ་རུབ་བྱས་ཡོད་ཅིང་། མིང་ཐོ་དེའི་ནང་མི་ ༦ བཙོན་འཇུག་བྱས་པ་དང་། མི་ ༡ རང་ཁྱིམ་དུ་བཟང་བཙོན་ལྟ་རྟོག་འོག་བཞག་ཡོད་པ། མི་ ༡༥ གར་ཁྲིད་གསལ་ཁ་མེད་པ། མི་ ༨༥ ལ་བཀག་བསྐྱིལ་འདྲི་གཅོད་བྱས་རྗེས་ཀློད་གྲོལ་བཏང་ཡོད་སྐོར་སོགས་བཀོད་འདུག

ཁ་སང་རྒྱ་ནག་མི་དམངས་དྲ་བ་དང་ཞིན་ཧྭ་དྲ་བ་སོགས་ཀྱིས་གནས་ཚུལ་སྤེལ་བའི་ནང་། ཁྲིམས་རྩོད་པ་འདི་དག་གིས་ཁོ་རང་ཚོ་སྐད་གྲགས་ཆགས་རྒྱུའི་ཁེ་ཕན་ལ་དམིགས་ཡོད་པ་མ་ཟད། སྤྱི་ཚོགས་ནང་ཟིང་ཆ་སློང་རྒྱུར་འབད་བརྩོན་བྱས་ཡོད་སྐོར་དང་། སྐྱུག་བྲོ་བའི་ཁྲིམས་རྩོད་པ་འདི་ཚོས་ཁྲིམས་ཁང་དང་དྲ་རྒྱའི་ཐོག་ནས་ཁྲིམས་ཀྱི་ར་བར་ངོ་རྒོལ་བྱས་ཡོད་པ་མ་ཟད། ཁོ་ཚོས་སྐྱོན་བརྗོད་བྱེད་པའི་ལས་འགུལ་གྱི་རྒྱབ་ལོགས་སུ་ཆར་གདུགས་གསར་བརྗེ་ཚོགས་པ་ཡོད་སྐོར་སོགས་བརྗོད་འདུག གནས་ཚུལ་དེའི་ནང་དུ་ཉེན་རྟོག་པ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་པར། ཀྲུའུ་ཧྲི་ཧྥིན་ (Zhou Shifeng) སོགས་དོགས་ཡོད་ཉེས་ཅན་དེ་དག་གིས་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་པ་དང་། གྱོད་དོན་དེ་ད་དུང་མུ་མཐུད་དུ་ཞིབ་བཤེར་བྱ་རྒྱུ་ཡིན། ཞེས་སོགས་བརྗོད་འདུག

དེ་རིང་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བའི་ནང་། འགྲོ་བ་མིའི་ཐོབ་ཐང་ལྟ་སྐྱོང་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཧྥེ་རེའུ་ཆཊ་སོན་ (Sophie Richardson) ལགས་ཀྱིས་གློག་འཕྲིན་བརྒྱུད་བརྗོད་རྒྱུར། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཁྲིམས་རྩོད་པ་དེ་དག་ནག་ཉེས་ཚབས་ཆེན་བཟོ་མཁན་གྱི་ཚོགས་པ་ལྟ་བུ་ཞིག་ཡིན་པ་རྗོད་བཞིན་ཡོད་ཀྱང་། དེ་ནི་ཉེན་རྟོག་པས་ཆུ་ཚོད་ཉེར་བཞིའི་རིང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་པ་དེར་འཕྱ་སྨོད་བྱས་པ་དང་གཅིག་མཚུངས་རེད། གལ་སྲིད་མི་ཞིག་ལ་ཞིབ་བཤེར་ཞིག་བྱེད་དགོས་ན་ཞིབ་བཤེར་བྱེད་ས་དེ་ནི་ཉེན་རྟོག་པ་རེད་མ་གཏོགས་ཁྲིམས་རྩོད་པ་དེ་ཚོ་རྩ་བ་ནས་མ་རེད། ཅེས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༤ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༥ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese