མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་མགོ་འཛིན་འཕོ་འགྱུར་སྐབས་ཡིག་སྣོད་སྟོང་པ་རྩིས་སྤྲོད་ལ་འགྱུར་བ་བཏང་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp
དེ་རིང་ས་གནས་མགོ་འཛིན་རྣམ་པའི་ཚོགས་ཆེན་དབུ་འཛུགས་སྟེང་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས། ས་གནས་མགོ་འཛིན་ཚོས་ཤེས་ཡོན་འདྲ་མིན་ལ་དོ་སྣང་སྤྲོད་དགོས་པ་མ་ཟད། ཁྲིམས་སྒྲིག་ལ་སློབ་སྦྱོང་ཡག་པོ་གནང་སྟེ་འགྲེལ་བཤད་སྐྱོན་ཐུབ་དགོས་པ་ལས་དབང་ཤེད་ཐོག་ནས་འཛིན་སྐྱོང་བྱས་ན་མང་ཚོགས་ཀྱིས་བརྩི་བཀུར་མི་ཐོབ་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག་དྷ་ས་དབུས་སྣེ་ལེན་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ ཁུངས་ཀྱི་གོ་སྒྲིག་འོག རྒྱ་བལ་འབྲུག་གསུམ་གྱི་ས་གནས་མགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༠ པ་དེ་མགོ་འཛུགས་གནང་ཡོད་པ་དང་། སྐུ་མགྲོན་གཙོ་བོར་སྲིད་ཚབ་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་རྒྱ་རི་སྒྲོལ་མ་ མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག དེ་བཞིན། ཤེས་རིག་དང་འཕྲོད་བསྟེན་བཀའ་བློན་གཙོས་བཀའ་དྲུང་དང་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། གཞན་ཚོགས་འདུར་ཕེབས་མཁན་གཞིས་ཆགས་ཁག་ ༤༦ གི་ས་གནས་མགོ་འཛིན་ ༤༤ བཅས་འདུ་འཛོམས་སོང་། མཛད་རིམ་གྱི་ཐོག་མར་སྐུ་མགྲོན་གཙོ་བོ་སྲིད་ཚབ་མཆོག་ནས་ཚོགས་འདུའི་དབུ་འབྱེད་ཀྱི་སྣང་གསལ་ཞལ་འབྱེད་གནང་བ་དང་འབྲེལ། བཀའ་བློན་རྣམ་གཉིས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་རྗེས། བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་ཤོར་བའི་རྒྱལ་གཅེས་བ་རྣམས་ལ་མྱ་ངན་ཞུས་སོང་།

དེ་ནས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། བོད་ནང་གི་གནས་སྟངས་དེ་བཟང་ཕྱོགས་སུ་འགྲོ་ཡི་མེད་པར། མུ་མཐུད་ཛ་དྲག་འོག་གནས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ནང་ལ་ལས་འགན་འཁྱེར་མཁན་ང་རང་ཚོའི་ཐོག་ནས་ཀྱང་། ད་ལྟའི་དུས་སྐབས་འདིར་༧གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས་ཞེས་བཀའ་གནང་བ་ལྟར། བོད་ནང་གི་བོད་མི་ཚོས་ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་མི་རིགས་དང་རྒྱལ་ཁབ། རྩ་དོན་གྱི་ཆེད་དུ་བྱ་བ་འདི་འདྲ་ཞིག་སྤེལ་སྐབས་ང་རང་ཚོའི་ལག་ཆ་ཆེ་ཤོས་དེ་ག་རེ་རེད་ཟེར་ན། བོད་ཀྱི་བདེན་མཐའ་དེ་འཚེ་མེད་ཞི་བའི་ཐོག་ནས་གསལ་རྒྱུ་ཡིན་པ་དེར་འགྱུར་བ་མེད་པའི་ལྟ་གྲུབ་ཅིག་ཆགས་ཡོད་སྟབས། ད་ལྟ་ང་ཚོས་༧གོང་ས་མཆོག་གི་བཀའ་དྲིན་ལ་རྟེན་ནས་བྱུང་བའི་སྒྲིག་འཛུགས་འདིར་གཞུང་དང་སྒྲིག་འཛུགས་ག་རེ་འབོད་གྱི་ཡོད་ནའང་རེད། མ་འོངས་པར་གནས་སྟངས་ལ་དཔག་པའི་མིང་ག་རེ་བཏགས་ཀྱང་རུང་། ད་ལྟ་བོད་ནང་གི་བོད་མི་ཚོས་ངོས་བཞེས་གནང་གི་ཡོད་པ་བཞིན་བཙན་བྱོལ་དུ་ཡོད་མཁན་བོད་མི་ཚོས་ནུས་པ་ཆིག་སྒྲིལ་བྱས་ཏེ། སྒྲིག་འཛུགས་འདི་ཧྲ་ཏག་ཏག་ཅིག་ཆགས་ཐུབ་པ་བཟོ་རྒྱུ་ལས་འགན་གལ་ཆེ་ཤོས་དེ་ཆགས་ཡོད། ཅེས་སོགས་གསུངས་སོང་།

སྲིད་ཚབ་མཆོག་གིས་ས་གནས་མགོ་འཛིན་གྱི་ལས་འགན་དང་ལས་དོན་སྒྲུབ་ཕྱོགས་ཐོག་གསུངས་དོན། ས་གནས་མགོ་འཛིན་གྱི་ཚོགས་ཆེན་བརྒྱད་པའི་ཐོག་ལ་ངས་བློ་འཚབ་ཅིག་ཞུས་པ་ཡིན། སྤྱིར་ས་གནས་མགོ་འཛིན་ཡིན་རེད་ལ། སྡེ་ཚན་གང་ཞིག་གི་ལས་བྱེད་ཡིན་ནའང་རེད། མི་མ་འདྲ་བ་མང་པོ་ཡོད་པ་མ་ཟད། དཀའ་ལས་རྒྱག་མི་རྒྱག་ཀྱང་སྣ་ཚོགས་རེད། ནུས་པ་ཆེ་ཆུང་ཡང་ཅི་རིགས་རེད། ཡིན་ཡང་མཐའ་མ་ང་རང་ཚོའི་ལས་འགན་ག་རེ་རེད་ཟེར་ན། གཞུང་ཞབས་ཀྱི་ལས་ཀ་ཞིག་ཡིན་ན། གནས་སྤོ་འགྲོ་རྒྱུ་དེ་རང་བཞིན་ཞིག་ཆགས་ཀྱི་ཡོད་པ་མ་ཟད། དེ་བཞིན། ས་གནས་མི་མང་གི་ཐད་བསྐོས་གནང་བའི་ས་གནས་མགོ་འཛིན་ཞིག་ཡིན་ཡང་དུས་ཚོད་ངེས་ཅན་ཞིག་གི་བར་འགན་འཁུར་རྗེས་མི་གཞན་ཞིག་ལ་རྩིས་སྤྲོད་དགོས་པ་རེད། ང་ནང་སྲིད་ལས་ཁུངས་ལ་སླེབ་སྐབས་འཐུས་ཤོར་ཟེར་ནའང་རེད་སྐྱོན་གཅིག་ནི། ས་གནས་མགོ་འཛིན་འཕོ་འགྱུར་འགྲོ་སྐབས་ཀྱི་རྩིས་སྤྲོད་རྩིས་ལེན་སྐབས། ཅོག་ཙེ་དང་འཛིན་ཆས། ཡིག་སྣོད་སོགས་རྩིས་སྤྲོད་བྱེད་ཀྱི་ཡོད་ཀྱང་། ཡིག་སྣོད་ནང་གི་ནང་དོན་དང་མི་གཞན་དང་འབྲེལ་བ་བྱས་པའི་འབྲེལ་བ་དེ་དག་རྩིས་སྤྲོད་ཐུབ་ཀྱི་མི་འདུག་བསམ་པ་ཞིག་བྱུང་སོང་། ངས་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་རྩིས་སྤྲོད་རྩིས་ལེན་བྱེད་སྐབས་ང་ཚོས་ཟུར་དཔང་དུ་རྩིས་སྤྲོད་བྱེད་མཁན་དེ་ལས་གནས་རིམ་པ་མཐོ་བ་དང་རྒན་པ་ཞིག་གཏོང་ཐབས་བྱེད་རྒྱུ་ཡིན་ལབ་ཡོད་པ་མ་ཟད། རྩིས་ལེན་མཁན་ངོས་ནས་ཀྱང་འདོད་བློ་མ་ཁེངས་པར་སྐད་ཆ་ཡིན་ནའང་ཡག་པོ་ཞིག་འདྲི་དགོས་ཀྱི་འདུག་ཟེར་ནས་ཤུགས་ཆེན་པོ་བྱས་ནས་བརྗོད་པ་ལྟར། བར་ལམ་ཞིག་ནས་ཏོག་ཙམ་ཡག་ཏུ་ཕྱིན་པ་མིན་འགྲོ་བསམ་པ་ཞིག་འདུག དེ་བཞིན། དབུས་ཀྱི་ཐོག་ནས་ཡིན་ཡང་ལས་དོན་གང་འདྲ་ཞིག་བྱས་ཀྱང་། ད་ལྟ་བཀའ་བློན་གཙོས་པའི་འགན་འཁུར་མཁན་དག་གཏན་འཇགས་མིན་པར་བརྟེན། ང་ཚོ་མེད་པ་ཡིན་ཡང་ང་ཚོའི་སྐབས་ལ་འབྲེལ་བ་ཞིག་བཟོ་ཐུབ་ཡོད་ན་དེ་སྒྲིག་འཛུགས་དང་སྒྲིག་འཛུགས་བར་ལ་གནས་དགོས་ཀྱི་ཡོད་པ་གལ་ཆེན་པོ་ཞིག་ཡིན་པར་མཐོང་གི་ཡོད་སྟབས། ང་ཚོས་མི་དང་མིའི་བར་ལ་འབྲེལ་བ་ཉར་རྒྱུ་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་ལྟར། ས་གནས་མགོ་འཛིན་རྣམ་པའི་ངོས་ནས་ཀྱང་དེ་བཞིན་ངོས་འཛིན་གནང་བའི་རེ་བ་ཡོད། ཅེས་སོགས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་བཀའ་ཟུར་དང་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་མཆོག་གིས་ས་གནས་མགོ་འཛིན་ལ་ཤེས་ཡོན་གཉིས་ཀ་ཚང་དགོས་རྒྱུ་གལ་ཆེན་ཡིན་སྐོར་གསུངས་དོན། ང་ཚོའི་ས་གནས་མགོ་འཛིན་ཚོ་ཁྲིམས་དང་ཤེས་ཡོན་རིག་གཞུང་དང་སྤྱི་ཚོགས་ཞབས་ཞུ། ཆབ་སྲིད་སོགས་ཀྱི་ཐོག་ལ་ཏོག་ཙམ་མཁྱེན་ཡོན་ཡོད་མཁན་དགོས་པ་རེད་བསམ་གྱི་འདུག དེ་རིང་ཁ་སང་གི་མི་མང་ཚོ་སྔོན་མ་དང་མི་འདྲ་བར་ཤེས་བྱ་ཡོན་ཏན་ལྡན་པ་ཆགས་ཡོད། ཤེས་བྱ་ཡོན་ཏན་ཡོད་པ་དེ་ཚོའི་གོ་སྟོན་གཙོ་སྐྱོང་བྱེད་དགོས་ན། གོ་སྟོན་གཙོ་སྦྱོང་བྱེད་མཁན་ཚོས་གནས་ཚུལ་མ་ཤེས་པ་དང་མ་རྟོགས་པ་ཡིན་ན། གོ་སྟོན་གཙོ་སྐྱོང་བྱ་རྒྱུར་ཏན་ཏན་སྐུ་ངལ་འཕྲད་རྒྱུ་ཡིན་སྟབས། ཚང་མས་གང་ཅིའི་ཐོག་ལ་ཐུགས་སྣང་གནང་སྟེ། མི་མང་གི་ཆེ་མཐོང་དང་གུས་བརྩི། དགའ་མོས་ཐོབ་ཐུབ་པ་ཞིག་བྱེད་དགོས་པ་རེད་བསམ་གྱི་འདུག དེ་འདྲ་མེད་པ་ཡིན་ན་མི་མང་གིས་ས་གནས་མགོ་འཛིན་གྱིས་གང་ཡང་ཤེས་ཀྱི་མ་རེད་ལ། གང་ཡང་འཇོན་གྱི་མ་རེད་ཟེར་ནས་འཕྱ་སྨོད་བྱ་ཡུལ་ཞིག་ཏུ་འགྱུར་བ་ཡིན་ན། ང་ཚོའི་ས་གནས་མགོ་འཛིན་ཚོ་གཞིས་མིའི་དབུ་ལ་བཞུགས་ནས་ལམ་སྟོན་བྱ་རྒྱུའི་སྐུ་ངལ་ཡོང་གི་རེད།

ང་ཚོའི་སྒྲིག་འཛུགས་འདི་དམངས་གཙོའི་སྒྲིག་འཛུགས་ཤིག་ཆགས་ཡོད་པ་མ་ཟད། འདིར་ཁྲིམས་དང་སྒྲིག་གཞི་ཡང་མང་པོ་ཞིག་ཡོད་སྟབས། རྣམ་པ་ཚོས་དེ་དག་མཁྱེན་ཐུབ་པ་བྱས་ཏེ་མང་ཚོགས་ཚོར་འགྲོ་ལུགས་འགྲོ་སྟངས་དང་རྒྱུ་མཚན་དང་ལྡན་པའི་ཐོག་ནས་འགྲེལ་བཤད་སྐྱོན་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག དེ་མིན་རྒྱུ་མཚན་དང་འགྲོ་ལུགས་འགྲོ་སྟངས་གང་ཡང་བགྲང་རྒྱུ་མེད་པའི་ཐོག་ནས་ས་གནས་མགོ་འཛིན་ཡིན་ཟེར་ཏེ། དབང་ཤེད་ཀྱི་ཐོག་ནས་ཐག་གཅོད་བྱས་པ་དང་འགྲེལ་བཤད་བརྒྱབ་པ་སོགས་བྱས་ཚེ། མ་འོངས་པར་མང་ཚོགས་ཚོས་གུས་བརྩི་དང་ཉན་བཤད་བྱ་རྒྱུར་སྐུ་ངལ་འཕྲང་ངེས་ཡིན་སྟབས། ཚང་མས་དེ་ཚོའི་ཐོག་ལ་ཐུགས་སྣང་གནང་སྟེ་གོ་ཆོད་ཀྱི་ས་གནས་མགོ་འཛིན་ཞིག་ཆགས་ཐུབ་པར་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང་།

ཚོགས་འདུའི་ལས་རིམ་ནང་བཀོད་པ་ལྟར་ན། ཐེངས་འདིའི་ཉིན་གསུམ་རིང་གི་ཚོགས་འདུའི་ཐོག་གྲོས་གཞི་ ༧ ཡོད་པ་ནི། ༡། ཚོགས་ཆེན་སྔ་མའི་ཐོག་གྲོས་ཆོད་བཞག་ཡོད་པ་ཁག་ལག་བསྟར་ཇི་ཞུས་དང་། ༢། ས་གནས་མགོ་འཛིན་སོ་སོའི་ཁྱབ་ཁོངས་ས་གནས་ཀྱི་མི་འབོར་གྱི་ཐོ་བསྡུ་ལེན་གནང་སྟངས། ༣། ཕྱོགས་མཐའི་ས་གནས་མགོ་འཛིན་ལས་ཁུངས་ཁག་གི་རྒྱུན་གྲོན་རང་འཚོ། ས་གནས་ཀྱི་འཛུགས་སྐྲུན་ལས་འཆར་ཁག་གི་དགོས་དངུལ་ས་གནས་རང་ནས་ཐབས་ཤེས་གནང་ཕྱོགས། ༤། གཞིས་ཆག་ཁག་ཅིག་ཏུ་ས་ཞིང་སྟོང་པ་བེད་མེད་དུ་ལུས་པ་རྣམས་བོད་མི་ས་ཁང་ཐོབ་སྐལ་མེད་མཁན་ཚོར་བགོ་འགྲེམས་བྱེད་ཕྱོགས། ༥། བོད་མིའི་སྒྲིག་འཛུགས་ཀྱིས་ ༢༠༡༦ ལོའི་ཟླ་ ༡ ནང་རྡོར་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གོ་སྒྲིག་གནང་གཏན་འཁེལ་བར་ཉམ་ཐག་རྒས་གཅོང་ཚོར་ལམ་གྲོན་དང་སྡོད་གུར་གོ་སྒྲིག་ཞུ་ཕྱོགས། ༦། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་དྭོགས་འདྲི་ཁག་ལ་ལན་འདེབས་ཁ་གསལ་གནང་ཕྱོགས། ༧། གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ལག་བསྟར་ཞུ་ཕྱོགས་བཅས་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༡ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese