མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་རྒྱལ་སྲུང་ལས་ཁུངས་ཀྱི་ལས་བྱེད་འགའ་འཇུས་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp
ཕྱི་རྒྱལ་གསང་བའི་ལས་ཁུངས་ཁག་ཏུ་རྒྱལ་ནང་གི་དམག་དོན་གསང་བ་སྤྲད་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་རྒྱལ་སྲུང་ལས་ཁུངས་ཀྱི་ལས་མི་ ༤ འཛིན་བཟུང་བཀག་ཉར་་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༥ ཉིན། ཧོང་ཀོང་རང་དབང་གསར་ལམ་དང་རོའུ་ཊར་གསར་ལམ་སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསང་བའི་ལས་ཁུངས་ (FIA) ཁག་ཏུ་རྒྱལ་ནང་གི་དམག་དོན་གསང་བ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག རྒྱ་ནག་རྒྱལ་སྲུང་ལས་ཁུངས་ཀྱི་ལས་བྱེད་ ༤ འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་འདུག

རྒྱ་ནག་རྒྱལ་ཡོངས་མི་དམངས་རླུང་འཕྲིན་ཁང་ (CRI)ཟེར་བས་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་རྒྱལ་སྲུང་ལས་ཁུངས་ཀྱི་གནས་ཚུལ་རྒྱང་བསྒྲགས་བྱས་དོན་ལྟར་ན། འཛིན་བཟུང་བྱས་པའི་ལས་བྱེད་དེ་དག་གིས་རྒྱ་ནག་གཞུང་གི་མཚོན་ཆ་གསར་བཟོ་དང་བཀོལ་སྤྱོད། ཚོད་ལྟ་བཅས་བྱེད་ཀྱི་ཡོད་པའི་གསང་བའི་གནས་ཚུལ་ཕྱི་གྱར་བྱས་ཡོད་པ་མ་ཟད། ཁོ་ཚོས་ད་དུང་ཕྱི་གླིང་གི་གསང་ཉུལ་བ་ཚོར་རྒྱ་ནག་གི་རྒྱལ་སྲུང་དྲག་ཆས་སྐོར་གྱི་གནས་ཚུལ་མང་པོ་ངོ་སྤྲོད་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་ཚུལ་བརྗོད་འདུག

གནས་ཚུལ་ནང་བཀོད་པར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་མི་དེ་དག་གིས་ཕན་ཚུན་ངོ་མི་ཤེས་པ་མ་ཟད། ཕྱི་གླིང་གི་གསང་བའི་ལས་ཁུངས་གང་དག་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པའང་གསལ་བཤད་ཅི་ཡང་བྱས་མི་འདུག རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་མི་དེ་ཚོས་ཤར་ནུབ་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་རྒྱལ་ནང་གི་གསང་བའི་གནས་ཚུལ་བརྒྱུད་བསྒྲགས་བྱས་ཡོད་ལུགས་བཀོད་འདུག

ལོ་སྔོན་མའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་ཧྲན་ཏུང་ཞིང་ཆེན་གྱི་ཤར་རྒྱུད་ཆིན་ཏའོ་གླིང་ཕྲན་ (Qingdao) གྲོང་ཁྱེར་དུ་རྒྱ་མི་ཞིག་གིས་རྒྱ་ནག་གི་མཁའ་དམག་རྟེན་གཞི་ཁག་ཅིག་བརྙན་པར་དུ་བླངས་ནས་ནུབ་གླིང་བ་ཚོར་བཙོང་བའི་ཉེས་འཛུགས་འོག་འཛིན་བཟུང་ཁྲིམས་ཆད་བཅད་ཡོད་པ་དང་། དུས་ཀུན་རྒྱ་ནག་གཞུང་གི་གསང་བའི་བཅའ་ཁྲིམས་ཁག་ཕྱི་ལ་ཤོར་གྱི་ཡོད་པ་མ་ཟད། ཐ་ན་རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་སྐྱེས་ལོ་སྐྱེས་ཚེས་ནས་རྒྱལ་ནང་གི་གསང་བའི་གནས་ཚུལ་བར་ཕྱི་ལ་ཁྱབ་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྒྲོག་མཁན་ཚོར་སྲོག་ཆད་དང་ཚེ་བཙོན་སོགས་ཀྱི་ཉེས་ཆད་ལག་བསྟར་བྱེད་ཀྱི་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༧ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༡ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese