མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྒྱ་ཆའི་བརྒྱ་དུག་དྲངས་ནས་བཀྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༧ སྟེང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་ཕུང་རྒྱའི་བཙོན་ཁང་ནས་ཞུགས་འབུལ་ཞུ་དགོས་བྱུང་འདུག

དེ་རིང་ཞོགས་པར་འདི་གའི་གསར་འགོད་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་བོ་དགེ་བཤེས་ཉི་མ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། མདང་དགོང་རྒྱ་ནག་གི་ཆུ་ཚོད་ ༡༡།༠༠ ཙམ་ལ། རིན་པོ་ཆེའི་སྐུ་གདུང་ལེན་དུ་འགྲོ་མཁན་ཁོང་གི་སྐུ་མཆེད་དང་བླ་མ་གྲྭ་བ་སུམ་ཅུ་ལྷག་ཡོད་པ་དེ་ཚོར་སྐུ་གདུང་ལ་མཇལ་དུ་བཅུག་འདུག སྐབས་དེར་ཁོང་ཚོས་སྐུ་ཕུང་སྟེང་གི་ན་བཟའ་བརྗེ་བོ་བརྒྱབ་པ་དང་སྐུ་གདུང་གཙང་མ་བཟོས་རྗེས། ད་ནིང་ཞོགས་པ་ནམ་གསལ་རག་བར་བསྔོ་སྨོན་གསུངས་འདུག

སྐུ་ཕུང་རྩིས་ལེན་དུ་འགྲོ་མཁན་ཚོས་རེ་བ་ཇི་ལྟར་ཞུས་ཀྱང་། སྐུ་ཕུང་ཕྱིར་ཕ་ཡུལ་དུ་གདན་འདྲེན་ཞུ་བཅུག་མེད་སྟབས། ད་ནངས་ཞོགས་པའི་ཆུ་ཚོད་ ༧།༠༠ ཙམ་ལ་བཙོན་ཁང་དེ་རང་དུ་སྐུ་གདུང་ཞུགས་འབུལ་ཞུས་འདུག ད་ཆར་སྐུ་ཐལ་ཨོ་ཐོག་དགོན་དུ་གདན་འདྲེན་བྱེད་བཞིན་ཡོད་ཀྱང་། རིན་པོ་ཆེ་བཙོན་འཇུག་བྱེད་ས་དེ་ནི་ཁྲིན་ཏུའུ་ཤར་ཕྱོགས་ཀྱི་སྤྱི་ལེ་ ༣༩༠ ལྷག་གི་གསར་ཡོད་སྟབས་ཁྲིན་ཏུའུ་བརྒྱུད་ནས་ལི་ཐང་དུ་འགྲོ་བར་ལམ་ཐག་རིང་པོ་ཡོད་སྟབས། རིན་པོ་ཆེ་མཆོག་གི་སྐུ་ཐལ་དེ་རིང་ལི་ཐང་དུ་བསླེབ་ཐུབ་པ་ཁག་པོ་རེད། གཅིག་བྱས་ན་དོ་ནུབ་མཚན་གུང་ཞིག་ལ་འབྱོར་ཡང་སྲིད་པ་རེད། ཅེས་གསུངས་སོང་།

རིན་པོ་ཆེ་མཆོག་གི་སྐུ་ཕུང་ལེན་དུ་འགྲོ་མཁན་ཚོས་རིན་པོ་ཆེའི་སྐུ་ཕུང་མཇལ་སྐབས་གཟིགས་ཚོར་གང་འདྲ་བྱུང་ཡོད་མེད་དྲིས་པར། རིན་པོ་ཆེའི་སྐུ་གཟུགས་ཧ་ཅང་སྐྱོ་བོ་ཡིན་པ་ཡོངས་གྲགས་རེད། སྐུ་ཕུང་ཐོག་ལ་རྨ་ཁ་དང་སྔོ་ཐུག་དེ་མཐོང་བའི་སྐད་ཆ་མི་འདུག ཡིན་ནའང་ཁོང་གི་ཞལ་མཆུ་དང་སེན་མོ་སོགས་ནག་པོ་ཆགས་ཡོད་སྟབས། བརྒྱ་ཆའི་བརྒྱ་ཁོང་ལ་དུག་དྲངས་ཏེ་སྐུ་སྲོག་བཀྲོངས་པ་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག ཅེས་གསུངས་སོང་།

གཞན་ཡང་། རིན་པོ་ཆེ་མཆོག་གི་རྗེས་འཇུག་སློབ་རྒྱུན་དང་སྤུན་མཆེད་སྒྲོལ་དཀར་ལྷ་མོ་སོགས་ཀྱིས་རྒྱ་ནག་གཞུང་ལ་དོན་ཚན་ ༥ ཅན་གྱི་རེ་འདུན་ཞིག་བཏོན་ཡོད་པའི་ནང་། རིན་པོ་ཆེ་མཆོག་སྐུ་གྲོངས་པའི་དུས་ཚོད་ཁ་གསལ་མེད་པ་དང་སྐུ་ཕུང་ནང་མིར་རྩིས་སྤྲོད་མི་བྱེད་པ་དེར་དོགས་པ་ཆེན་པ་ཡོད་པ་དང་། སྐུ་ཕུང་བཙོན་ཁང་ནས་མེར་བསྲེགས་གཏོང་རྒྱུ་ཡིན་སྐོར་བཤད་པ་དེ་ཁོང་གི་གྲོངས་རྐྱེན་འགེབ་སྲུང་ཆེད་ཡིན་པ། དེ་བཞིན། སྐུ་ཕུང་ནང་མིར་མི་སྤྲོད་པའི་བྱེད་སྟངས་འདི་རིགས་རྒྱ་ནག་གི་ཁྲིམས་དང་སྒྲིག་གང་དུ་ཡོད་པ་གསལ་བཤད་དགོས་པ་སོགས་བཀོད་ཡོད་འདུག

དགེ་བཤེས་ཉི་མ་ལགས་སུ་ད་ལྟ་ལི་ཐང་དགོན་གྲོང་གཉིས་ཀྱི་གནས་སྟངས་ག་འདྲ་ཡིན་མིན་དྲིས་སྐབས་ཁོང་གིས། རྒྱ་ནག་གཞུང་གིས་རིན་པོ་ཆེ་བཀྲོངས་པའི་གནས་ཚུལ་དེ་ཐོས་རྗེས་ཕྱི་ཚེས་ ༡༣ ཉིན་ལི་ཐང་དང་ཉག་ཆུ་ས་ཁུལ་གྱི་མང་ཚོགས་སྟོང་ཕྲག་ཁ་ཤས་རྒྱ་ནག་གཞུང་གི་ལས་ཁུངས་སྒོར་སྐད་འབོད་བྱས་སྐབས། ཉེན་རྟོག་པ་དང་དམག་མིས་མེ་མདའ་དང་འབོམ་སོགས་བེད་སྤྱོད་བྱས་ཏེ་དྲག་གནོན་བྱས་ཡོད་སྟབས་མི་ ༡༥ ལ་རྨས་སྐྱོན་ཕོག་སྟེ། ད་ལྟ་ཁྲིན་ཏུའུ་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་ས་རེད། འོན་ཀྱང་ད་ཆར་ལི་ཐང་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཡོངས་རྫོགས་དམ་དྲག་བྱས་ཡོད་སྟབས། དེའི་རྗེས་ཀྱི་གནས་ཚུལ་གང་ཡང་ད་ལྟ་ཤེས་རྟོགས་ཐུབ་ཀྱི་མི་འདུག ཅེས་བརྗོད་སོང་།

 གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese