མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕོ་བྲང་པོ་ཏ་ལར་ཞབས་སོར་འགོད་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp
ཟླ་འདིའི་ཚེས་ ༩ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦ ཙམ་ལ། ཁམས་ཡུལ་ཤུལ་སྐྱེ་རྒུ་མདོའི་གེ་སར་ཐང་ཆེན་དུ། བོད་པའི་བདེན་དོན་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་གནང་མཁན་སྡེ་དགེ་རྫོང་གསར་དགོན་པའི་གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཞལ་ཆེམས་ཡི་གེ་ཞིག་བཞག་ཡོད་འདུག

ཕ་ཡུལ་ཁམས་ཡུལ་ཤུལ་ནས་ཡིན་པའི་དྷ་སར་གནས་སྡོད་བློ་བཟང་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་པ་ལྟར་ན། གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས་ཁོང་ཚང་གི་ནང་མི་ ༤ རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག་ལ། མི་དེ་དག་སུ་ཡིན་གྱི་མིང་སོགས་ཤེས་རྟོགས་ཐུབ་མེད་ཀྱང་ཚེས་ ༡༣ ཉིན་ཁོང་ཅག་ཕྱིར་ཀློད་གྲོལ་བཏང་ཡོད་འདུག དེ་ནས་བསོད་ནམས་སྟོབས་རྒྱལ་གྱི་ནང་མི་ཚོས་གྲྭ་ཤག་གཙང་མ་བཟོ་སྐབས། ཁོང་གི་ཞལ་འདོན་དཔེ་ཆའི་སྟེང་དུ་ཞལ་ཆེམས་ཡི་གེ་དེ་བཞག་ཡོད་པ་རྙེད་སོན་བྱུང་འདུག

ཞལ་ཆེམས་ནང་འདི་ལྟར་བཀོད་འདུག རྒྱ་ནག་སྲིད་གཞུག་གི་མགོ་ཁྲིད་རྣམས་དང་ལྷག་པར་གྲངས་ཉུང་མི་རིགས་ཀྱི་ས་གནས་མགོ་ཁྲིད་དག་ལ་ཆེད་ཞུ། གུས་པ་ནི་ཕ་ཡུལ་མཚོ་སྔོན་ཡུལ་ཤུལ་ནང་ཆེན་ནས་ཡིན། རང་ལོ་ ༢༧ དང་ནང་ཆེན་བཀྲ་ཞིས་ཚང་གི་བུ་འབྲིང་བ་ཡིན། ད་སྐབས་རྫོང་སར་བཤད་གྲྭ་ནས་སློབ་སྦྱོང་བྱེད་བཞིན་ཡོད། རྒྱལ་ཕྱི་ནང་གི་མང་ཚོགས་ཡོངས་ཀྱིས་ཤེས་གསལ་ལྟར། རྒྱ་ནག་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ལ་གནས་ལུགས་དང་བདེན་དྲང་ལ་མི་བསྟན་ པར། དྲག་གནོན་དང་སྡུག་རྩུབ་ཀྱི་ཁྲིམས་ལུགས་ཁོ་ན་བྱས་ཏེ་མི་རིགས་ཀྱི་ཆོས་ལུགས་ དང་སྲོལ་རྒྱུན། རིག་གཞུང་རྩ་མེད་དང་ཁོར་ཡུག་གཏོར་བརླག་གི་བྱ་སྤྱོད་སྤེལ་དང་སྤེལ་བཞིན་པའི་སྐབས། མང་ཚོགས་ལ་སྨྲ་བརྗོད་རང་དབང་མེད་པ་དང་། གནས་ལུགས་དང་བདེ་སྡུག་གི་སྐད་ཆ་ཡར་ཞུ་བྱེད་ས་རྩ་བ་ནས་མེད། ད་དུང་། མང་ཚོགས་ཁ་ཤས་ཀྱིས་བདེན་དོན་དང་སྐྱིད་སྡུག་སྐད་ཆ་ཡར་ཞུ་བྱེད་དུས་དྲག་གནོན་དང་འཛིན་བཟུང་ཁོ་ན་བྱེད་པ་ལས་མང་ཚོགས་ཀྱི་རེ་འདུན་དང་སྐྱིད་སྡུག་ལ་བསམ་ནས་ ཐག་གཅོད་གང་ཡང་མེད་པ་མ་ཟད། དགོན་སྡེ་དང་གྲྭ་བཙུན་ལ་གཡོ་སྒྱུ་སྣ་ཚོགས་བྱས་ཏེ་བཀག་སྡོམ་བྱེད་པ་སོགས། མདོར་ན། གྲངས་ཉུང་མི་རིགས་རྩ་མེད་དུ་གཏོང་བའི་ཇུས་འགོད་ངན་པའི་བྱ་བ་གང་ཐུབ་བྱེད་བཞིན་ཡོད། ང་ཚོ་མང་ཚོགས་ཚང་མའི་རེ་བ་གཙོ་བོ་ནི་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕོ་བྲང་པོ་ཏ་ལའི་ནང་དུ་ཞབས་སོར་འགོད་དགོས་པ་དེ་ཡིན། ང་ཚོ་ལ་བདེན་དོན་དང་གནས་ལུགས་སོགས་གང་ཡང་བཤད་དབང་མེད་པའི་ཕྱིར། ངའི་ཚེ་སྲོག་གིས་སྤྱིར་འཛམ་བུ་གླིང་དང་ནང་དགོས་སུ་རྒྱ་ནག་སྲིད་གཞུང་དང་མི་དམངས་ལ་བདེན་དཔང་བྱེད་དགོས་བྱུང་། ཤ་རུས་གཅིག་ལས་ཆེད་པའི་སྤུན་ཟླ་རྣམས་ཀྱིས་གོ་མེད་ཚོར་མེད་མ་གནང་ནས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་མ་འོངས་བར་མི་རིགས་འདིའི་བདེན་མཐའ་གསལ་ཆེད་དུ་ཚང་མས་འབད་བརྩོན་ཅི་ནས་གནང་རོགས་ཞུ། གྲྭ་བསོད་ནམས་སྟོབས་རྒྱལ་ནས་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༧ པའི་ཚེས་ ༡ ཉིན་ཤར་མར་བྲིས། ཞེས་བྲིས་འདུག

རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་འདི་ཐོག་མར་འབྱོར་སྐབས། གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས་རྒྱ་གཞུང་ཉེན་རྟོག་པའི་ལག་ཏུ་ཤོར་མེད་པར། མཐའ་འཁོར་གྱི་བོད་མི་ཚོས་སྨན་ཁང་དུ་འཁྲིད་ཡོད་པ་དང་། སྐབས་དེར་སྐུ་གྲོངས་མེད་ཚུལ་ཐོན་ཡོད་ཀྱང་། ཚེས་ ༡༣ ཉིན་བརྙན་ཐུང་ཞིག་འབྱོར་བའི་ནང་། ཁོང་གིས་རང་ལུས་མེར་བསྲེགས་གནང་དེ་ཅུང་མ་འགོར་བར་རྒྱ་ནག་གི་ཉེན་རྟོག་པ་འབྱོར་ཏེ་མེ་གསོད་ཐབས་བྱས་ཡོད་པ་དང་། ཁ་སང་ཚེས་ ༡༥ ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཆོས་རིགས་ལས་ཁུངས་ཀྱིས་དྷ་ས་གཙུག་ལག་ཁང་དུ་བསྔོ་སྨོན་མཆོད་འབུལ་གནང་སྐབས་བསོད་ནམས་སྟོབས་རྒྱལ་ཁོང་འདས་གྲོངས་སུ་ཕྱིན་ཡོད་པའི་གསལ་བསྒྲགས་གནང་སོང་།

བློ་བཟང་ཚེ་རིང་ལགས་ཀྱིས་བརྗོད་དོན། གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་མ་ཐག་སྐྱེ་དགུ་མདོ་ཡོངས་རྫོགས་ཀྱི་དྲ་བའི་བརྒྱུད་ལམ་ཁག་བཀག་སྡོམ་བྱས་ཏེ་གནས་ཚུལ་གང་ཡང་རག་ཐབས་མི་འདུག ཕྱི་ཚེས་ ༡༣ ཉིན་སྐུ་ལུས་མེར་བསྲེགས་གནང་བའི་བརྙན་ཐུང་ཞིག་རག་སོང་། མདང་ནུབ་མཚན་ཆུ་ཚོད་ ༡།༠༠ ཙམ་ལ་ངའི་གྲོགས་པོ་ཞིག་ལ་བོད་ནས་ཞལ་ཆེམས་ཡི་གེ་དེ་འབྱོར་འདུག ཅེས་བརྗོད་སོང་།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༢ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༤ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 2

  1. གནས་ཚང་། says:
    ལོ་ 11 སྔོན།

    དཔའ་བོར་གུས་འདུད་ཡོད། འོན་ཀྱང་། ཞལ་ཆེམས་ཡི་གེ་ཟེར་བའི་ནང་དུ་༼གུས་པ༽བཀོད་འདུག་པ་ནི་བསམ་བློ་གཏོང་ས་གཞན་ཞིག་རེད།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 11 སྔོན།

    ཤ་ཉེ་ཚོ་དབུས་མ་དང་། རང་བཙན་རྩོད་ནས་མ་འདུག །ཁོང་གི་ཞལ་ཆེམས་ལ་བསམ་བློ་ཞིག་བཏང་ནས་མཐུན་སྦྲེལ་དམ་གཙང་ཐོག་གུང་ཁྲན་ཏང་གི་སྲིད་གཞུང་ངན་པ་དེ་ལ་ལན་འདེབས་ཤིག་སློབ་ཨེ་ཐུབ་ལྟོས། བོད་པ་ཚང་ཐུགས་རྗེ་གཟིགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese