མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རོལ་དབྱངས་དུས་སྟོན་ཕྱིར་བསྡུ།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨ་རིའི་རོལ་དབྱངས་དུས་སྟོན་གོ་སྒྲིག་བྱེད་མཁན་གྱི་ཁེ་ལས་ལ་གནོན་ཤུགས་སྤྲད་དེ་རྒྱ་ནག་པེ་ཅིན་དང་ཧྲང་ཧེ་སོགས་སུ་འཚོགས་འཆར་གྱི་རོལ་དབྱངས་འདུ་འཛོམས་ཏེ་ཕྱིར་བསྡུ་བྱེད་བཅུག་ཡོད་འདུག

ཁ་སང་བྷི་བྷི་སི་གསར་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༡༦ ཉིན་ཨ་རིའི་ཁེད་ལི་ཧྥོར་ཎེ་ཡ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་རོལ་དབྱངས་སྤྲོ་སྟོན་ཁེ་ལས་ (Live Nation) ཞེས་པས་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་ཕྱི་ཟླ་ ༩ པའི་ནང་། ཁང་དེས་ཨ་རིའི་དེང་དུས་རོལ་དབྱངས་རུ་ཁག་མཱ་རོན་ལྔ་པ་ (Maroon 5)ཞེས་པས་རྒྱ་ནག་རྒྱལ་ས་པེ་ཅིན་དང་ཧྲང་ཧེ་གྲོང་ཁྱེར་དུ་རོལ་དབྱངས་འདུ་འཛོམས་བསྐོང་འཆར་ཡོད་པ་དེ་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བསྒྲགས་པ་ལས་རྒྱུ་མཚན་གང་ཡིན་ཁ་གསལ་བྱས་མེད་ཀྱང་། རོལ་དབྱངས་རུ་ཁག་ལ་དགའ་མོས་བྱེད་མཁན་ཚོས་དེ་སྔོན་མཱ་རོན་ལྔ་པའི་རོལ་དབྱངས་རུ་ཁག་གི་སྒྲ་སྙན་གཏོང་མཁན་ཇཱེ་སི་ཁཱར་མེ་ཅལ་ (Jesse Carmichael) ལགས་ཀྱིས་སྤྱི་ཚོགས་དྲ་རྒྱ་ཌུའུ་ཌར་ཐོག་ཏཱ་ལའི་བླ་མ་མཆོག་གི་འཁྲུངས་སྐར་ལ་ཤིག་ཚིག་ཅིག་བྲིས་ཡོད་པ་མ་ཟད། སྐུའི་གྱ་སྟོན་སྐབས་གླུ་གཞས་བཏང་ཡོད་སྟབས། རྒྱ་ནག་གཞུང་ཁོང་ཁྲོ་ལངས་ཏེ་རོལ་དབྱངས་འདུ་ཚོགས་དེ་མེད་པ་བཟོས་པ་ཞིག་ཡིན་སྐོར་བརྗོད་འདུག

སི་ཨན་ཨན་གསར་ལམ་སྟེང་རོལ་དབྱངས་འདུ་ཚོགས་གོ་སྒྲིག་ཞུ་མཁན་ཨ་རིའི་རོལ་དབྱངས་སྤྲོ་སྟོན་ཁེ་ལས་ (Live Nation) ཀྱིས། ད་ཐེངས་བརྗོད་པར་དཀའ་བའི་རྒྱུ་རྐྱེན་ཞིག་གི་དབང་གིས་རྒྱ་ནག་ནང་རོལ་དབྱངས་འདུ་ཚོགས་དེ་གཉེར་ཐུབ་མ་སོང་བས། ང་ཚོས་རྒྱ་ཆེའི་གཟིགས་མོ་བ་ཚོར་དགོངས་པ་མ་ཚོམ་ཞུ་རྒྱུ་མ་ཟད། གང་མགྱོགས་འཛིན་བྱང་ཉོ་མཁན་ཚོའི་དངུལ་འབབ་ཕྱིར་ལོག་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

རྒྱ་ནག་གི་ཝེ་པའོ་དྲ་བའི་སྟེང་མིང་ལ་ (Qi Chu) ཞེས་པ་ཞིག་གིས། ངས་ཇཱེ་སི་ཁཱར་མེ་ཅལ་ལགས་ཀྱིས་རྒྱ་ནག་རྒྱལ་འབངས་ལ་སྡང་སེམས་བཅངས་ནས་བྱ་འགུལ་དེ་སྤེལ་མེད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་མ་ཟད། གཞུང་གིས་དེར་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་མེད་ཀྱང་ཤེས་ཀྱི་ཡོད་སྟབས། ད་ཐེངས་ཀྱི་རོལ་དབྱངས་འདུ་ཚོགས་དེ་སུས་བཀག་འགོག་བྱས་ཀྱང་སྡུག་བསྔལ་མྱོང་མཁན་ནི། རོལ་དབྱངས་ལ་དགའ་མོས་བྱེད་མཁན་དག་ཡིན་པ་ལས་གཞུང་དང་མི་སྒེར་ལ་དོ་ཕོག་གང་ཡང་འགྲོ་བ་མ་རེད། ཅེས་དང་། ཡང་མི་གཞན་ཞིག་གིས། མི་ཞིག་གིས་གྲོགས་པོའི་སྐྱེས་སྐར་གྱི་དགའ་སྟོན་ལ་མཉམ་རོལ་བྱས་པ་དེས། ཁོ་གཉིས་ཀྱི་ཆབ་སྲིད་ལངས་ཕྱོགས་གཅིག་པ་ཡིན་པར་བཟུང་ན་ནོར་འཁྲུལ་དང་ཉེན་ཁ་ཆེན་པོ་ཞིག་རེད། ཅེས་བརྗོད་འདུག

དབྱིན་ཡུལ་གྱི་གྷར་ཌིན་གསར་ལམ་གྱིས་རྒྱ་ནག་གི་ཝེ་པའོ་དྲ་བའི་དྲ་དམངས་ཤིག་གིས་བསམ་ཚུལ་སྤེལ་བ་ལུང་འདྲེན་བྱས་པའི་ནང་། རོལ་དབྱངས་རུ་ཁག་གིས་སོ་སོའི་བྱས་ཉེས་ལ་སྐྱོན་འཛུགས་བྱེད་དགོས་པ་ལས་གཞན་ལ་ཉེས་འཛུགས་བྱེད་དོན་མེད། གང་ཟག་དང་ཚོགས་སྒྲིག་སུས་བོད་མི་ཁ་བྲལ་བ་ཚོར་རྒྱབ་སྐྱོར་བྱས་ཚེ། ཁོ་ཚོ་རྒྱ་ནག་གི་ཐོ་གཞུང་ནག་པོའི་ནང་འགོད་དགོས་པ་ནི་འོས་ཤིང་འཚམ་པ་ཞིག་ཡིན་སྟབས། ད་ཐེངས་སྒྱུ་རྩལ་བ་ཇཱེ་སི་ཁཱར་མེ་ཅལ་གྱིས་རང་ཉིད་ཀྱི་རོལ་དབྱངས་རུ་ཁག་གི་རྐང་པ་འཐེན་པ་རེད། ཅེས་དང་། ཡང་དྲ་ཐོག་བསམ་ཚུལ་སྤེལ་མཁན་གཞན་ཞིག་གིས། ཁོ་ཚོ་རྒྱ་ནག་ནང་ནམ་ཡང་གོམ་པ་རྒྱག་ཏུ་མ་བཅུག་པ་དེ་ཡག་པོ་རེད། ཕྱི་རྒྱལ་བ་ཚོར་ང་ཚོའི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། ཅེས་བརྗོད་འདུག་ཀྱང་། ཆབ་སྲིད་དབྱེ་ཞིབ་པ་མང་པོ་ཞིག་གིས་གོང་བརྗོད་ངན་ཕྱོགས་ཀྱི་བསམ་ཚུལ་དེ་དག་ནི་རྒྱ་ནག་གཞུང་གིས་ཆེད་བཙུགས་བྱས་པའི་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་རྒྱབ་ སྐྱོར་དྲིལ་བསྒྲགས་བྱེད་མཁན་གྱི་དྲ་དམངས་(50 cent army) ཡིན་པར་ངོས་འཛིན་བྱེད་བཞིན་འདུག

༢༠༠༨ ལོར་ཨཡི་སི་ལན་ཌེ་ (Iceland) ཡི་གཞས་མ་གྲགས་ཅན་བྷེ་ཇོག་ (Bjork) གིས་ཧྲང་ཧེ་རོལ་དབྱངས་འདུ་ཚོགས་སྟེང་། བོད་རང་བཙན་ཞེས་སྐད་སྒྲ་བརྒྱབ་ཡོད་སྟབས། རྒྱ་ནག་གཞུང་གིས་སྐྱོན་འཛུགས་དང་འབྲེལ་རྒྱ་ནག་ནང་ཡོང་མི་ཆོག་པ་བཟོས་ཡོད་པ་དང་། ལོ་དེར་དབྱིན་ཡུལ་གྱི་རོལ་དབྱངས་རུ་ཁག་ཨོ་སི་སི་ (Oasis) ཡི་གཞས་པ་ཎེལ་ (Noel Gallagher) གྱིས་ཨ་རིའི་ནེའུ་ཡོག་ནང་ཚོགས་པའི་བོད་རང་དབང་གི་རོལ་དབྱངས་སྤྲོ་སྟོན་ཐོག་མཉམ་ ཞུགས་བྱས་པར་ཁ་གཡར་ཏེ། རྒྱ་ནག་ནང་སྐོར་སྐྱོད་ཕྱིར་འཐེན་བྱས་ཡོད། ༢༠༡༡ ལོར་ཨ་རིའི་རོལ་དབྱངས་རུ་ཁག་ལིན་ཀིང་པག་ (Linkin Park) གིས་ལོ་སོ་ཨན་ཇེ་ལཱ་སི་ (Los Angeles) གྲོང་ཁྱེར་ནང་ཚོགས་པའི་རྒྱལ་སྤྱིའི་གཞོན་སྐྱེས་སྒྱུ་རྩལ་བའི་ལྷན་ཚོགས་ཐོག་སྐྱོད་ཡོད་པ་མ་ཟད། བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་༧ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་སྐུ་པར་བསྒྲོན་ཡོད་སྟབས། རྒྱ་ནག་གཞུང་གིས་ཁོ་ཚོའི་རུ་ཁག་རྒྱ་ནག་ནང་སྐོར་སྐྱོད་བྱ་རྒྱུ་ཕྱིར་འཐེན་བྱས་ཡོད། ཟླ་སྔོན་མའི་ནང་༧གོང་ས་མཆོག་དབྱིན་ཡུལ་གྱི་གྷ་ལཱ་སི་ཌོན་བྷུ་རེ་ (Glastonbury) ཡི་རོལ་དབྱངས་འདུ་འཛོམས་སྟེང་ཕེབས་ཏེ། སྒྱུ་རྩལ་བ་གྲགས་ཅན་བྷུ་ཤི་ (Kate Bush) དང་ཨལ་བྷོ་(Elbow)། ལོར་ཌི་(Lorde) བཅས་སྡིངས་ཆའི་ཐོག་ཐོན་ཏེ་ (Songs for Tibet II) ཞེས་པའི་འཁོར་ཐག་ནང་གི་གཞས་ཁག་ཅིག་བཏང་ཡོད་སྟབས། རྒྱ་ནག་གཞུང་གིས་ཁོ་ཚོ་རྒྱ་ནག་ནང་ཡོང་མི་ཆོག་པ་བཟོས་ཡོད། ཟླ་འདིའི་ཚེས་ ༤ ཉིན་ཨ་རིའི་གཞས་པ་ཇཱེ་སི་ཁཱར་མེ་ཅལ་ (Jesse Carmichael) ལགས་ཀྱིས་༧གོང་ས་མཆོག་ལ་འཁྲུངས་སྐར་གྱི་ཤིས་ཚིག་ཕུལ་བར་ཁག་དཀྲིསཏེ། ཁོའི་རོལ་དབྱངས་རུ་ཁག་གི་རྒྱ་ནག་ནང་གི་རོལ་དབྱངས་དུས་སྟོན་མེད་པ་བཟོས་ཡོད། 

དེ་རིང་གསར་འགྱུར་ བརྒྱུད་ལམ་རང་དབང་ (The Independent) ཞེས་པའི་ཐོག་སྒྱུ་རྩམ་མཁས་ཅན་བྷུ་ཎོ་ལགས་ཀྱིས། རྒྱ་ནག་གཞུང་གིས་དུས་རྒྱུན་སྒྱུ་རྩལ་བར་མཐོང་ཆེན་བྱས་ཏེ། སོ་སོའི་ནུས་པ་གང་ཡོད་འདོན་སྤེལ་བྱ་རྒྱུའི་ཁོར་ཡུག་དང་སྡིངས་ཆ་སྐྲུན་བཞིན་ཡོད་སྐོར་བརྗོད་ཡོད་ཀྱང་། ད་ཆ་ཁ་བཤད་རྒྱབ་འགལ་བྱས་ནས་དོན་ཐོག་ལ་འཁྱོལ་ཐུབ་ཀྱི་མེད་སྟབས། འཛམ་གླིང་མི་མང་གི་འཕྱ་སྨོད་བྱ་ཡུལ་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་ཡོད་ཅེས་བརྗོད་འདུག

ཨ་རིའི་དེང་དུས་རོལ་དབྱངས་རུ་ཁག་མཱ་རོན་ལྔ་པ་ (Maroon 5) ཞེས་པ་འདི་ནི། ༡༩༩༤ ལོར་མགོ་བཙུགས་ཡོད་པ་དང་། རོལ་དབྱངས་རུ་ཁག་འདིའི་རུ་མི་ནི་ཨེ་ཌམ་(Adam Levine) དང་ཇཱེ་སི་ཁཱར་མེ་ཅལ་ (Jesse Carmichael)། མཱ་ཌན་(Mickey Madden) དང་ཇེམ་སི་ (James Valentine)།  མཱ་ཌི་(Matt Flynn) དང་མོར་ཌོན་ (PJ Morton) བཅས་ཡིན་འདུག ཁོ་ཚོས་ང་ཚོ་འབྲུ་རྒྱུར་དགའ་པོ་ཡོད་ (We Like Digging?) ཅེས་པ་དང་འཛམ་གླིང་བཞི་པ་ (The Fourth World)། ཇེ་ཎེ་སྐོར་གྱི་གླུ་གཞས་ (Songs About Jane) ཞེས་པ་སོགས་སྙན་གྲགས་ཅན་གྱི་གླུ་གཞས་འཁོར་ཐག་ཁག་ཅིག་སྟོན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༡༨ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese