མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་དང་ཡུ་གུར་བ་ཕྱི་རྒྱལ་དུ་བསྐྱོད་པར་དམ་དྲག

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

འདི་ཟླའི་ཚེས་ ༡༥ ཉིན་ཧོང་ཀོང་རང་དབང་གསར་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་(HRW)ཞེས་པའི་གནས་ཚུལ་བརྒྱུད་སྤེལ་བྱས་པའི་ནང་། རྒྱ་ནག་གཞུང་གིས་སྔར་རྗེས་སུ་ཕྱི་སྐྱོད་ལག་འཁྱེར་བཀག་སྡོམ་གྱི་སྲིད་ཇུས་སྤེལ་ཏེ། བོད་མི་དང་ཡུ་གུར་བ་གཙོས། གྲངས་ཉུང་མི་རིགས་ས་ཁུལ་ཁག་དང་ཁོ་ཚོའི་ཆོས་ལུགས་བྱེད་སྒོ་ཁག་བཅས་ལ་དམ་དྲག་བྱེད་ཀྱི་ཡོད་སྟབས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ངོས་ནས། རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་དང་འབྲེལ་བའི་ཕྱི་སྐྱོད་ལག་འཁྱེར་བཀག་སྡོམ་སྲིད་ཇུས་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད་སྐོར་བཀོད་འདུག

ཡང་ཕྱི་ཚེས་ ༡༢ ཉིན་བསྒྲགས་པའི་གནས་ཚུལ་ནང་བཀོད་དོན་ལྟར་ན། བོད་དང་ཡུ་གུར་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་ཡུལ་མི་ཚོས་ཕྱི་སྐྱོད་ལག་འཁྱེར་བཟོ་བར་ཉུང་མཐར་ཡང་ལོ་ ༥ ལྷག་ལ་སྒུག་སྡོད་དགོས་པ་མ་ཟད། ཡུལ་མི་ཁ་ཅིག་ལ་རྒྱུ་མཚན་གསལ་བཤད་གང་ཡང་མེད་པར་ཕྱི་སྐྱོད་ལག་འཁྱེར་སྤྲོད་ཀྱི་མེད་འདུག གནས་ཚུལ་དེའི་ནང་མུ་མཐུད་བཀོད་དོན། སྤྱིར་བཏང་ཡིན་ན་རྒྱ་ནག་ཧན་གྲངས་མང་མི་རིགས་ས་ཁུལ་ཁག་ནང་ཕྱི་སྐྱོད་ལག་འཁྱེར་ཞིག་ཉིན་ ༡༥ ནང་བཟོ་བཞིན་ཡོད་ནའང་། ཉེ་ལམ་ནས་ཕྱི་སྐྱོད་ལག་འཁྱེར་བཟོ་བའི་སྒྲིག་འཛུགས་ལ་འགྱུར་བ་བཏང་སྟེ། བོད་མི་ནང་བ་ཚོ་རྒྱ་གར་ནང་ཏཱ་ལའི་བླ་མའི་གསུངས་ཆོས་ཞུ་རུ་འགྲོ་བ་དང་། ཡུ་གུར་ཁ་ཆེ་དང་རྒྱ་ཁ་ཆེ་ཚོ་སུ་ཌེ་ཨ་ར་བྷེ་ཡ་ (Saudi Arabia) ནུབ་རྒྱུད་ཀྱི་གྲོང་ཁྱེར་མི་ཁའི་ (Mecca) ནང་མཆོད་མཇལ་དུ་འགྲོ་བ་སོགས། རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་རྣམས་ཕྱིའི་རྒྱལ་ཁབ་ཁག་ནང་གནས་སྐོར་མཆོད་མཇལ་དུ་བསྐྱོད་པར་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱི་སྐྱོད་ལག་འཁྱེར་བཀག་སྡོམ་བྱེད་པའི་དམིགས་བྱ་གཙོ་བོ་དེ་ཡང་ཆོས་དད་ས་ཁུལ་གྱི་གྲངས་ཉུང་མི་རིགས་རྣམས་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ལས་འགུལ་ནང་ཞུགས་པར་བཀག་འགོག་བྱ་ཆེད་ཡིན་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་ ༢༠༡༢ ལོར་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཏཱ་ལའི་བླ་མའི་གསུངས་ཆོས་དེ་ཡང་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་དབང་མགོ་སྟེང་སློག་འདོད་ཀྱི་ཆབ་སྲིད་ལས་འགུལ་ཞིག་ཡིན་པ་ཀུན་གྱིས་དོ་སྣང་དགོས་ཚུལ་ཁྱབ་བསྒྲགས་བྱས་ཡོད་འདུག

གནས་ཚུལ་འདིའི་ནང་མི་སྒེར་དྲ་ཚིགས་གཉེར་མཁན་བོད་མི་ཞིག་གི་སྐད་ཆ་དྲངས་དོན། གཞིས་སྡོད་བོད་མི་ཞིག་ལ་ཕྱི་སྐྱོད་ལག་འཁྱེར་རེག་རྒྱུ་དེ་ཡར་ལྷ་ཡུལ་དུ་འགྲོ་བ་ལས་ཀྱང་དཀའ་སྡུག་ཆེ་ནི་རེད། འདི་རྒྱ་ནག་དབུས་གཞུང་གིས་ང་ཚོ་བོད་པ་ཚོར་བཟུང་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཡིན་འདུག ཅེས་བཀོད་འདུག

༢༠༡༢ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་བོད་མིའི་སྡོད་གནས་ས་ཁུལ་ཁག་ནང་དྲིལ་བསྒྲགས་སྒོས་ཡུལ་མི་དཀྱུས་མ་ཚོའི་ཕྱི་སྐྱོད་ལག་འཁྱེར་བཙན་འཕྲོག་བྱེད་མགོ་བརྩམས་ཏེ། ད་ལྟའི་བར་ས་ཁུལ་དེ་དག་ནང་ཡུལ་མི་ས་ཡ་ ༣ ལྷག་གི་ཕྱི་སྐྱོད་ལག་འཁྱེར་བཀག་སྡོམ་བྱས་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ཚོགས་གཙོ་ལྕམ་སོ་ཧྥེ་ཡ་རེ་ཆར་ཌི་སོན་ལགས་ཀྱིས། རྒྱ་ནག་གི་དཔོན་རིགས་ཚོིའི་བསམ་པར་ཁོ་ཚོས་འཆར་གཞི་ལྡན་པའི་སྒོ་ནས་བོད་མི་ཚོའི་ཡུལ་སྐོར་ལྗོངས་རྒྱུའི་ཁེ་ཐོབ་འཕྲོག་པ་དེས་བོད་ནང་སྔར་བས་བརྟན་ལྷང་ཡོང་བར་ཡིད་ཆེས་བྱེད་ཀྱི་ཡོད་ནའང་། དོན་དངོས་སུ་རྒྱ་ནག་གཞུང་གིས་བོད་མི་ཚོར་ཡང་ཕྱི་སྐྱོད་ལག་འཁྱེར་འདྲ་མཉམ་དུ་འཐོབ་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱས་པ་ཡིན། ད་གཟོད་གཞི་ནས་བོད་མི་ཚོས་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་ངེས་རེད། ཅེས་ཟེར།

གནས་ཚུལ་བཀོད་གསལ་ལྟར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ངོས་ནས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཆབ་སྲིད་ཀྱི་ཐོབ་ཐང་ཁག་ཐག་ལག་བསྟར་དགོས་པ་མ་ཟད། རྒྱལ་ནང་གི་རྩ་ཁྲིམས་ནང་ཆབ་སྲིད་འགུལ་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་རྩ་ཁྲིམས་དང་བསྟུན་དགོས་པའི་འབོད་སྐུལ་ཞུས་ཡོད་རུང་། རྒྱ་ནག་གི་དཔོན་རིགས་ཚོས་དེ་དོན་ཁས་ལེན་མི་བྱེད་པར། ཁོ་ཚོས་ཆོད་དད་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཚོའི་ཕྱི་སྐྱོད་ལག་འཁྱེར་བཀག་སྡོམ་བྱས་མེད་ལུགས་དང་། ལས་རིམ་འདི་ལ་འགོར་འགྱང་བྱུང་བའི་རྒྱུ་མཚན་ཡང་ཕྱི་སྐྱོད་ལག་འཁྱེར་བཟོ་བའི་སྙན་ཞུ་ཁག་ཅག་ལ་རྙོག་འཛིང་ཆེ་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་དང་། སྤྱིར་གོང་བཀོད་གནས་ཚུལ་འདི་དག་རྒྱ་ནག་གཞུང་འབྲེལ་ཡིག་ཆ་དང་གཞིས་སྡོད་བོད་མི་སོགས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཡུལ་མི་ཁག་ཅིག་ལ་བཅར་འདྲ་ཞུས་པ་གཞིར་བཟུང་བ་ཡིན་ནའང་། རྒྱ་ནག་གཞུང་གིས་ཐེངས་འདིའི་ཁུངས་འཕེར་གནས་ཚུལ་འཚོལ་བསྡུ་ལ་བཀག་འགོག་བྱས་ཏེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་དགྲ་རུ་བཟུང་ ནས་རྟོག་ཞིབ་བྱེད་ཀྱི་ཡོད་པའི་བསྐྱོན་བརྗོད་བྱས་འདུག་ལ། གནས་ཚུལ་འདི་ཉེ་ལམ་བོད་པའི་མི་གྲྭ་བ་ཞིག་གིས་རྒྱ་ནག་གཞིང་གིས་བོད་ཀྱི་ཆོས་དད་རང་དབང་ལ་དམ་དྲག་བྱེད་མུས་ཡིན་པར་ངོ་རྒོལ་བྱས་ཏེ། རང་ལུས་མེར་བསྲེགས་བཏང་ནས་ཉིན་འགའི་རྗེས་སུ་སྤེལ་བ་ཡིན་ཞིང་། འདི་ནི་ད་ལོའི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལས་འགུལ་ཐེངས་དྲུག་པ་དེ་ཆགས་ཡོད་ལ། ༢༠༠༩ ལོ་ནས་ད་ལྟའི་བར་བོད་མི་ ༡༤༢ ལྷག་རང་ལུས་མེར་བསྲེགས་ལས་འགུལ་ཁྲོད་འདས་གྲོངས་སུ་གྱུར་འདུག

གནས་ཚུལ་འདིའི་ནང་མུ་མཐུད་བརྗོད་དོན། རྒྱ་ནག་ནང་གི་ཆོས་དད་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཁག་གིས་རྒྱ་ནག་གཞུང་གིས་ཁོ་ཚོ་མི་སེར་གྲལ་རིམ་གཉིས་པར་དབྱེ་གཅོད་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ཁ་ཅིག་གིས་དྲག་པོའི་འཁོན་ལན་ཡང་སློག་གི་ཡོད། ཡང་རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་གཉིས་དམིགས་འབེན་དུ་བཟུང་སྟེ། རྒྱལ་ནང་གི་ཟིང་འཁྲུག་དང་ཁ་བྲལ་གྱི་བམས་སྦྱོར་བཅས་ལ་འགོག་རྒོལ་བྱེད་ཆེད། དྲག་སྤྱོད་རིང་ལུགས་པར་ཡ་ལན་སློག་གི་ཡོད་ལ། ཟླ་འདིའི་ཚེས་ ༡༣ ཉིན། རྒྱ་ནག་གི་ཉེན་རྟོག་པས་ “ཆོས་ལུགས་དམག་འཁྲུག་གི་འབོད་ཚིག”སྒྲོག་མཁན་ཞིན་ཅིང་ཡུ་གུར་བ་ (རྒྱ་ནག་གཞུང་གིས་ཁོ་ཚོ་ཁ་ཆེ་འཇིགས་སྐུལ་རིང་ལུགས་པར་འགྲེལ་བརྗོད་བྱས་ཡོད) གསུམ་དམར་གསོད་བཏང་བ་རེད། ཉིན་དེའི་སྔ་ཉིན་དགུང་ལོ་ ༦༥ སོན་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་ནས་འདས་གྲོངས་སུ་གྱུར་བ་རེད། རྒྱ་ནག་གཞུང་གིས་ཁོང་ལ་འགལ་གཏོར་ཟིང་འཁྲུག་གི་ཉེས་འཛུགས་འོག་ལོ་ ༢༠ ནས་ ༡༣ རིང་གི་ཁྲིམས་ཆད་བཅད་པ་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་པའི་འཇིགས་སྐུལ་རིང་ལུགས་པར་ཡ་ལན་སློག་པའི་བྱེད་ཐབས་དེ་དག་ནི་བོད་ནང་བརྟན་ལྷང་མ་ཡོང་བའི་འབྱུང་རྐྱེན་གཙོ་བོ་ཞིག་ཆགས་ཡོད་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། རྒྱ་གཞུང་གིས་ཞིན་ཅང་རང་སྐྱོང་ལྗོངས་ཡུ་གུར་ཁ་ཆེ་མི་རིགས་ཀྱི་ཆོས་ལུགས་བྱེད་སྒོ་ཁག་ལ་དམ་དྲག་བྱེད་མུས་ཡིན་པ་ལྟར། རྒྱ་ནག་གཞུང་གིས་ཆོས་དད་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཁག་གི་ཆོས་དད་རང་དབང་ལ་དམ་དྲག་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་གནས་འབྲེལ་ཐག https://www.hongkongfp.com/2015/07/15/china-said-to-restrict-tibetans-uyghurs-from-travel-abroad/

 

 

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༡༨ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese