མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་རུལ་སུངས་བ།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཀོང་ཏོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མགོ་གཙོ་གཞོན་པ་དང་རྒྱལ་ཡོངས་ལྟ་ཞིབ་ཁང་གི་འགན་འཛིན་ཀྲོན་ཧྲི་ཅེན་ཏང་དང་རྒྱལ་ཁབ་ཀྱི་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲ་བའི་སྟེང་། ཀོང་ཏོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མགོ་གཙོ་གཞོན་པ་ཟུར་པ་དང་ཞིང་ཆེན་རྒྱལ་ཡོངས་ལྟ་ཞིབ་ཁང་གི་འགན་འཛིན་ཀྲོན་ཧྲི་ཅེན་ (Zhong Shijian) གྱིས་ཁྲིམས་འགལ་ཚབས་ཆེན་བྱས་པའི་གྱོད་དོན་ལ་ཞིབ་བཤེར་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་གོ་གནས་ནས་གནས་དབྱུང་བཏང་ཡོད་པ་གསལ་བསྒྲགས་བྱས་འདུག

གོང་གི་གནས་ཚུལ་དེའི་ནང་ཀྲོན་ཧྲི་ཅེན་གྱིས་ཆེས་མཐའ་མཇུག་གི་ལས་གནས་ནི། ཀོང་ཏོན་ཞིང་ཆེན་རུལ་སུངས་རྒོལ་རྡུང་ལས་འགུལ་ཁང་གི་འགན་འཛིན་ཡིན་འདུག ཁོས་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཞིབ་བཤེར་གྱི་སྒྲིག་ཁྲིམས་སོགས་ལ་ཁྲིམས་འགལ་ཚབས་ཆེན་བྱས་ཏེ། གཞན་གྱི་གྱོད་དོན་ཐག་གཅོད་ལ་ཐེ་གཏོགས་བྱས་པ་དང་གསང་བའི་གནས་ཚུལ་ཉེས་ཅན་ལ་སྤྲད་པ། དབང་ཆ་སྒེར་སྤྱོད་བྱས་ཏེ་ལྐོག་རྔན་བླངས་པ། དབུས་གཞུང་གི་ཐག་གཅོད་དོན་ཚན་བརྒྱད་དང་ཁྲིམས་འགལ་ཚབས་ཆེན་བྱས་ཏེ། གཞན་གྱི་གདན་ཞུ་ལ་འཛུལ་བཞུགས་བྱས་པ་དང་། དཔོན་རིགས་འདེམས་བསྐོ་དང་ཚོང་འབྲེལ་མི་སྣའི་ཁེ་དབང་ཆེད་དངུལ་འབོར་ཆེན་བླངས་པ། རང་ཉིད་ཀྱི་གོ་གནས་འཕར་ཆེད་གཞན་ལ་ལྐོག་རྔན་སྤྲད་པ་སོགས་ཀྱི་ནག་ཉེས་ཡོད་སྐོར་བཀོད་འདུག

གཞན། ཀྲོན་ཧྲི་ཅེན་གྱིས་ཞིབ་བཤེར་རུ་ཁག་གི་བྱ་འགུལ་ལ་ཐེ་གཏོགས་བཀག་འགོག་བྱས་པ་དང་། ལྐོང་རྔན་སྤྲད་པའི་མི་དང་མཉམ་འབྲེལ་གྱིས་དངུལ་སྒོར་དང་རྩ་ཆེའི་རྒྱུ་ནོར་གནས་སྤོར་སྦེད་སྐོང་བྱས་པའི་དོགས་གཞི་ཡོད་སྟབས། གནད་དོན་དེ་ཁྲིམས་འཛིན་ལྷན་ཁང་ལ་རྩིས་སྤྲོད་བྱས་ཡོད་པ་དང་ཁྲིམས་ལུགས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་ཡང་བསྒྲགས་འདུག

རྒྱ་ནག་ཚད་ཞིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༣ ཚེས་ ༣༠ ཉིན་ཀྲོན་ཧྲི་ཅེན་བཀག་གཉར་བྱས་ཡོད་པ་དང་། ཟླ་ ༤ ཚེས་ ༡ ཉིན་དབུས་སྒྲིག་ཁྲིམས་ཞིབ་བཤེར་དྲ་བའི་སྟེང་ཀྲོན་ཧྲི་ཅེན་གོ་གནས་ནས་ཕབ་སྟེ་ཞིབ་བཤེར་བྱེད་བཞིན་ཡོད་པ་ཁྱབ་བསྒྲགས་བྱས་ཡོད། ཕྱི་ཟླ་ ༦ ཚེས་ ༢༥ ཉིན་ཁོ་ཀོང་ཏོན་ཞིང་ཆེན་སྲིད་གྲོས་ཚོགས་མིའི་གོ་གནས་ནས་ཕབ་ཡོད་འདུག ཁོ་བཀག་གཉེར་བྱེད་པའི་རྒྱུ་རྐྱེན་ཡང་ཉེ་སྔོན་ཀོང་ཏོན་ཞིང་ཆེན་སྲིད་གྲོས་མགོ་གཙོ་ཀྲའུ་མིན་གོ་ (Zhu Mingguo)ཡི་གྱོད་དོན་དང་འབྲེལ་བ་ཡོད་པ་སོགས་བཀོད་འདུག

ཕྱི་ཟླ་ ༤ ཚེས་ ༣ ཉིན་ཞཱིན་ཐང་རིན་དྲ་བའི་སྟེང་དཔྱད་གླེང་པ་ཐཱང་ཅིན་ཡོན་ (Tang Jingyuan) གྱིས། ཝང་ཆེ་ཧྲན་གྱིས་ཁོ་རང་གི་ལག་འོག་གི་དཔོན་རིགས་ཚོར་རྒོལ་རྡུང་བཏང་པ་དེ་ཕྱིའི་ངོ་བོར་བལྟས་ན་ཡ་ང་སྙིང་རྗེ་མེད་པ་ཞིག་མཚོན་གྱི་ཡོད་ཀྱང་། དོན་དངོས་སུ་རྒྱ་ནག་གི་སྒྲིག་འཛུགས་ཡོངས་རྫོགས་ནང་ལྐོག་ཟ་རུལ་སུངས་ཀྱིས་ཁེངས་ཡོད་པ་ཞིག་མཚོན་གྱི་ཡོད། དེ་དང་མཉམ་དུ་ཝང་ཆེ་ཧྲན་ལ་ད་དུང་རྒོལ་རྡུང་གཏང་དགོས་པའི་འཐབ་རྩོད་ཆེན་པོ་ཞིག་ལྷག་ཡོད་པ་སྟོན་གྱི་ཡོད། ཅེས་བརྗོད་འདུག

ཀྲོན་ཧྲི་ཅེན་ནི་ཕྱི་ལོ་ ༡༩༥༦ ལོའི་ཟླ་ ༥ བའི་ནང་ཧྲན་ཏོན་ཞིང་ཆེན་ཏེན་པེ་ནས་སྐྱེས་ཤིང་། ༡༩༧༥ ལོའི་ཟླ་ ༡༢ པར་གུང་ཁྲན་ཏང་ནང་ཞུགས་ཡོད་པ་དང་། ཧེ་ནན་དགེ་མཐོན་སློབ་ཆེན་ནས་མཐར་ཕྱིན་རྗེས་ཀོང་ཏོན་ཞིང་ཆེན་ཏང་གི་སློབ་ཆེན་ནས་དཔལ་འབྱོར་ཆེད་སྦྱོང་བྱས་ཡོད་འདུག ཁོང་གི་ལོ་རྒྱུས་ཁྲོད་ཀྲུའུ་ཧེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་མགོ་གཙོ་གཞོན་པ་དང་གྲོང་ཁྱེར་ཏང་གི་རྩ་འཛུགས་ཚོགས་པའི་མགོ་གཙོ་སོགས་ཀྱི་ལས་ཀ་བྱས་ཡོད་འདུག ༢༠༡༣ ལོའི་ཟླ་ ༣ པའི་ནང་ཀོང་ཏོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་འགན་འཛིན་གཞོན་པར་བསྐོས་ཡོད་འདུག  

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༡༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese