མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་ཆེའི་ལག་བྲིས་མའི་དཔེ་རྙིང་ལག་སོན།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དབྱིན་ཡུལ་གྱི་བྷར་མིན་གྷམ་གཙུག་ལག་སློབ་ཆེན་གྱི་ཉམས་ཞིབ་པ་ཁག་ཅིག་གིས་ཨི་ར་བྷེག་སྐད་ཡིག་ཐོག་བྲིས་པའི་ཁ་ཆེའི་དཔེ་ཆ་ཁྲུའུ་རན་གྱི་ལག་བྲིས་མ་རྙིང་ཤོས་དེ་བརྙེད་ཡོད་འདུག

དེ་རིང་དབྱིན་ཡུལ་གྱི་བྷར་མིན་གྷམ་ (Birmingham) གཙུག་ལག་སློབ་ཆེན་གྱི་ཉམས་ཞིབ་པ་ཁག་ཅིག་གིས། ཟླ་ཤས་རིང་དུས་རབས་གཅིག་ལྷག་ཙམ་རིང་གཙུག་ལག་སློབ་ཆེན་གྱི་དཔེ་མཛོད་ཁང་གི་དཀྱིལ་ཤར་ཡུལ་གྲུའི་དཔེ་དེབ་དང་ཡིག་ཚགས་གྲས་སུ་ཉར་ཚགས་བྱས་པའི་ཨི་ར་བྷེག་ (Arabic) གི་ལག་བྲིས་མའི་དཔེ་རྙིང་འགར་ཉམས་ཞིབ་བྱས་པ་བརྒྱུད། དེ་དག་ནི་ལོ་ངོ་ ༡༣༧༠ ལྷག་གི་གོང་དུ་ཨི་ར་བྷེག་གི་སྐད་ཡིག་ཐོག་བྲིས་པའི་ཁ་ཆེའི་དཔེ་ཆ་ཁུའུ་རན་ (Koran) གྱི་ལག་བྲིས་མའི་དཔེ་རྙིང་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་སྟེང་གི་ཁུའུ་རན་གྱི་ལག་བྲིས་མ་རྙིང་ཤོས་དེ་ཡང་ཆགས་ཡོད་སྐོར་བསྒྲགས་འདུག

བྷི་བྷི་སི་ཐོག་བྷར་མིན་གྷམ་གཙུག་ལག་སློབ་ཆེན་གྱི་ཡིག་ཚགས་ཕྱོགས་བསྡུས་ཀྱི་འགན་འཛིན་ལྕམ་སུ་སན་ཝར་རལ་ (Susan Worrall) ལགས་ཀྱིས། ང་ཚོས་རྒྱལ་སྤྱིའི་ཐོག་གི་ཁ་ཆེའི་དཔེ་ཆ་ཁུའུ་རན་གྱི་ལག་བྲིས་མ་རྙིང་ཤོས་དེ་གསར་རྙེད་བྱུང་བར་དགའ་སྤྲོ་དཔག་མེད་བྱུང་བ་མ་ཟད། ལོ་རྒྱུས་ཐོག་གི་སྟོང་ཆ་གལ་ཆེན་ཞིག་ཀྱང་བསྐངས་ཐུབ་ཡོད། ཅེས་དང་། ཡང་དབྱིན་ཡུལ་གྱི་དཔེ་མཛོད་ཁང་གི་ཡིག་མཁས་པ་ཝ་ལེ་ (Dr Waley) ལགས་ཀྱིས། ཡིག་ཚགས་འདི་གཉིས་ནི་ཁ་ཆེའི་སྟོན་པ་ཁྲི་ཐོག་དང་པོ་གསུམ་གྱི་སྐབས་ཏེ། ཕྱི་ལོ་ ༦༣༢ ནས་ ༦༥༦ ལོའི་སྐབས་སུ་བྲིས་པའི་ཨི་ར་བྷེག་སྐད་ཡིག་ཐོག་གི་ལག་བྲིས་མ་ཞིག་ཡིན་སྟབས། འདིས་ཁ་ཆེ་བ་ཚོར་སྤྲོ་བ་གསར་པ་ཞིག་སྦྱིན་གྱི་རེད། ཅེས་བརྗོད་འདུག

བྷར་མིན་གྷམ་གྱི་འཕྲིན་ (Birmingham Mail) སྟེང་གནས་ཚུལ་སྤེལ་བ་ལྟར་ན། གསར་རྙེད་བྱུང་བའི་ལག་བྲིས་མ་དེ་དག་ནི་ཨི་རག་མཱོ་སུལ་ (Mosul) གྲོང་ཁྱེར་ནང་སྐྱེས་པའི་ཡེ་ཤུའི་ཆོས་དཔོན་ཨལ་ཧྥོན་སེ་ (Alphonse Mingana) ཡིས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་བསྐྱོད་ནས་ཕྱོགས་བསྡུས་བྱས་པའི་ཡིག་ཚགས་ཡིན་པ་གང་ཞིག ༡༩༢༠ ལོར་དབྱིན་ཡུལ་ནང་དབོར་འདྲེན་གྱིས་ད་བར་བྷར་མིན་གྷམ་གཙུག་ལག་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་དཀྱིལ་ཤར་ཡུལ་གྲུ་ནས་ཕྱོགས་བསྡུས་གསོག་འཇོགས་བྱས་པའི་ཡིག་རྙིང་ ༣༠༠༠ ཡི་ཁོངས་ཉར་ཚགས་བྱས་པ་ཞིག་ཡིན་འདུག

ཉེ་ཆར་ཉམས་ཞིབ་པ་མང་པོ་ཞིག་གིས་ཁ་ཆེའི་དཔེ་ཆ་ཁྲུའུ་རན་གྱི་ཆ་ཤས་མང་པོ་ཞིག་ཏ་ལའི་ལོ་མ་དང་ཀོ་ཤོག རྔ་མོང་གི་དཔུང་རུས་སོགས་ཀྱི་ཐོག་བྲིས་པ་དེ་འདྲ་ཡོད་པའི་བསམ་ཚུལ་ཤུགས་ཆེ་སྤེལ་ཡོད་སྟབས། བྷར་མིན་གྷམ་གཙུག་ལག་སློབ་ཆེན་དང་ཨོག་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་གྱི་རྫས་འགྱུར་བརྟག་དཔྱད་ཚན་པ་ (Radiocarbon Accelerator Unit) གཉིས་མཉམ་འབྲེལ་བྱས་ཏེ། གསར་རྙེད་བྱུང་བའི་ལག་བྲིས་མ་དག་ལ་བརྟག་དཔྱད་བྱས་པ་བརྒྱུད་ལག་བྲིས་མ་དེ་དག་ནི། ཕྱི་ལོ་ ༥༦༨ ནས་ ༦༤༥ སྐབས་སུ་ཀོ་ཤོག་ཐོག་བྲིས་པའི་ཁ་ཆེའི་དཔེ་ཆ་ཁྲུའུ་རན་གྱི་ལག་བྲིས་མ་རྙིང་ཤོས་ཡིན་པ་ར་འཕྲོད་བྱས་ཡོད་པ་རེད་ཅེས་བཀོད་འདུག

རོའུ་ཌར་གསར་ལམ་ཐོག་ཨོག་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་གྱི་ཡེ་ཤུ་དང་ཁ་ཆེའི་གྲུབ་མཐའ་འཆད་ཁྲིད་གནང་མཁན་གྱི་དགེ་རྒན་ཆེན་མོ་བ་དང་གསར་རྙེད་བྱུང་བའི་ལག་བྲིས་མར་རྟོག་ཞིབ་གནང་མཁན་གྱི་ཉམས་ཞིབ་པ་ཌ་ཝུ་ཌི་ཋོ་མཱ་སེ་ (David Thomas) ལགས་ཀྱིས། ང་ཚོས་ཁ་ཆེའི་ཆོས་འབྱུང་དང་གྲུབ་མཐའ་ཁག་ལ་བལྟས་ཚེ། ཁ་ཆེའི་སྟོན་པ་མཱོ་ཧཱ་མཱ་ཋ་ (Prophet Mohammed) མཆོག་ཕྱི་ལོ་ ༦༡༠ ནས་ ༦༣༢ ལོའི་བར་སྐབས་སུ་ཐར་པའི་གོ་འཕང་ཐོབ་པ་ནས་སྐུ་མ་གྲོངས་སྐབས་གསུངས་པ་དང་བྲིས་པའི་ཆོས་ལ་ཁ་ཆེའི་ཆོས་ཟེར་གྱིན་ཡོད་སྟབས། ང་ཚོས་གསར་རྙེད་བྱུང་བའི་ལག་བྲིས་མར་བརྟག་དཔྱད་བྱས་པ་བརྒྱུད། ལག་བྲིས་མ་འབྲི་མཁན་དེ་ནི་ཁ་ཆེའི་སྟོན་པ་མཱོ་ཧཱ་མཱ་མཆོག་གི་དུས་སྐབས་ཀྱི་མི་ཡིན་པ་མ་ཟད། ཁོང་དང་གྲོགས་འདྲིས་བཟང་པོ་ཡོད་མཁན་ཞིག་གམ་ཡང་ན་མཇལ་མྱོང་བའམ། ཁོང་གི་གསུང་ཆོས་གོ་ཐོས་ཡོད་མཁན་ཞིག་ཡིན་པ་ཡིད་ལ་ཤར་གྱི་འདུག་སྟབས། ད་ཐེངས་གསར་རྙེད་བྱུང་བའི་ཀོ་ཤོག་སྟེང་གི་ལག་བྲིས་པ་འདི་ནི་ཁ་ཆེའི་སྟོན་པ་གྲོངས་རྗེས་ཀྱི་བཅུ་ཕྲག་གཉིས་ཀྱི་སྔོན་ལ་བྲིས་པ་ཞིག་ཡིན་འདུག ཅེས་བརྗོད་འདུག

བྷར་མིན་གྷམ་གྲོང་ཁྱེར་གྱི་ཁ་ཆེའི་ལྷ་ཁང་གི་ཚོགས་གཙོ་ཨ་ཧྥེ་ཛལ་ (Muhammad Afzal) ལགས་ཀྱིས། ངས་ཤོག་ལྷེ་དེ་ཚོར་ལྟ་སྐབས་སེམས་ལ་གཡོ་འགུལ་ཆེན་པོ་ཞིག་ཐེབས་བྱུང་བ་མ་ཟད། མིག་ནང་དགའ་སྤྲོའི་མཆི་ཞག་ཀྱང་འཁོར་བྱུང་བས། ངས་དབྱིན་ཡུལ་མང་ཚོགས་ཚོས་བྷར་མིན་གྷམ་གྲོང་ཁྱེར་ལ་ཡོང་ནས་ལག་བྲིས་པ་འདི་ཚོར་ཡུད་ཙམ་རིང་ལྟ་བར་ཡོང་རྒྱུར་རེ་བ་རྒྱག་བཞིན་ཡོད་ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

 

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese