མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མི་ཤིང་ནགས་གཅོད་མཁན་ལ་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁྲིམས་འགལ་གྱིས་རང་བྱུང་ནགས་ཚལ་གཅོད་འབྲེག་བྱེད་མཁན་རྒྱ་མི་ ༡༥༣ ལ་འབར་མའི་ཁྲིམས་ཞིབ་ཁང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག

དེ་རིང་ཞོགས་པར་བྷེ་བྷེ་སེ་གསར་ཁང་ནས་བསྒྲགས་པའི་གནས་ཚུལ་ནང་། འབར་མའི་ནུབ་ཁུལ་གྱི་ཁྲིམས་ཞིབ་ཁང་ནས་ཁྲིམས་འགལ་གྱིས་ཤིང་ནགས་གཅོད་འབྲེག་བྱེད་མཁན་རྒྱ་མི་ ༡༥༣ ལ་ཚེ་བཙོན་གྱི་ཉེས་ཆད་བཅད་ཡོད་པ་དང་འབར་མའི་རྒྱལ་ནང་དུ་ཚེ་བཙོན་གྱི་ལོ་ཚད་མི་ལོ་ ༢༠ ཡིན་སྐོར་སོགས་བཀོད་འདུག

གནས་ཚུལ་བསྒྲགས་གསལ་ལྟར་ན། ཤིང་ནགས་གཅོད་མཁན་རྒྱ་རིགས་དེ་ཚོ་ད་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་གི་བྱང་ཤར་མཐའ་མཚམས་སུ་ཉེ་བའི་འབར་མའི་ནུབ་རྒྱུད་མངའ་སྡེ་ཁ་ཆེན་ (Kachin) ཞེས་པའི་ནང་འཛིན་བཟུང་བྱས་ཡོད་པ་དང་། དེ་ཡང་ཉེ་ལམ་འབར་མའི་གཞུང་གིས་རང་བྱུང་སྐྱེ་དངོས་གཅོད་འབྲེག་བཀག་འགོག་བྱ་འགུལ་སྤེལ་བའི་སྐབས་སུ་འཇུ་བཟུང་ཐེབས་པ་ཞིག་ཡིན་ཞིང་། རྒྱ་རིགས་དེ་ཚོའི་གྲས་ཀྱི་ལོ་ན་ ༡༧ ལ་སོན་པའི་གཞོན་སྐྱེས་གཉིས་ལ་མི་ལོ་ ༡༠ དང་། དེའི་གྲས་ཀྱི་བུད་མེད་ཚོའི་ལག་ཏུ་སྨན་རྫས་རིགས་ཡོད་སྟབས། ཁོ་མོ་ཚོར་མི་ལོ་ ༢༥ ཁྲིམས་ཐག་བཅས་བཅད་ཡོད་འདུག

འབར་མའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཁིང་ (Lu Kang) ཟེར་བ་ཞིག་གིས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་ཐེངས་འདིའི་ཚད་བརྒལ་ཉེས་ཆད་སྐོར་ལ་སེམས་འཚབ་བྱེད་ཀྱི་ཡོད་པ་མ་ཟད། འབར་མའི་གཞུང་གིས་རྒྱ་རིགས་དེ་ཚོ་ཤིང་ནགས་གཅོད་འབྲེག་གི་ཉེས་འཛུགས་འོག་འཛིན་བཟུང་བྱས་པ་རེད། ཅེས་ཡང་ནས་བསྐྱར་དུ་འབར་མའི་གཞུང་ལ་སྐྱོན་བརྗོད་བྱས་ཤིང་། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་ནས། འབར་མའི་གཞུང་གིས་ཤིང་ནགས་གཅོད་མཁན་ཚོའི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ། བསམ་ཤེས་གུ་ཡངས་དང་ཁྲིམས་མཐུན་ལུགས་མཐུན་གྱི་སྒོ་ནས་གནད་དོན་ཐག་གཅོད་དགོས་སྐོར་བརྗོད་ཡོད་འདུག

གནས་ཚུལ་ལྟར་ན། འབར་མའི་དམག་གཞུང་གིས་དུས་རྒྱུན་གླང་ཆེན་མང་པོ་བཀོལ་སྤྱོད་ཀྱིས་ཤིང་ནགས་འཛད་མེད་གཅོད་འབྲེག་བྱས་ཏེ། ཧ་ལམ་འབར་མའི་རྒྱལ་ནང་གི་རང་བྱུང་ནགས་ཚལ་སྟོང་ཉེན་ཡོད་སྟབས། ༢༠༡༡ ལོ་ནས་འབར་མའི་དྲག་པོའི་སྲིད་གཞུང་གི་གཞོགས་གཏོགས་འབར་མའི་དམངས་གཞུང་གིས་རང་རྒྱལ་གྱི་བཟོ་ལས་ཐོན་སྐྱེད་ལ་ཚད་འཛིན་དང་ཤིང་ཆ་ནང་འདྲེན་བཀག་འགོག་བྱེད་མུས་ཡིན་ནའང་། མི་མང་གིས་འབར་མའི་དྲག་པོའི་དམག་གཞུང་ནས་ནམ་རྒྱུན་མཐའ་མཚམས་ཁག་ཏུ་ཤིང་ནགས་གཅོད་མཁན་ཚོ་དང་ངན་པ་ལག་འབྲེལ་བྱེད་བཞིན་པར་སྐྱོད་བརྗོད་བྱེད་ཀྱི་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

ཆུ་ཚོད་ ༢ སྔོན་ལ།
དྲ་ལམ་གྱི་པར།
Mobile App

བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།

༢༠༢༦/༠༩/༡༦
པར་མིའི་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོས་པེ་ཅིན་ལ་བསུན་པོ་བཟོ་དགོས།

༢༠༢༦/༠༩/༡༦
ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

༢༠༢༦/༠༩/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese