མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་བོད་མིའི་རེ་འབོད།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཐའེ་ཝན་ནང་གཏན་སྡོད་ཡིག་ཆ་མ་རག་པའི་བོད་མི་ ༡༥ ཡིས་ཐའེ་ཝན་རྒྱལ་ཡོངས་ཕྱི་མི་གནས་སྤོར་ལས་ཁུངས་ཀྱི་མདུན་དུ་རེ་སྐུལ་ལས་འགུལ་སྤེལ་ཡོད་འདུག

དེ་རིང་ཐའེ་པེ་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ཡི་རྒྱལ་ཡོངས་ཕྱི་མི་གནས་སྤོར་ལས་ཁུངས་ཀྱི་མདུན་དུ། ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་རྒྱབ་སྐྱོར་ཚོགས་པའི་རོགས་སྐྱོབ་འོག ཐའེ་ཝན་ནང་ཡོད་པའི་བོད་མི་ ༡༥ ལ་ཁྲིམས་མཐུན་གྱི་ཡིག་ཆ་བཟོ་ཐུབ་ཀྱི་མེད་པར་བརྟེན། ཉི་ནུབ་ཀྱི་སྲིད་ཇུས་ཀྱིས་བོད་མི་སྐྱབས་བཅོལ་བ་རྣམས་རྒྱལ་སྤྱིའི་དྭ་ཕྲུག་ཏུ་བཟོ་བཞིན་འདུག ཅེས་རེ་འབོད་ཀྱི་འཕྲེད་དར་སྣ་ཚོགས་བཟུང་སྟེ་འབོད་སྐུལ་བྱས་ཡོད་འདུག

ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ལྕམ་ཆའི་ཨེ་ལིན་ (Chiu Ee-ling) གྱིས། ཕྱི་ལོ་ ༢༠༠༠ ལོ་ནས་བོད་མི་སྐྱབས་བཅོལ་བ་ཐའེ་ཝན་ནང་ཡོང་ཡོད་པ་དང་། ཐའེ་ཝན་གཞུང་གིས་ཀྱང་གནས་སྤོར་སྒྲིག་གཞི་ལ་ལེགས་བཅོས་བཏང་སྟེ། གལ་སྲིད་སོག་པོ་དང་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ལེན་ཡོད་པའི་སྐྱབས་བཅོལ་བ་རྒྱ་གར་དང་བལ་ཡུལ་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༣༡ སྔོན་ལ་ཐའེ་ཝན་ནང་འབྱོར་ཡོད་ན། ཕྱིར་ལོག་མི་དགོས་པར་ཁྲིམས་མཐུན་གྱིས་གཏན་སྡོད་བྱེད་ཆོག་པ་བཟོས་ཡོད། ཡིན་ན་ཡང་། “ཉི་ནུབ་ཀྱི་སྲིད་ཇུས་ཞེས་པ་དེས་ ༢༠༠༨ ལོའི་རྗེས་སུ་ཐའེ་ཝན་ནང་ཡོང་བའི་བོད་པ་རྣམས་ཡང་བསྐྱར་རྒྱལ་སྤྱིའི་དྭ་ཕྲུག་ཏུ་འགྱུར་རྒྱུ་བཟོས་ཡོད་པ་རེད།” ཅེས་བརྗོད་འདུག

ཁོ་མོས་མུ་མཐུད་དུ། བོད་མི་སྐྱབས་བཅོལ་བ་ཚང་མ་རྒྱུ་མཚན་འདྲ་མིན་གྱིས་ཐའེ་ཝན་ལ་ཡོང་ཡོད་ཀྱང་། ཚང་མས་ཁྲིམས་འགལ་གྱི་གནས་སྟངས་འོག་ལས་ཀ་རག་གྱིན་མེད་པ་མ་ཟད། སྨན་བཅོས་ཀྱི་རོགས་སྐྱོར་ཅི་ཡང་ཐོབ་ཀྱི་མི་འདུག གནས་སྤོར་སྒྲིག་གཞིའི་སྲིད་ཇུས་ལེགས་བཅོས་བྱེད་པ་དེས། རྒྱབ་ལྗོངས་གཅིག་པའི་བོད་པ་ཚོར་དམིགས་བསལ་གྱི་གནས་སྟངས་ལ་རོགས་སྐྱོར་བྱ་རྒྱུ་བྱས་ཡོད་ཀྱང་། ༢༠༠༨ ལོ་ནས་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱ་རྒྱུའི་རོགས་སྐྱོར་དེ་མཚམས་འཇོག་བྱས་འདུག སྐྱབས་བཅོལ་བའི་ལས་དོན་ད་དུང་ཐའེ་ཝན་ནང་དུ་མཐོང་རྒྱུ་མེད་པ་དེ། ཐའེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་ལམ་རྩོད་རྙོག་གི་རྐྱེན་པས་ཡིན་པ་དང་། རྒྱལ་ཡོངས་ཕྱི་མི་གནས་སྤོར་ལས་ཁུངས་ཀྱིས་དཀའ་ངལ་འདི་དག་ནི་དམིགས་བསལ་གྱི་གནས་སྟངས་ཤིག་ཏུ་རྩིས་ཏེ་ཐག་གཅོད་བྱ་རྒྱུའི་རེ་འབོད་ཞུ་བཞིན་ཡོད། ཅེས་བརྗོད་འདུག་ལ། རྒྱལ་ཡོངས་ཕྱི་མི་གནས་སྤོར་ལས་ཁུངས་ཀྱི་མི་སྣ་ཞིག་གིས། གནས་སྟངས་རེ་རེ་བཞིན་མ་འདྲ་བ་ཡིན་སྟབས། རོགས་སྐྱོར་བྱེད་ཕྱོགས་ཀྱི་སྲིད་ཇུས་ལ་མ་འོངས་པར་གཏན་འབེབས་བྱ་རྒྱུ་ཡིན་འདུག ཅེས་བརྗོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཐའེ་ཝན་ས་གནས་བོད་ཕྲུག་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ལགས་སུ། ད་ལྟའི་ཆར་ཐའེ་ཝན་ནང་གི་བོད་མི་ཚོའི་གནས་སྟངས་ག་འདྲ་ཡོད་དྲིས་པར་ཁོང་གིས། ཁ་སང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱི་རྒྱབ་སྐྱོར་འོག ཐའེ་ཝན་ནང་ཡིག་ཆའི་དཀའ་ངལ་འཕྲད་པའི་བོད་མི་ ༡༥ ཡོད་པ་རྣམས་མཉམ་དུ་འཛོམས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་མི་གནས་སྤོར་ལས་ཁུངས་ལ་དཀའ་ངལ་ཡོད་པའི་བོད་མི་རྣམས་ཁྲིམས་མཐུན་གྱིས་གནས་སྡོད་བྱེད་ཆོག་པའི་རེ་འདུན་ཞུས་ཡོད་ལ། དེ་ནི་བོད་མི་རྣམས་མཉམ་གཅིག་ཏུ་འཛོམས་ནས་རེ་འདུན་ཞུས་པ་ཐོག་མ་དེ་ཆགས་ཡོད་པ་རེད། སྐབས་དེར་ཕྱི་མི་གནས་སྤོར་ལས་ཁུངས་ཀྱི་མི་སྣ་ཞིག་ཕེབས་ཏེ། གནས་སྟངས་འདིའི་སྐོར་ང་གཅིག་པུས་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བསྐོང་རྗེས་ང་ཚོས་ཐག་གཅོད་བྱས་ནས་གསལ་བསྒྲགས་བྱ་རྒྱུ་ཡིན་ཟེར། ཞེས་བརྗོད་བྱུང་།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese