མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅེན་ཕེན་གྱི་དབང་བསྒྱུར་ལ་ཕམ་ཉེས་འབྱུང་སྲིད་དམ།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་དོན་དབྱེ་ཞིབ་པ་མེ་ཆིལ་ཁོལ། (J. Michael Cole)

 ཉེ་བའི་ལོ་ངོ་འདི་དག་ནང་སྲིད་དབང་གཅིག་སྡུད་དང་དཔལ་འབྱོར་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་ཅིག་ལ་མཚོན་ན། རྒྱལ་ཁབ་དེའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་དེས་དམངས་གཙོའི་ལམ་ལུགས་ཅི་མི་སྙམ་པར་གད་སྙིགས་ཁྲོད་འདོར་གྱི་ཡོད་པ་འདྲ་སྟེ། དེང་གི་རྒྱ་ནག་གི་བྱ་སྤྱོད་འདི་དག་ཅི་ཡིན་ཆ་མི་འཚལ་བའི་ཡ་མ་ཟུང་ཞིག་ཏུ་གྱུར་ཅིང་། རྒྱ་ནག་གི་སྲིད་དབང་ལམ་ལུགས་ལག་བསྟར་བྱས་པ་དང་བསྟུན་ཏེ། དབང་སྒྱུར་འོག་གི་ཚོགས་སྡེ་ཆུང་གྲས་ཤིག་གི་ཛ་དྲག་གནས་སྟངས་ལས་ཀྱང་སྲིད་གཞུང་གང་དེ་ནི་སྔར་བས་འཇིགས་སུ་རུང་བ་ཞིག་ཏུ་སྣང་འོང་།

སྨྱོ་ཚུབ་དང་ཉེས་ཆད་ཐལ་དྲགས་པའི་དབང་གིས། སྲིད་འཛིན་ཞི་ཅེན་ཕེན་གྱི་པེ་ཅིན་གཞུང་ལ་ཡིད་ཆེས་དཀའ་ཞིང་། ཐ་ན་རྒྱ་ནག་མི་མང་དང་རྒྱ་ནག་གི་ཉེ་འཁོར་དུ་འཚོ་བའི་མི་སུ་ཡིན་རུང་། ཁོ་ཚོར་རང་དབང་མེད་པའི་ཕམ་ཁ་འདི་ལ་དོ་སྣང་འབྱུང་གི་ཡོད།

འདས་པའི་ལོ་ངོ་འདི་དག་རིང་རྒྱ་ནག་གི་དཔལ་འབྱོར་འདུ་འགོད་གློ་བུར་ཡར་རྒྱས་ཕྱིན་ཏེ། མི་འབོར་ཡ་ས་མང་པོ་ཉམ་ཐག་དབུལ་ཕོངས་ཀྱི་གནས་བབ་ལས་བསྐྱབས་པར་བརྟེན་ཏེ། པེ་ཅིན་གཞུང་གིས་འཛམ་གླིང་དཔལ་འབྱོར་ཁྲོམ་རའི་ནང་གོ་གནས་གལ་ཆེན་ཟིན་པ་དང་། དུས་མཚུངས་སུ་ང་ཚོས་ཀྱང་རྒྱ་ནག་ནི་སྔར་བས་བློ་གཏད་ཆོག་པར་ངོས་འཛིན་བྱས་ཤིང་། དེ་ལ་བརྟེན་ནས་རྒྱ་ནག་ཁོ་རང་ཚོའི་སྤྱི་ཚོགས་སྟེང་དུའང་པེ་ཅིན་གཞུང་ལ་སྔར་བས་མཐུན་འགྱུར་སྣ་ཚོགས་ཀྱི་རེ་འབོད་ཞུ་བའི་འདུན་པ་བཅངས་པ་རེད།

གང་ལྟར་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ནང་གི་དཔལ་འབྱོར་རྩོད་རྙོག་མང་པོ་ལེགས་པོར་འདུམ་པ་དང་། རྒྱ་ནག་མི་མང་གི་མིག་ནང་དུ་དམར་ཤོག་ཚོགས་པའི་སྒྲིག་འཛུགས་དེ་ཡང་སྔར་བས་ཁྲིམས་མཐུན་ལུགས་མཐུན་ཞིག་ཏུ་མཐོང་གི་ཡོད་སྟབས། དཔལ་འབྱོར་དང་ཆེ་མཐོང་གང་གི་ཐད་ནས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པར་མི་མང་གི་བརྩི་བཀུར་ཐོབ་ཀྱི་ཡོད།

གཅིག་བྱས་ན། མི་མང་གི་བརྩི་བཀུར་ཐོབ་པར་བརྟེན་ཏེ། དམར་ཤོག་ཚོགས་པས་ཐ་ན་ཆབ་སྲིད་གུ་ཡངས་ལམ་ཕྱོགས་སུ་བསྐྱོད་པའི་སྟ་གོན་ལའང་མནོ་བསམ་གཏོང་ངེས་ཡིན་ཞིང་། རིམ་བཞིན་དམར་ཤོག་ཚོགས་པར་སྐྱོན་བརྗོད་ཐེར་འདོན་གང་ཡང་མི་ཆོག་པར་སྲིད་ཇུས་གུ་ཡངས་སུ་བཏང་བར་བརྟེན་ཏེ། སྤྱི་དམངས་ཐོབ་ཐང་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྡ་འཕྲིན་རང་དབང་སོགས་གྱི་འགལ་འདུ་ཇེ་ཆེར་འགྲོ་སྲིད།

ཡིན་ན་ཡང་དེ་དམར་ཤོག་ཚོགས་པས་བསམ་བཞིན་བྱས་པ་ཞིག་མ་ཡིན་པར། ལྡོག་སྟེ་འཛམ་གླིང་སྟེང་གི་དཔལ་འབྱོར་འཕེལ་རྒྱས་ཅན་ཨང་གཉིས་པར་གྱུར་བའི་རྒྱ་ནག་གཞུང་ཁ་ཕྱོགས་གཞན་ཞིག་ཏུ་འཁོར་ཏེ། རྒྱ་ནག་རྒྱལ་ཁབ་དེ་ཡང་དུས་ཡུན་རིང་བོར་ཉམ་རྒུད་དུ་གྱུར་བའི་སྔོན་མའི་དུས་བསྐལ་དུ་ཕྱིར་འཁྲིད་ཐབས་སུ་འཇིག་ཉེན་སློང་གི་ཡོད། དེར་བརྟེན། རྒྱ་ནག་གཞུང་ཕར་ལྟོས་ཚོད་ཀྱིས་ཉེན་རྟོག་པའི་རྒྱལ་ཁབ་ཞིག་ཏུ་མཐོང་ཡོང་།

དང་ཐོག་མི་མང་གི་དགའ་བསུ་ཐོབ་པའི་སྐུ་ཞབས་ཞི་ཅེན་ཕེན་གྱི་ལྐོག་ཟ་རུལ་སུངས་ཚར་གཅོད་ཀྱི་ལས་འགུལ་དེ་ལ་ཁ་གཏད་ཀྱི་ཕྱོགས་འགལ་བ་ཚོ་ཚར་གཅོད་པའི་བྱེད་ཐབས་དམིགས་བསལ་བ་ཞིག་ཐོབ་ཅིང་། འཐབ་རྩོད་དེའི་ཁྲོད་དུ་ཞི་ཅེན་ཕེན་ཁོ་རང་གི་ཁ་གཏད་དུ་ལངས་མཁན་ (དོན་ངོ་མར་ཁོ་ཚོ་ཞི་ཅེན་ཕེན་གྱི་ཁ་གཏད་དུ་ལངས་ཡོད་མེད་བཤད་དཀའ) ཚོས་དམར་ཤོག་ཚོགས་པའི་ཁྲིམས་འགལ་ལུགས་ལྡོག་གི་སྒྲིག་ཁྲིམས་སྣ་ཚོགས་དམིགས་འབེན་བཟུང་ཡོད།

དུས་རྒྱུན་དཔྱ་ཁྲལ་བཅའ་ཡིག་དང་ཁྲིམས་མཐུན་ལམ་ལུགས་ཐད་ཀྱི་རྒྱ་ནག་གི་མངོན་གསལ་དོད་པོའི་ཁྲིམས་མེད་ལུགས་མེད་དང་དེའི་འགུལ་འདུ་སོགས་ཁ་རུ་ཁྱེར་ནས། རྒྱ་ནག་དམར་ཤོག་ཚོགས་པས་མངོན་སུམ་འཛེམ་མེད་ལ་རང་གི་ཁ་གཏད་ཀྱི་མི་སུ་ཡིན་ཡང་ནག་པོ་བཟོ་བཞིན་ཡོད་པ་མ་ཟད། བསྙོན་འཛུགས་འདི་འདྲར་བརྟེན་ནས་རྒྱལ་ནང་གི་ལྐོག་ཟ་རུང་སུངས་ཀྱི་གྲས་སུ་མི་ཐེ་བའི་ཕྱོགས་འགལ་བ་ཚོའང་ཚར་གཅོད་བྱེད་ཀྱི་ཡོད།

རྒྱལ་ནང་གི་ལྐོག་ཟ་རུལ་སུངས་ཚར་གཅོད་ལས་འགུལ་འདི་རང་ཤུགས་སུ་བྱུང་བ་ཞིག་གམ། སྐུ་ཞབས་ཞི་ཅེན་ཕེན་གྱི་དབང་བསྒྱུར་ལས་བྱུང་བ། ཡང་ན་ཁོ་རང་གི་ཁ་གཏད་ཕྱོགས་འགལ་བ་ཚོ་རྒྱང་ཕུད་གཏོང་ཐབས་སོགས་གང་ཡིན་ཡང་། དེང་སྐབས་རྒྱ་ནག་གི་ལྟ་ཞིབ་པ་ཚོའི་ཁྲོད་དུ་ལས་འགུལ་འདིའི་ཐད་ལ་འགལ་ཟླའི་རྩོད་གླེང་འབྱུང་མུས་རེད། གང་ལྟར་ཉེ་ལམ་ཞིག་ནས་ཁོར་ཡུག་འདིར་གསལ་བོར་མཐོང་ཐུབ་པ་ཞིག་ནི། འཐབ་རྩོད་འདིའི་ཁྲོད་དུ་ཤོག་ཁག་གཅིག་ཉི་མ་ཞིག་ལ་ཚོགས་སྡེ་ཆུང་ཆུང་ཞིག་ཏུ་གྲུབ་ཅིང་། ཚོགས་སྡེ་ཆུང་ཆུང་དེས་སི་ཏ་ལེན་གྱི་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་དང་ཡང་ན་མའོ་ཙི་ཏུང་གི་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་གང་རུང་གི་བྲག་ཅ་འཁྱིལ་བའི་ཕྱིས་འབྱུང་གི་ནག་ཉེས་སྣ་ཚོགས་དམིགས་འབེན་དུ་འཛིན་ངེས་རེད།

དེ་བས་ཀྱང་སེམས་འཚབ་ལངས་བ་ཞིག་ནི་རྒྱ་ནག་གཞུང་གིས་སྤྱི་ཚོགས་སྟེང་དམ་དྲག་མཁྲེགས་འཛིན་བྱེད་མུས་ཡིན་པ་རེད། དེ་ཡང་དྲ་ལམ་བདེ་སྲུང་རྩ་ཁྲིམས་ཀྱི་གྲོས་གཞི་གསར་བ་དང་སྒེར་གྱི་དྲ་ཚིགས་གཉེར་མཁན་ཚོར་དྲག་གནོན། རྒྱལ་སྲུང་བཅའ་ཁྲིམས་གསར་བ་བརྒྱུད་བསྒྲགས་བཅས་ཀྱིས་མཚོན་ཞིང་། རྒྱ་ནག་གི་ཁྱབ་ཆེ་ཞིང་ངེས་གཏན་མེད་པའི་རྒྱལ་སྲུང་ཁག་ཐག་གི་འགྲེལ་བརྗོད་དེ་ཡང་དོན་དམ་རྒྱལ་ནང་གི་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱེད་རྒྱུ་མ་ཟད། ཐ་ན་རང་རྒྱལ་རང་སྲུང་གིས་འཚོ་བའི་ཐེ་ཝན་མི་མང་གིས་ཀྱང་རྒྱལ་སྲུང་བཅའ་ཁྲིམས་གསར་བ་བརྩི་སྲུང་དགོས་པར་བཙན་འགེལ་བྱེད་ཀྱི་ཡོད།

དེར་མ་ཟད། ཉེ་ལམ་རྒྱ་ནག་གི་དཔོན་རིགས་ཚོས ‘ཁྱབ་ཆེ་བའི་ཁྲིམས་འགལ་སྒྲིག་འཛུགས’ སུ་འགྲེལ་བརྗོད་ཀྱིས་རྒྱལ་ནག་རྒྱལ་ཡོངས་སུ་དྲག་གནོན་ཤུགས་ཆེར་བྱས་པའི་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་ལས་འགུལ་བ་དང་དེ་དག་གི་ཁྲིམས་རྩོད་པ་སོགས་ཡུལ་མི་ ༡༠༠ ལྷག་འཛིན་བཟུང་བཙོན་འཇུག་དང་རེ་འགའ་གར་སོང་ཆ་མེད་དུ་གྱུར་བ་དེ་ཡང་རྒྱ་ནག་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་དྲག་གནོན་བྱེད་བཞིན་པའི་མཚོན་རྟགས་ཤིག་ཡིན་ཞིང་། སྤྱི་དམངས་ཐོབ་ཐང་དོན་གཉེར་བར་དྲག་གནོན་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་ཁམས་བདེ་ཐང་ལ་བརྟག་དཔྱད་སྨན་བཅོས་མ་བྱས་པར་རྒྱ་ནག་གི་བཙོན་ཁང་རིང་དུ་བཀྲོངས་པའི་གནད་དོན་བཅས་ཀྱི་ཐད་ལ་འཛམ་བུ་གླིང་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་འཇུ་བཟུང་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་བཀྲོངས་པའི་གནད་དོན་དེའི་རྐྱེན་པས། ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་ (དེའི་ནང་ཧྥ་རན་སིའི་གྲོང་ཁྱེར་སན་ཧྥ་རན་སེ་ཁོ་དང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་ཡང་འདུ) ཁག་ལ་ངོ་རྒོལ་གྱི་མེ་སྟག་མཆེད་ཀྱིན་ཡོད།

དམ་དྲག་གི་བཅའ་ཁྲིམས་འདི་དག་ལ་བརྟེན་ནས་གཞུང་འབྲེལ་མ་ཡིན་པའི་རང་རྒྱལ་གྱི་ཚོགས་སྡེ་ཁག་དང་ཁྲིམས་རྩོད་པ། སྒེར་གྱི་དྲ་ཚིགས་གཉེར་མཁན། གསར་འགོད་པ་བཅས་ལ་དྲག་གནོན་བྱེད་པའི་སྒེར་གཅོད་སྲིད་གཞུང་ཞིག་གིས་ཉེ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཁྲོམ་རའི་ཉམ་ཉེས་ཐད་ལ་བྱེད་ནུས་ཅི་ཡང་འདོན་མི་སྲིད་ལ། སྲིད་དབང་སྒེར་གཅོད་རིང་ལུགས་ནི་རྒྱལ་སྤྱིའི་སྟོབས་ཤུགས་ཤིག་ཏུ་ནམ་ཡང་འགྱུར་མི་སྲིད། དེ་ལས་ལྡོག་སྟེ་ཟིང་ཆ་དང་སྨྱོ་ཚུབ། འཇིགས་སྐྲག་སོགས་མྱོང་མི་དགོས་པའི་ཆེད་དུ། དེང་སྐབས་སྲིད་དབང་སྒེར་གཅོད་རིང་ལུགས་འགོག་རྒོལ་བྱེད་ཀྱི་ཡོད་ཅིང་། ཆབ་སྲིད་སྨྲ་མཁན་སྐུ་ཞབས་པེ་ཐན་ལིན་གྱིས་ཁོང་གི་བརྩམས་ཆོས་གསར་བ “རྒྱ་ནག་མཚོན་དཔེ” (The China Model) ཞེས་པའི་ནང་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་དགེ་སྐྱོན་ཐད་ལ་ལྟ་ཚུལ་མང་པོ་བཏོན་ཡོད་པ་རེད། 

མ་ཡིག་འབྲེལ་ཐག http://www.nationalinterest.org/feature/xi-jinping-losing-control-china-13366

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༧ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese