མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚན་རིག་པ་ཨབ་དྷུལ་ཀཱ་ལམ་མཆོག་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་དང་ཚན་རིག་པ་གྲགས་ཅན་ཨབ་དྷུལ་ཀཱ་ལམ་མཆོག་གློ་བུར་འདས་གྲོངས་སུ་ཕྱིན་ཡོད་འདུག

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༧།༤༥ ཡས་མས་ལ། རྒྱ་གར་གྱི་ཚན་རིག་མཁས་ཅན་དང་སྲིད་འཛིན་ཟུར་བ་ཨབ་དྷུལ་ཀཱ་ལམ་ (Avul Pakir Jainulabdeen Abdul Kalam) མཆོག་ལ་གློ་བུར་དུ་སྙིང་ཁྲག་འགག་པའི་ནད་གཞིའི་འོག་ཤི་ལོང་གི་བྷེ་ཋ་ཎེ་སྨན་ཁང་དུ་ (Bethany Hospital) དུ་འདས་གྲོངས་སུ་སོང་ཡོད་འདུག

དེ་རིང་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་གཙོས་གནད་ཡོད་མི་སྣ་ཁག་དང་། བོད་མིའི་སྐྱབས་མགོན་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཅས་ཀྱིས་ཐུགས་གསོའི་འཚམས་འཕྲིན་ཕུལ་ཡོད་པ་ཟད། རྒྱ་གར་གཞུང་གིས་བདུན་ཕྲག་གཅིག་རིང་གཞུང་འབྲེལ་མྱ་ངན་ཞུ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག

རྒྱ་གར་དུས་བབ་གསར་ལམ་ཐོག་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་གིས་མྱ་ངན་ཞུ་ཡིག་ཕུལ་དོན། “ཚན་རིག་པ་གྲགས་ཅན་མཁས་དབང་ཀཱ་ལམ་མཆོག་ནི་རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་མཁན་གྱི་ལམ་སྟོན་སྒྲོན་མེ་ཞིག་ཡིན། ད་ལྟ་རང་རེའི་ཚན་རིག་འཕེལ་རྒྱས་དང་འཕྲུལ་ལས་དང་མཁའ་དབྱིངས་ཚན་རྩལ་ཐོག་བྱས་རྗེས་གཞལ་དུ་མེད་པའི་ལེགས་སྐྱེས་ཕུལ་མཁན་ངའི་ལམ་སྟོན་སྒྲོན་མེ་ཁོང་འཇིག་རྟེན་ཕ་རོལ་དུ་གཤེགས་པར་ཡིད་གདུང་དྲག་པོས་མྱ་ངན་ཞུ་བཞིན་ཡོད། ཁོང་ནི་རྒྱལ་ཡོངས་མི་མང་དང་དམིགས་བསལ་གཞོན་སྐྱེས་ཚོས་མིག་དཔེ་ལྟ་ཡུལ་གྱི་བླ་ན་མེད་པའི་མཁས་དབང་དང་དབུ་ཁྲིད་ཅིག་ཡིན་པ་ཟད། ཁོང་གྲོངས་ཁར་ཡང་གཞོན་སྐྱེས་དང་ལྷན་དུ་བཞུགས་ནས་བསམ་ཚུལ་བརྗེ་ལེན་གནང་ཡོད།”ཅེས་གསུངས་འདུག

སྲིད་འཛིན་པཱར་ཎབ་མུ་ཁཱར་ཇི་མཆོག་གིས། “ཚན་རིག་པ་གྲགས་ཅན་མཁས་དབང་ཨབ་དྷུལ་ཀཱ་ལམ་མཆོག་གིས་ཚན་རིག་འཕེལ་རྒྱས་དང་གསར་གཏོད་ཐོག་ཕུལ་བྱུང་ལེགས་སྐྱེས་ཕུལ་བར་ཡུན་རིང་དྲན་གསོ་ཞུ་དགོས་པ་ཞིག་ཡིན། ཁོང་ནི་རྒྱ་གར་གྱི་རིན་ཆེན་ནོར་བུ་ཞིག་ཡིན་པ་མ་ཟད། མང་ཚོགས་ཀྱིས་མངོན་འདོད་སྒྲུབ་མཁན་གྱི་ཕུལ་བྱུང་སྲིད་འཛིན་ཞིག་ཡིན་སྟབས། ད་ཆ་ཁོང་སྐུ་ཚེ་མ་ཟིན་པར་འདས་གྲོངས་སོང་ཡང་མང་ཚོགས་ཀྱི་སེམས་ནང་ཁོང་གི་གཟུགས་བརྙན་དུས་ནམ་ཡང་གསོན་པོར་གནས་ངེས་ཡིན།” ཞེས་དང་།

བོད་མིའི་འདི་ཕྱིའི་སྐྱབས་མགོན་༧གོང་ས་མཆོག་གིས་གསུང་འཕྲིན་ཞིག་བསྩལ་བའི་ནང་། མདང་དགོང་ང་ཚོའི་སྲིད་འཛིན་ཟུར་བ་མཁས་དབང་ཨབ་དྷུལ་ཀཱ་ལམ་མཆོག་གློ་བུར་དགོངས་པ་རྫོགས་པར་ངོས་བློ་ཕམ་ཆེན་པོ་བྱུང་། འདི་ནི་བཟོ་བཅོས་བྱེད་མི་ཐུབ་པའི་གྱོང་གུད་ཅིག་ཡིན། ཁོང་ནི་སྙན་གྲགས་ཅན་གྱི་ཚན་རིག་པ་ཞིག་དང་། སློབ་གསོ་སྨྲ་བ་དང་ཆབ་སྲིད་མི་སྣ་ཞིག་ཡིན་པ་མ་ཟད། དེ་ལས་ལྷག་པ་དོན་དང་ལྡན་པའི་མི་ཡ་རབས་ཤིག་ཀྱང་ཆགས་ཡོད། ལོ་མང་རིང་ངོས་ཀྱིས་དུས་སྟོན་མང་པོ་ཞིག་གི་ཐོག་ཁོང་དང་མཇལ་རྒྱུ་བྱུང་བ་མ་ཟད། ཕན་ཚུན་གླེང་མོལ་བྱ་རྒྱུའི་གོ་སྐབས་ཀྱང་ཐོབ་བྱུང་བས། ངོས་ཀྱིས་དུས་རྒྱུན་དུ་ཁོང་གི་ཁ་ཡོད་ལག་ཡོད་ཀྱི་ཉམ་ཆུང་རང་གཤིས་ལ་མོས་གུས་བྱེད་ཀྱིན་ཡོད། ང་ཚོའི་བར་གྱི་ཐུན་མོང་གི་ཁེ་ཕན་ལ་སྨན་པའི་ཁྱབ་རྒྱ་ཆེ་བའི་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་བྱ་རྒྱུར་ང་རང་ཧ་ཅང་དགའ་པོ་ཡོད། དེ་ཡང་དམིགས་བསལ་ཚན་རིག་དང་ཆོས། ཤེས་ཡོན་ཐོག་འགན་ཁུར་བླངས་ནས་བགྲོ་གླེང་བྱེད་ཀྱི་ཡོད། ངོས་ཀྱིས་ཡིད་སྐྱོ་བའི་དུས་སྐབས་འདིར་དམ་པ་ཁོང་གི་ཤུལ་ལུས་ནང་མི་དང་རྒྱ་གར་མི་མང་ལ་གདུང་སེམས་མཉམ་སྐྱེད་དང་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་བསྩལ་འདུག

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐུགས་གསོའི་འཕྲིན་ཡིག་ཞིག་སྤེལ་བའི་ནང་། རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀ་ལམ་མཆོག་རྒྱ་གར་བྱང་ཤར་ཤི་ལོང་མངའ་སྡེའི་རྒྱལ་ས་མེ་གྷ་ལ་ཡར་གློ་བུར་དུ་འདས་གྲོངས་སུ་གྱུར་བར་ངོས་རང་བློ་ཕམ་ཧ་ཅང་ཆེན་པོ་བྱུང་། སྲིད་འཛིན་ཟུར་པ་ཁོང་འདས་གྲོངས་སུ་གྱུར་བ་དེ་རྒྱ་གར་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་གྱོང་གུན་ཆེན་པོ་ཞིག་ཕོག་པ་རེད། དེར་བརྟེན་ངོས་ཀྱིས་ཧ་ཅང་བློ་ཕམ་ཆེ་བའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་རྒྱ་གར་རྒྱལ་ཡོངས་ལ་གདུང་སེམས་མཉམ་ སྐྱེད་དང་ཐུགས་གསོ་ཞུ་རྒྱུ་ཡིན། དམ་པ་ཁོང་གི་ཕུལ་དུ་བྱུང་བའི་རྣམ་སྤྱོད་དེས་དེང་རབས་རྒྱ་གར་གྱི་རྣམ་དཔྱོད་མཚོན་ཐུབ། ཁོང་ནི་འགྲོ་བ་མིའི་བདེ་དོན་ཆེད་ཕུགས་རྒྱང་རིང་པོའི་དགོངས་བཞེས་གནང་མཁན་ཞིག་ཡིན། སྤྱིར་དམ་པ་ཁོང་གིས་རྒྱ་གར་གྱི་མེ་ཤུགས་འཕུར་མདའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཐད་རླབས་ཆེན་གྱི་བྱས་རྗེས་བཞག་ཡོད་སྟབས། ཁོང་ལ་རྒྱ་གར་གྱི་མེ་ཤུགས་འཕུར་མདའ་ཞེས་ཆེ་བསྟོད་ཞུ་བཞིན་ཡོད། དམ་པ་ཁོང་གིས་རྒྱ་གར་གྱི་སྲིད་འཛིན་ ༡༡ པའི་ཐུགས་འགན་བཞེས་སྐབས་རང་གཤིས་བཟང་ལ་ཁེངས་སེམས་ཆ་ཕྲ་མོ་ཙམ་ཡང་མེད་པར་བརྟེན་མང་ཚོགས་རྣམས་ཀྱིས་དམ་པ་ཁོང་ལ་མི་མང་གི་སྲིད་འཛིན་ཞེས་འབོད་ནས་དགའ་མོས་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། ཁོང་སྐུ་འཚོ་ཞུགས་སྐབས་༧གོང་ས་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་པ་མ་ཟད། དབུ་ཁྲིད་རྣམ་གཉིས་ལན་མང་མཇལ་འཕྲད་མཛད་སྐབས་ཆོས་ལུགས་མཐུན་སྒྲིལ་དང་ཆོས་ལུགས་འདྲ་མིན་ལ་རྟེན་པའི་རིག་གཞུང་དེ་དག་གིས་དེང་རབས་སྤྱི་ཚོགས་ནང་ཕན་རླབས་ཇི་འདྲ་བསྒྲུབ་ཐུབ་སྐོར་སོགས་ཀྱི་གནད་དོན་ཐད་བགྲོ་གླེང་མཛད་མྱོང་ཡོད། བོད་མི་ཚོས་ཀྱང་དམ་པ་ཁོང་ལ་གུས་བཀུར་ཧ་ཅང་ཞུ་བཞིན་ཡོད། ཅེས་སོགས་འཁོད་འདུག 

ཚན་རིག་པ་ཨབ་དྷུལ་ཀཱ་ལམ་མཆོག་ནི། ༡༩༣༡ ལོའི་ཟླ་ ༡༠ ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ཎཱ་ཌོ་མངའ་སྡེའི་ར་མེ་ཤི་ཝ་རམ་ (Rameswaram) གྱི་ཁ་ཆེའི་དབུལ་པོའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་པ་དང་། ཁོང་གི་ཁྱིམ་ཚང་གི་འཚོ་བ་སྐྱོ་བོ་ཡོད་སྟབས། ཁོང་གིས་ར་མཱ་ཎཱ་ཋ་པུ་རམ་(Ramanathapuram Schwartz Matriculation School)དུ་སློབ་སྦྱོང་ཞོར་དུ་ཚགས་པར་བཙོང་སྟེ་ཁྱིམ་ཚང་གི་འཚོ་བར་རོགས་རམ་བྱས་ཡོད་འདུག ཁོང་ར་མཱ་ཎཱ་ཋ་པུ་རམ་འབྲིང་རིམ་སློབ་གྲྭ་ནས་སློབ་མཐར་སོན་རྗེས། ཌེར་ཆི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་སན་ཌི་ཇོ་སེབ་མཐོ་སློབ་ཏུ་ (St. Joseph’s College) དངོས་ཁམས་རིག་པའི་ཐོག་སློབ་སྦྱོང་བྱས་རྗེས། ༡༩༥༥ ལོར་མཱ་རྡ་ར་སི་བཟོ་ལས་ཚན་ཚན་གྱི་མཐོ་སློབ་ལ་ཞུགས་ཏེ། བཟོ་ལས་ཚན་རིག་ཐོག་གཙུག་ལག་རབ་བྱམས་པའི་ཡོན་ཚད་བླངས་ཡོད། 

༡༩༦༠ ལོར་རྒྱ་གར་གྱི་དམག་དོན་འཕེལ་རྒྱས་ཉམས་ཞིབ་ཁང་དུ་ཚན་རིག་པའི་ངོ་བོ་ཐོག་ལས་ཞུགས་གནང་རྗེས། རྒྱ་གར་གྱི་དམག་རྒྱག་ཐད་འཕུར་གནམ་གྲུ་ཆུང་གྲས་བཟོ་བཀོད་གནང་མགོ་བཙུགས་ཏེ། རིམ་པས་དམག་རྒྱག་གནམ་གྲུ་འདྲ་མིན་བཟོས་ཡོད། ༡༩༦༩ ལོར་གཞུང་གིས་ཁོང་རྒྱ་གར་གྱི་མཁའ་སྐྱོད་ཉམས་ཞིབ་ལྟེ་གནས་སུ་གནས་སྤོ་གནང་སྟེ། རྒྱ་གར་གྱི་མིས་བཟོས་སྲུང་སྐར་ཐོག་མ་ (SLV-III) ཞེས་པའི་ལས་འཆར་འགན་འཛིན་དུ་བསྐོ་བཞག་བྱས་ཏེ་ལས་དོན་ཧ་ཅང་ལེགས་འགྲུབ་བྱུང་ཡོད་སྟབས། རྒྱ་གར་གྱི་མིས་བཟོས་སྲུང་སྐར་ (Rohini) ཞེས་པ་བདེ་ལེགས་ངང་མཁའ་དབྱིངས་སུ་གཏོང་ཐུབ་ཡོད། ༡༩༧༠ ལོར་ཁོང་གིས་གླིང་ཕྲན་གཞན་ལ་གཏོར་རྒོལ་གཏོང་ཐུབ་མཁན་གྱི་སྒྱོགས་མདེལ་ (ballistic missiles) བཟོ་སྐྲུན་གནང་ཡོད་པ་དང་། དེའི་རྗེས་ཁོང་རྒྱ་གར་གྱི་རྡུལ་མཚོན་བཟོ་སྐྲུན་ཚན་པའི་ལས་འཆར་(Integrated Guided Missile Development Programme) གྱི་འགན་འཛིན་ལ་བསྐོས་ཏེ། སྒྱོགས་མདེལ་ཨག་ཎེ་(Agni) དང་པཱ་རེ་ཋ་ཝེ་(Prithvi) བཟོ་སྐྲུན་གནང་ཡོད། ༡༩༨༡ རྒྱ་གར་གཞུང་གིས་ཁོང་ལ་ཆེས་མཐོའི་གཟེངས་རྟགས་ པདྨ་བྷུ་ཤན་ (Padma Bhushan) དང་ ༡༩༩༠ ལོར་པདྨ་ཝེ་བྷུ་ཤན་ (Padma Vibhushan)། ༡༩༩༧ ལོར་རྒྱ་གར་གྱི་ཆེས་མཐོ་ཤོས་ཀྱི་གཟེངས་རྟགས་ བྷ་ར་ཋ་ར་ཎཱ་(Barat Ratna )སྤྲད་ཡོད་འདུག ༡༩༩༢ ནས་ ༡༩༩༩ ལོ་བར་ཁོང་གིས་རྒྱ་གར་གྱི་སྲིད་བློན་དང་རྒྱ་གར་གྱི་དམག་དོན་འཕེལ་རྒྱས་ཉམས་ཞིབ་ཁང་གི་སློབ་སྟོན་པ་གནང་སྟེ། ར་ཇི་སི་ཐན་མངའ་སྡེའི་ནང་རྒྱ་གར་གྱི་རྡུལ་མཚོན་པོག་རན་གཉིས་པ་ (Pokhran-II) ཞེས་པ་ཚོད་ལྟ་བྱས་ཡོད། 

༢༠༠༢ ལོ་ནས་ ༢༠༠༧ ལོ་བར་རྒྱ་གར་གྱི་སྲིད་འཛིན་སྐབས་བཅུ་གཅིག་པ་གནང་ཡོད་པ་དང་། རྒྱལ་ཁབ་ཁག་ ༢༠ ལྷག་ལ་རྒྱལ་དོན་སྐོར་སྐྱོད་དང་། རྒྱ་གར་དང་ཕྱི་རྒྱལ་གྱི་གཙུག་ལག་སློབ་ཆེན་ཁག་ ༤༥ ཙམ་ལ་ཚན་རིག་དང་ཤེས་ཡོན་སྐོར་ལ་གཏམ་བཤད་གནང་ཡོད་འདུག དེ་བཞིན། ཁོང་གིས་ད་བར་ཁོང་གི་རང་རྣམ་༼མེ་ཤུགས་གཤོག་པ།༽(Wings of Fire) ཞེས་པ་དང་། ༼ཡིད་གསོས་མེ་ལྕེ།༽ (Ignited Mind)།  ༼༢༠༢༠ ལོའི་རྒྱ་གར།༽(India 2020)། ༼ཐེར་འབུམ་གསུམ་གྱི་དམིགས་འབེན།༽ (Target 3Billion)། ༼མི་ཚེའི་འགག་གྲོལ།༽(Turning Point)། ༼༢༠༢༠ ལོའི་རྗེས་ཀྱི་རྒྱ་གར་གྱི་ཕུགས་བསམ།༽ (Beyond 2020: A Vision for Tomorrow’s India)། ༼རྒྱ་གར་གྱི་སྙིང་སྟོབས།༽(Spirit of India) ཞེས་པ་སོགས་ཁྱོན་དེབ་ ༢༧ ལྷག་བརྩམས་ཡོད།

ཁ་སང་ཁོང་གིས་ཨ་སམ་རྒྱལ་ས་གྷོ་ཝ་ཌི་བརྒྱུད་ཤི་ལོང་ལ་ཕེབས་ཏེ། མདང་དགོང་རྒྱ་གར་གྱི་དོ་དམ་ལས་རིགས་ལྟེ་གནས་ཁང་དུ་༼འཚོ་བར་འོས་པའི་སའི་གོ་ལ།༽ ཞེས་པའི་བརྗོད་གཞིའི་ཐོག་སློབ་ཕྲུག་ཚོར་གཏམ་བཤད་གནང་བཞིན་པའི་སྐབས་སུ་གློ་བུར་དུ་ས་ལ་འགྱེལ་ཡོད་པ་དང་། དེ་མ་ཐག་ས་གནས་དེའི་སྨན་ཁང་(Bethany Hospital)ཞེས་པར་བསྐྱལ་ཡང་ཕན་འབྲས་མ་འཐོན་པར། ཕྱི་དྲོའི་ཆུ་ཚོད་ ༧།༤༥ ཙམ་ལ་འདས་གྲོངས་སུ་ཕྱིན་ཡོད་འདུག

ད་ནངས་ཧིན་རྡུ་སི་ཐན་དུས་བབ་སྟེང་ཤི་ལོང་གི་བྷེ་ཋ་ཎེ་སྨན་ཁང་གི་སྨན་པ་ཞིག་གིས། མདང་དགོང་ཁོང་ཆུ་ཚོད་ ༧ ཙམ་ལ་སྨན་ཁང་ལ་སྐྱེལ་སྐབས། ཁོང་གི་བླ་སྲོག་གི་རྒྱུ་བ་ཆད་ཚར་ཡོད་སྟབས། ཁོང་སྙིང་ཁྲག་འགག་སྟེ་གྲོངས་ཡོད་པ་གསལ་པོ་རེད་ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

 

འབྲེལ་ཡོད་གསར་འགྱུར།

ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

ཆུ་ཚོད་ ༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese