མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཐའེ་ལན་ཌི་གཞུང་ལ་སྐྱོན་བརྗོད།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp
ཁ་སང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གིས་དེ་སྔོན་ཐའེ་ལན་ཌི་གཞུང་གིས་ཡུ་གུར་སྐྱབས་བཅོལ་བ་མང་པོ་ཞིག་བཙན་གྱིས་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་དེར་སྐྱོན་བརྗོད་བྱས་འདུག

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་ལམ་ཐའེ་ལན་ཌི་གཞུང་གིས་ཡུ་གུར་སྐྱབས་བཅོལ་ ༡༠༠ དང་། ཀྲར་ཀི་གཞུང་ལ་ཀྲར་ཀི་ཡི་ཕྱི་སྐྱོད་ལག་ཁྱེར་ཡོད་པའི་ཡུ་གུར་བ་ ༡༧༠ བཅས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཡོད་པར། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད་ཚུལ་གྱི་སྐྱོན་འཛུགས་བྱས་འདུག

རྒྱ་གར་དུས་བབ་ཐོག་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པ་ཝོལ་ཁཱར་ཀྲག་ (Volker Turk) ལགས་ཀྱིས། ཐའེ་ལན་ཌི་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་རྡོག་རོལ་བཏང་སྟེ། ཡུ་གུར་སྐྱབས་བཅོལ་ ༡༠༠ ཕྱིར་འཕུད་བཏང་ཡོད་པ་ནི་བློ་ཡུལ་ལ་གཤོང་དཀའ་བའི་གནད་དོན་ཞིག་ཡིན་སྟབས། ངས་འབྲེལ་ཡོད་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྩ་དོན་དང་མ་འགལ་བར་གྱོད་དོན་འདིར་རྟོག་ཞིབ་ནན་མོ་བྱས་ཏེ། རྒྱལ་སྤྱིའི་མང་ཚོགས་ལ་གསལ་བཤད་ཞུ་རྒྱུ་དང་། མ་འོངས་པར་གནས་ཚུལ་དེ་རིགས་འཐོན་ཚེ་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་གཞུང་ལ་ཆད་པ་ཕོག་སྲིད་པ་ཞིག་རེད། ཅེས་བརྗོད་འདུག
ཐའེ་ལན་ཌི་སྲིད་བློན་པེར་ཡུ་ཌི་ (Prayut Chan-o-cha) ལགས་ཀྱིས། ང་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་སྐྱབས་བཅོལ་བའི་རྒྱལ་ཁོངས་རྩད་ཞིབ་བྱས་ཏེ། རང་ཡུལ་ལ་ཕྱིར་ལོག་བྱས་ཡོད་པ་ལས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་རྡོག་རོལ་གང་ཡང་བཏང་མེད། ཅེས་དང་། ཡང་ཐའེ་ལན་ཌིའི་ལས་བྱེད་ཅིག་གིས། ང་ཚོར་རྒྱ་ནག་གཞུང་གིས་ཡུ་གུར་བ་ཚོའི་བདེ་འཇགས་ལ་འགན་ཁུར་རྒྱུའི་ཁས་ལེན་བྱས་ཡོད་སྟབས། ང་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་བྱས་ནས་རྒྱ་ནག་རྒྱལ་ཁོངས་ཀྱི་ཡུ་གུར་བ་རྒྱ་ནག་ནང་ཕྱིར་སློག་དང་། ཡུ་གུར་བ་ ༡༧༠ ཀྲར་ཀི་གཞུང་ལ་རྩིས་སྤྲོད་བྱས་ཡོད་སྟབས། ད་བར་ང་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་ནག་ཉེས་གང་ཡང་བསགས་མེད། ཅེས་བརྗོད་འདུག

༢༠༡༤ ལོའི་ཟླ་ ༣ པ་ནས་བཟུང་ཐའེ་ལན་ཌི་གཞུང་གིས་ཐའེ་ལན་ཌིའི་ནང་ཡོད་པའི་ཡུ་གུར་སྐྱབས་བཅོལ་བ་ ༣༠༠ ལྷག་བཀག་ཉར་བྱས་ཏེ། རྒྱལ་ཁོངས་རྩད་གཅོད་བྱས་པར་ཁོང་ཚོ་ཀྲར་ཀི་ནས་ཡིན་ལུགས་བརྗོད་ཡོད་ཀྱང་། ཐའེ་ལན་ཌི་གཞུང་གིས་རྒྱ་ནག་དང་ཀྲར་ཀི་གཞུང་ཚབ་བརྒྱུད་དེ་ཐོབ་ཐང་ཞིབ་བཤེར་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཁོང་ཚོ་ཤིན་ཅང་ཡུ་གུར་མི་རིགས་ཡིན་སྟབས། རྒྱ་ནག་ནང་ཕྱིར་སློག་གཏོང་དགོས་ལུགས་བརྗོད་པར་བརྟེན། ཟླ་འདིའི་ཚེས་ ༨ ཉིན་ཐའེ་ལན་ཌི་གཞུང་གིས་ཡུ་གུར་སྐྱབས་བཅོལ་བ་ ༡༠༠ རྒྱ་ནག་དང་། ཀྲར་ཀི་མི་སེར་ལག་འཁྱེར་ཡོད་པའི་ཡུ་གུར་བ་ ༡༧༠ ཀྲར་ཀི་ནང་ཕྱིར་ལོག་བཅས་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཕྱིར་སློག་བྱེད་མཁན་གྱི་ཡུ་གུར་བ་ཚོར་འཇིགས་སྐུལ་རིང་ལུགས་པ་དང་རྒྱལ་ཁབ་ཁ་བྲལ་གཏོང་མཁན་སོགས་ཀྱི་ཉེས་མིང་འདྲ་མིན་བཀལ་ཏེ། བཙོན་འཇུག་བྱས་ཡོད་སྟབས་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག དེ་བཞིན་རྒྱལ་ཁབ་ཁག་གི་གཞུང་བཅས་ཀྱིས་ཐའེ་ལན་ཌི་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཁ་སང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ཁང་གི་འགན་འཛིན་གཞོན་པས་ཐའེ་ལན་ཌི་གཞུང་གི་ཐག་གཅོད་དེར་སྐྱོན་འཛུགས་དང་། ད་ལྟ་ཐའེ་ལན་ཌིའི་ནང་ཁྲིམས་མཐུན་ལག་ཁྱེར་མེད་པའི་ཡུ་གུར་བ་ ༥༠ ཡོད་པ་དག་གནས་སྐབས་རིང་ཐའེ་ལན་ཌིར་སྡོད་བཅུག་སྟེ། རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་ཞུ་ཐུབ་པ་བྱེད་དགོས་སྐོར་བརྗོད་ཡོད།

དེ་རིང་རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་ཐོག་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཆེད་མཁས་པ་ཞིག་གིས། ཐའེ་ལན་ཌིའི་གཞུང་གིས་རྒྱ་ནག་གཞུང་ལ་ཡུ་གུར་སྐྱབས་བཅོལ་རྩིས་སྤྲོད་བྱས་པ་དེ་ནི། ཤན་པར་གྲི་སྤྲད་པ་ལྟ་བུ་ཞིག་ཆགས་ཡོད་སྟབས། ད་ལྟ་རྒྱ་ནག་གཞུང་གིས་ཁོ་ཚོར་ནག་ཉེས་འདྲ་མིན་བཀལ་ནས་ཁྲིམས་ཐག་གཅོད་ཀྱིན་ཡོད། ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།
 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist