མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་ཆོས་ལ་རྨོངས་དད་བྱས་ནས་ཡོང་བ་རླུང་རྟ་རྒྱུག་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་དགེ་འདུན་པའི་དེང་དུས་ཚན་རིག་ངོ་སྤྲོད་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུཊ་ཐོག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དགེ་འདུན་པ་ཚོས་ཚན་རིག་ལ་སློབ་སྦྱོང་བྱས་ཏེ་སྤྱི་ཚོགས་ཞབས་ཞུའི་བྱ་བར་ཞུཊ་དགོས་སྐོར་གསུངས་ཡོད་པ་རེད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་ལ་ཤེས་རབ་དགའ་ཚལ་སློབ་གླིང་གི་ཉེ་འཁྲིས་སུ་ཡོད་པའི་དབུས་སྣེ་ལེན་ཁང་དུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་མཉམ་འབྲེལ་གོ་སྒྲིག་འོག དགེ་འདུན་པའི་དེང་དུས་ཚན་རིག་ངོ་སྤྲོད་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་པ་དང་། ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དབུས་ཚན་རིག་དགེ་རྒན་བསྟན་འཛིན་དཔལ་སྒྲོན་ལགས་དང་ཀརྨ་བརྩོན་འགྲུས་ལགས་བཅས་འབྲེལ་ཡོད་ལས་བྱེད་རྣམ་པ་དང་། ཆོས་སྡེ་ཁག་ནས་ཕེབས་པའི་དགེ་འདུན་པ་ ༢༨ བཅས་མི་གྲངས་ ༣༠ ལྷག་འཛོམས་ཡོད་པ་རེད།

མཛད་སྒོའི་ཐོག་ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཐུབ་བསྟན་ལགས་ཀྱིས་ཚན་རིག་ཟབ་སྦྱོང་གི་དགོས་དམིགས་སྐོར་ངོ་སྤྲོད་གནང་དོན། ང་ཚོས་ཟབ་སྦྱོང་འདི་མགོ་བཙུགས་པའི་རྐྱེན་འདྲ་བོ་དེ། ཕྱི་ལོ་ ༢༠༡༣ ལོར་རྒྱུད་སྟོད་གྲྭ་ཚང་དུ་བཤད་སྒྲུབ་བསྟན་པ་གོང་འཕེལ་གྱི་ལྷན་ཚོགས་ཚོགས་ཡོད་པ་དང་། སྐབས་དེར་ཚན་རིག་སློབ་ཚན་དེ་གྲྭ་བ་ཚོའི་རྒྱུན་ལྡན་སློབ་གཞིའི་ནང་དུ་འཇུག་དགོས་ཀྱི་འདུག་ཅེས་བཀའ་སྡུར་བྱུང་སྟེ། གནས་སྐབས་རིང་རྒྱུན་ལྡན་སློབ་གཞིའི་ནང་འཇུག་ཐུབ་པ་དེ་ཚོ་འཇུག་རྒྱུ་དང་། བཞག་པ་དེ་ཚོ་མུ་མཐུད་དུ་ལག་བསྟར་གནང་རྒྱུ་ཡིན། དེ་མིན་པ་ཚོ་ཁོང་ཚོར་སེམས་ཤུགས་སྤར་བའི་ཆེད་དུ་དཔེ་མཛོད་ཁང་དང་ཟུང་འབྲེལ་གྱིས་ཟབ་སྦྱོང་དེ་འདྲ་གོ་སྒྲིག་གནང་བ་ཡིན་ན། དེ་ལ་འཛུལ་ཞུགས་གནང་རྒྱུ་ཡིན་པའི་གྲོས་ཆོད་ཅིག་བཞག་ཡོད་པ་དང་། གྲོས་ཆོད་བཞག་པ་གཞིར་བཟུང་གིས་ང་ཚོས་དཔེ་མཛོད་ཁང་ལ་སློབ་སྟོན་དང་རོགས་མགོན་ཞུས་ཏེ། ན་ནིང་ལོ་ནས་བཟུང་ཟབ་སྦྱོང་མགོ་འཛུགས་ཐུབ་པ་ཞིག་ཆགས་སོང་། ཞེས་དང་།

ཡང་ཁོང་གིས། བོད་ཀྱི་དཔེ་མཛོད་ཁང་གི་ངོས་ནས་འདས་པའི་ལོ་ ༡༠ ལྷག་ནས་བཟུང་ཚན་རིག་ཐོག་ཕྱག་ལས་གནང་གི་ཡོད་པ་དང་། དུས་རྒྱུན་དགེ་འདུན་པའི་ཆེད་དུ་ཚན་རིག་ཟབ་སྦྱོང་གོ་སྒྲིག་གནང་གི་ཡོད་སྟབས། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ཚན་རིག་ཟབ་སྦྱོང་གོ་སྒྲིག་གནང་མི་དགོས་པ་ལྟ་བུ་ཡོད་ཀྱང་། ད་ལྟ་འཛིན་གྲྭ་མེད་པ་དང་ནམ་རྒྱུན་ཚན་རིག་ཟབ་སྦྱོང་ནང་ཞུགས་པའི་གོ་སྐབས་ཉུང་བའི་ཆོས་སྡེ་ཁག་ལ་ཆེད་དུ་དམིགས་ཏེ། གདན་ས་གསུམ་དང་གྲྭ་ཚང་དྲུག་ལ་ཟབ་སྦྱོང་གསལ་བསྒྲགས་བཏང་མེད་ལ། དགེ་ལུགས་ཀྱི་ཆོས་བརྒྱུད་མིན་པའི་ཆོས་སྡེ་ཆེ་ཁག་ལ་གསལ་བསྒྲགས་གཏོང་གི་ཡོད་པ་ལྟར། ད་ལོ་ལྟ་བུ་ཡིན་ན་སྒྲིག་འཛུགས་ ༩༦ ཙམ་ལ་གསལ་བསྒྲགས་བཏང་ཡོད་པའི་ནང་ནས་ལན་འབྱོར་མཁན་ ༡༨ བྱུང་སྟེ། ཟབ་སྦྱོང་ནང་དགེ་འདུན་པ་ ༢༨ མཉམ་ཞུགས་གནང་ཡོད་སྐོར་བརྗོད་ཡོད་པ་རེད།

དེ་རྗེས་དགེ་བཤེས་ལྷག་རྡོར་ལགས་ཀྱིས་འཛམ་གླིང་སྤྱི་ཡོངས་ནས་ཚན་རིག་ལ་ངོས་ལེན་དགའ་མོས་བྱེད་ཀྱི་ཡོད་པ་ལྟར། ང་ཚོ་བོད་པས་ཀྱང་ཚན་རིག་ལ་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་ཆགས་ཡོད་སྐོར་གསུང་བཤད་གནང་དོན། སྤྱིར་བཏང་འཛམ་བུ་གླིང་ནང་ཚན་རིག་ཟེར་དུས་གནོད་སྐྱོན་ག་རེ་བྱུང་གི་ཡོད་མེད་ལ་མ་ལྟོས་པར་ཧ་ལམ་ཆ་འཇོག་བྱེད་ས་ཞིག་ཆགས་བསྡད་ཡོད་པ་རེད། ག་རེ་རེད་ཟེར་ན། ཚན་རིག་གིས་སྐྱེ་བ་སྔ་ཕྱི་དང་ཆོས། མི་རིགས་དབྱེ་འབྱེད་ཟེར་བ་དེ་ཚོ་བྱེད་ཀྱི་མེད་པར་དངོས་ཡོད་གནས་ཚུལ་དང་། བདེན་དོན་ག་རེ་འདུག་དེར་དཔྱད་པ་བྱས་ཏེ་འགྲོ་བཞིན་ཡོད་པའི་ཐབས་ལམ་ཡག་པོ་ཞིག་ཆགས་བསྡད་ཡོད་སྟབས། མི་མང་པོ་ཞིག་དེའི་རྗེས་སུ་འགྲོ་དགོས་པ་ཞིག་ཆགས་བསྡད་ཡོད་དུས། ང་ཚོ་བོད་པའི་ནང་ཆ་བཞག་པ་ཡིན་ནའང་། བོད་པའི་ཆོས་དང་རིག་གཞུང་། བསམ་བློའི་ལྟ་གྲུབ་བམ་གནས་ཚད་ཀྱི་ཐོག་ནས་འཛམ་བུ་གླིང་སུ་གང་ལའང་ང་ཚོ་རྗེས་ལུས་ཐེབས་ཡོད་པ་མ་རེད། ནང་ཆོས་ཡག་པོ་ཤེས་མཁན་ཞིག་ཡིན་ན་དབུ་འཕང་མཐོན་པོ་བྱས་ནས་མིས་ངོས་ལེན་བྱེད་ཀྱི་ཡོད་ན་མེད་ན། སོ་སོ་ཞུམ་མི་དགོས་པར་འཛམ་གླིང་ནང་ཨང་ཀི་དང་པོའི་ནང་སླེབ་པའི་ཆོས་ཤིག་ཆགས་བསྡད་ཡོད་པ་རེད། ངས་མཚམས་རེར་བརྟན་བཤིག་བསླངས་ཏེ། ང་ཚོས་ཆོས་སོགས་མང་པོ་ཞིག་ལ་རྨོངས་དད་བྱེད་པའི་ཉེན་ཁ་ཞེ་དྲགས་ཤིག་རེད་ཅེས་ལབ་ཀྱི་ཡོད་པ་རེད། ང་ཚོ་བོད་པ་མང་ཆེ་བ་ཞིག་གིས་རྨོངས་དད་བྱས་ནས་ཡོང་བ་རེད་དེ་ང་ཚོ་རླུང་རྟག་རྒྱུག་འདུག་ལབ་ཀྱི་ཡོད། རྨོངས་དད་བྱེད་ས་དེ་ཡག་པོ་ཞེ་དྲགས་ཤིག་ཡིན་པས་ནོར་ཡོད་པ་མ་རེད། མིག་བཙུམ་བཞག་ན་འགྲིག་བསྡད་ཡོད་པ་ཞིག་ཆགས་ཡོད་པ་རེད། ཅེས་དང་།

ཡང་ཁོང་གིས། ང་ཚོ་རྗེས་ལུས་ཐེབས་ས་དེ་དེང་དུས་ཀྱི་ཤེས་ཡོན་ཟེར་ན་འདྲ་གཙོ་བོ་ཚན་རིག་ཐོག་ང་ཚོ་རྗེས་ལུས་ཐེབས་བསྡད་ཡོད་པ་རེད། དེའི་ཐོག་ནས་རྗེས་ལུས་ཐེབས་བསྡད་ཡོད་དུས་རྒྱ་མིས་མཐོང་ཆུང་གཏོང་ཁུལ་བྱེད་ཀྱི་ཡོད་པ་རེད། བོད་རྗེས་ལུས་རེད་ཆེས་མུན་ནག་རེད། ཀླ་ཀློ་རེད་ཅེས་ལབ་ཁུལ་བྱེད་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ཁོ་རང་ཚོས་ཚན་རིག་ཁྱར་རེ་འཁྱོར་རེ་ཞིག་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་། དེང་སང་ཏོག་ཙམ་དྲག་ཏུ་ཕྱིན་པ་རེད་མ་གཏོགས་སྔོན་མ་ང་ཚོར་དེ་འདྲ་ལབ་བསྡད་པའི་སྐབས་དེར། ཨ་རི་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོར་བལྟས་པ་ཡིན་ན། རྒྱ་མི་ཁོ་རང་ཚོ་ཆེས་མུན་ནག་དང་ཆེས་ཀླ་ཀློ། ཆེས་རྗེས་ལུས་རེད་གང་ཡང་ཡོད་པ་མ་རེད། ཅེས་དང་། ནང་ལ་རྟོགས་པ་དང་ཡོན་ཏན་ཅི་ཙམ་ཡོད་ཀྱང་ཕྱི་ལ་ཏོག་ཙམ་སྟོན་མ་ཐུབ་ན་དེང་སང་ཁག་པོ་ཡོད་སྟབས། ཚན་རིག་སྦྱངས་བའི་ཐོག་ནས་སྤྱི་ཚོགས་ནང་འཕྲོད་བསྟེན་ཞབས་ཞུ་སོགས་ལས་ཀ་མང་པོ་ཡོད་པ་དང་། དེ་བཞིན། འཁྲུག་ཆ་དོད་པའི་འཛམ་བུ་གླིང་འདིའི་ནང་ནང་ཆོས་དགོས་ཀྱི་འདུག་དང་མི་འདུག་བསམ་བློ་ཡག་པོ་གཏོང་དགོས་ལ། གལ་ཏེ་དགོས་ཀྱི་ཡོད་ན་ཡོད་སྟངས་དང་ཕན་སྟངས་ག་འདྲ་རེད། ཕན་ནུས་ཡོད་པ་ཙམ་མིན་པར་ཕན་དང་ནུས་པ་དེ་ག་འདྲ་སྟོན་དགོས་ཀྱི་འདུག་དེ་ཚོར་བསམ་བློ་གཏོང་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་ཡོད་པ་རེད།

ཐེངས་འདིའི་ཉིན་གྲངས་ ༡༥ རིང་གི་ཟབ་སྦྱོང་ཐོག་ཚན་རིག་དགེ་རྒན་བསྟན་འཛིན་དཔལ་སྒྲོན་ལགས་དང་ཀརྨ་བརྩོན་འགྲུས་ལགས་གཉིས་རེས་མོས་ཀྱིས་དབང་རྩའི་ཚན་རིག་དང་སྐྱེ་དངོས་ཚན་རིག་ངོ་སྤྲོད་དང་། དེ་བཞིན་དགེ་རྒན་རྣམ་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཚན་རིག་ལག་བསྟར་གྱི་བྱེད་སྒོ་དང་དངོས་ཁམས་ཚན་རིག་ངོ་སྤྲོད་གནང་བཞིན་ཡོད་པ་དང་སྦྲགས། ཟབ་སྦྱོང་ནང་ཞུགས་པའི་དགེ་འདུན་པ་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་བཅས་གནང་བཞིན་ཡོད་ལ། དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་འདི་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཕྱི་ལོ་ ༢༠༡༤ ལོར་སྤིར་ཤེས་རབ་གླིང་དུ་ཐེངས་དང་པོ་སྐོང་ཚོགས་གནང་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༡ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༣ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 3

  1. དཔལ་ལྡན་བྷ་ཟླ། says:
    ལོ་ 11 སྔོན།

    མཆན་ལ་ཞིན་བཤེར་དགོས་པ་དུས་བབས་ཚང་།། བརྗོད་བྱ་དོན་མཐུན་ལེན་པ་དུས་བབས་ཚང་།། འཚམ་པོ་འདྲ་བོ་མཁོ་བ་དུས་བབས་ཚང་།། ང་ཡི་མིག་ཆུ་འབྱིན་ས་དུས་བབས་ཚང་།།

    Reply
  2. དཔལ་ལྡན་བྷ་ཟླ། says:
    ལོ་ 11 སྔོན།

    དམ་པའིོ་ཆོས་ལ་རྨོངས་དད་བྱས་ནས་བཙན་བྱོལ་སྲིད་ལ་རླུང་རྟ་རྒྱུགས།།
    ཡང་དག་ཆོས་ལ་རྨོངས་དད་བྱས་ནས་རྒྱལ་བའི་བཀའ་ལ་འགྲེལ་ལོག་བརྒྱབ།།
    སྙུག་མའི་དུས་འདིར་རྨོངས་དད་ཆེ་བ་ང་རྒྱལ་ཞིག་ཏུ་རློམས་སོང་ཚེ།།
    སངས་རྒྱས་བསྟན་པའི་བདག་པོ་བོད་པའི་ལས་འདི་དུས་ཀྱི་མཐའ་རུ་ཟད།།

    Reply
  3. བཛྲ་སུ་མ་ཏི། says:
    ལོ་ 11 སྔོན།

    དགེ་བཤེས་ལགས་ནས་ག་རེ་གསུང་གི་ཡོད་རེད། ཁ་སང་རང་༧གོང་ས་མཆོག་ནས་ལ་དཱགས་མི་དམངས་ལ་དེང་སྐབས་ང་ཚོ་ཆོས་ལ་རྨོངས་དད་བྱས་ནས་འགྲོ་བའི་དུས་ཚོད་ཡོལ་ཚར་བ་རེད་གསུངས་པ་དེ་ལ་འགག་པ་ཡིན་པའི་བཟོ་འདྲ་བཤད་འདུག་ག་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese