མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོལ་ཚོགས་ཀྱི་ཕྱི་པགས་གྱོན་པའི་དམར་གཞུང་གི་གསང་ཉུལ་བ།

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp
བོད་མི་རིགས་རྐྱེན་ངན་བརྒྱ་ཕྲག་གི་འགག་ལས་ཐར་མ་ཐུབ་པའི་གཉན་འཕྲང་གི་དུས་འདིར། དུས་རབས་ཕྱེད་ཙམ་རིང་གི་བདེན་པའི་འཐབ་རྩོད་ཁྲོད། རྒྱ་གཞུང་གིས་སྙིང་རུས་ཅན་གྱི་བོད་པ་དཔའ་བོ་དཔའ་མོ་དག་གཅིག་རྗེས་གཉིས་མཐུད་དུ་ཕྱི་མར་བརྫངས་ཡོད་ལ། ཉེ་བའི་ལོ་གཉིས་གསུམ་གྱི་རིང་འདིར་ཡང་བོད་མི་བརྒྱ་དང་བཞི་བཅུ་ལྷག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་། རྩོམ་པ་པོ་དང་། གཞས་པ། མི་རིགས་ཀྱི་ལ་རྒྱ་ཅན་དག་གིས་རང་རང་གིས་ལྕོག་ཚོད་ཀྱིས་རང་དབང་རྩོད་ལེན་གནང་བས། རྒྱ་གཞུང་གིས་བཙོན་འོག་ཏུ་མནར་གཅོད་བློ་ཡུལ་ལས་འདས་པ་གཏོང་གི་ཡོད།

ཕྱོགས་གཞན་ཞིག་ནས་སྐྱབས་བཅོལ་དུ་ཕེབས་པའི་༸གོང་ས༸ཡིད་བཞིན་ནོར་བུ་གཙོས་བོད་མི་བཙན་བྱོལ་བ་རྣམས་ཀྱིས་གཞིས་བཞུགས་བོད་མིའི་རང་དབང་གི་མགྲིན་ཚབ་པར་ལངས་ཏེ། ནུས་པ་ཅི་ཡོད་ཀྱིས་བོད་དོན་བདེན་མཐའ་གསལ་བའི་ལས་དོན་སྒྲུབ་བཞིན་ཡོད་ལ། འདས་པའི་ཀྱག་ཀྱོག་གི་བྱུང་རབས་ནང་དཀའ་སྡུག་གི་འགག་འཕྲང་གྲངས་ལས་འདས་པ་ཞིག་བརྒལ་ཏེ་ད་ལྟའི་ཆར་འཛམ་གླིང་ཧྲིལ་བོར་བོད་པའི་རང་དབང་གི་འབོད་སྒྲ་གསེང་མཐོར་སྒྲོག་བཞིན་པ་མ་ཟད། མི་རིགས་འདིའི་སྙིང་སྟོབས་དང་རང་དབང་གི་ཆེད་དུ་བཏང་བའི་བློས་གཏོང་ནི་འཛམ་གླིང་རང་དབང་རྩོད་ལེན་གྱི་ཟིན་ཐོའི་ནང་འོད་དུ་འཚེར་བ་ཞིག་བྲིས་དང་འབྲི་བཞིན་ཡོད། ཡིན་ན་ཡང་། སྐབས་འདིར་བོད་པའི་ལུས་ལས་ཆད་པའི་སྲིན་འབུ་སྐོར་ཞིག་གིས་ཁྱི་སྤྱང་གི་ཐོ་ཅོ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་གི་སྲོག་ཤིང་ལྟ་བུའི་༸གོང་ས༸ཡིད་བཞིན་ནོར་བུ་མཆོག་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད།

བོད་ནང་དུ་༸གོང་ས་མཆོག་གི་སྐུ་པར་ཉར་བ་ཙམ་ཡང་ཁྲིམས་འགལ་དུ་བརྩིས་ཏེ་ཉམ་ཆུང་བོད་མི་ཚོར་མཐོང་ཆུང་དང་། ཁྱད་གསོད། རྡུང་བརྡེག བཙོན་འཇུག་བཅས་ཀྱི་མནར་གཅོད་མྱོང་གི་ཡོད་ལ། སྟབས་ཉེས་ན་སྐུ་པར་ཉར་བ་ཙམ་གྱིས ཚེ་སྲོག་འཆོར་ཡང་མི་སྲིད་པ་མིན། འོན་ཀྱང་། རང་རིགས་ཀྱི་ལར་ཞེན་ཅན་གྱི་བོད་མི་ཚོས་མུ་མཐུད་སྐུ་པར་བཤམས་ཀྱི་ཡོད་ལ། མུ་མཐུད་༸གོང་ས་མཆོག་གི་སྐུ་ཚེ་བརྟན་ཕྱིར་གསོལ་འདེབས་དང་བསྟོད་དབྱངས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། འོན་ཀྱང་ཕྱི་ཡུལ་དུ་དེ་ལས་ལྡོག་པའི་སྣང་ཚུལ་སྐྱུག་བྲོ་བོ་ཞིག་མཐོང་རྒྱུ་ཡོད་པ་ནི། ལོ་མང་རིང་༸གོང་ས་མཆོག་གིས་སྐུ་ངལ་ལས་བསྐྲུན་པའི་སྤྱི་ཚོགས་ཁྲོད། སློབ་སྦྱོང་བྱས། བསམ་བློ་སྨིན། རྒྱབ་སྐྱོར་ཐོབ་པའི་མི་སྐོར་ཞིག་གིས་ད་གཟོད་སླ་ང་ནང་ཟོས་ཏེ། ཁ་བཅད་ཐོག་སྐྱག་པ་གཏོང་གི་ཡོད་དེ། དེ་ཚོའི་མིང་ལ་དོལ་རྒྱལ་ཚོགས་པ་ཟེར།

དོལ་ཚོགས་ཀྱིས་རྒྱ་གཞུང་གི་ལྐོག་དངུལ་ལེན་གྱིན་ཡོད་ཚུལ་སྤྱི་ཚོགས་ཐོག་བཤད་ཚུལ་ཧ་ཅང་མང་། དོལ་ཚོགས་ཀྱི་ཚོགས་གཙོ་བྱེད་མྱོང་བའི་ཚེ་བཀྲ་བླ་མས་ད་ལོ་དངོས་སུ་དྲ་ལམ་ནས་ཕྱིར་བསྒྲགས་གནང་བ་དེས་སྤྱི་ཚོགས་ཐོག་གི་བཤད་ཚུལ་ལ་ཧ་ཅང་ཁ་གསལ་བའི་བདེན་རྟགས་བྱིན་ཡོད། ཚེ་བཀྲ་བླ་མས་གསུངས་པ་ལྟར། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་དོལ་ཚོགས་མཉམ་འབྲེལ་གྱིས་བཙན་བྱོལ་ནང་དུ་མི་གསོད་ཁྲག་སྦྱོར་བྱས་པ་དང་། མཐུན་སྒྲིལ་གཏོར་བཤིག་བཏང་བ། ༸གོང་ས་༸ཡིད་བཞིན་ནོར་བུ་མཆོག་གི་སྐུ་སྲོག་ལ་ཡང་རྒོལ་འདོད་ཡོད་པ་ཧ་ཅང་གསལ་བས། བོད་གཞིས་བྱེས་གཉིས་ཀྱི་བོད་རིགས་ཡོངས་ཀྱིས་བསམ་བློ་གཏོང་དགོས་པ་ལས། བོད་ཀྱི་གཏམ་དཔེར། མགོ་རུལ་སྣ་བས་མ་ཚོར་ཞེས་པ་ལྟར་སོང་ན་ཉེན་ཁ་ཆེ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞི་རྩའི་ལམ་སྟོན་གྱི་ནང་ཚན། བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཞེས་པར་” བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན།

གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང༌རིག་གཞུང༌། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་མཛད་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད་”ཅེས་འཁོད་ཡོད་པ་བཞིན། ༸གོང་ས་ཡིད་བཞིན་ནོར་བུ་མཆོག་ནི་དེང་སྐབས་འཛམ་གླིང་ཐོག་བོད་མི་རིགས་ཀྱི་མཚོན་རྟགས་དང་རང་དབང་གི་མགྲིན་ཚབ་པ། བོད་ཀྱི་བསམ་བློའི་དབུ་འཁྲིད་དང་ཆིག་སྒྲིལ་གྱི་སྲོག་ཤིང་བཅས་ཡིན་ཏེ། སྤྱིར་བཏང་༸གོང་ས་༧མཆོག་བོད་ཡུལ་དང་བྲལ་ནས་ལོ་ངོ་འདི་སྙེད་ཅིག་འགོར་ན་ཡང་། བོད་ཀྱི་བསམ་བློའི་ནང་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གནས་བབ་ནི། རྒྱ་གཞུང་གིས་ལོ་ནས་ལོ་བསྟུད་དཔལ་འབྱོར་གྱི་བསླུ་བྲིད་དང་། དྲག་དཔུང་གི་འཇིགས་ངོམས་སོགས་ཐབས་བརྒྱ་ཇུས་སྟོང་འགོད་ཀྱིན་ཡོད་ན་ཡང་། བོད་མི་རིགས་ཀྱི་བསམ་བློའི་ཁྲོད་དོན་དམ་པའི་ཚོད་འཛིན་རྡུལ་ཙམ་ཐུབ་ཀྱི་མེད་པ་ནི། སྐུ་པར་ཙམ་གྱི་ཆེད་སྲོག་ལ་བབས་ཀྱང་གནོང་འགྱོད་མེད་པ་དང་། ༸གོང་ས་མཆོག་བོད་ལ་ཕྱིར་ཕེབས་དགོས་པའི་འབོད་སྒྲའི་ཁྲོད་རང་ལུས་མེར་མཆོད་ཕུལ་བའི་དོན་དངོས་གྲངས་མང་བྱུང་བ་འདིས་གསལ་བོར་མཚོན་གྱི་ཡོད།

ད་དུང་སྤྱི་ལོ་ ༢༠༠༦ ལོའི་རི་དྭགས་པགས་རིགས་ཀྱི་གྱོན་པ་དོར་དགོས་པའི་གསུང་བསྐུར་ཐེངས་གཅིག་གིས་བོད་ཡུལ་ཆོལ་ཁ་གསུམ་ཡོམ་ཡོམ་བརྒུལ་ཅིང་། ད་ལྟའི་ཆར་རི་དྭགས་པགས་རིགས་ཀྱི་གྱོན་པ་ཅན་གདོན་དུ་ལྟ་བའི་འདུ་ཤེས་ཆགས་སོང་བ་འདི་གཅིག་པུས་ཀྱང་། བོད་མི་རིགས་ཀྱི་བསམ་བློའི་ཁྲོད་ཀྱི་༸གོང་ས་བཅུ་བཞི་བ་ཆེན་པོའི་གནས་བབ་དང་། དོན་དམ་དུ་བོད་ཀྱི་བསམ་བློའི་མཛུབ་སྟོན་པ་སུ་ཞིག་ཡིན་པ་གསལ་གསལ་རྗེན་རྗེན་དུ་མཐོང་ཐུབ། འདི་ལས་ཤེས་པ་ནི། ༸གོང་ས་མཆོག་ནི་དོན་དངོས་ཐོག་བོད་མི་རིགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་ཚབ་མཚོན། བོད་མིའི་རང་དབང་གི་མགྲིན་ཚབ་པ་ཁོ་ན་དེ་ཡིན་པ་སུས་ཀྱང་བསྙོན་དུ་མེད་ལ། རྒྱུ་མཚན་དེའི་ཕྱིར་ན་༸གོང་ས་མཆོག་ལ་རྒོལ་བ་ནི། བོད་མི་རིགས་ལ་རྒོལ་བ་ཡིན། ༸གོང་ས་མཆོག་རྫུན་དུ་སྒྲོག་པ་ནི་བོད་མི་རིགས་རྫུན་དུ་སྒྲོག་པ་ཡིན། དེ་བཞིན་༸གོང་ས་མཆོག་ཕམ་པར་འདོད་པ་ཡང་བོད་མི་རིགས་ཕམ་པར་འདོད་པ་ཡིན། རྒྱུ་མཚན་མང་པོ་སྨོས་ག་ལ་དགོས་ཏེ། འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེས་དམངས་ཁྲོད་དུ་བོད་མི་ལ་ “ཏཱ་ལའི་བླ་མའི་མི” ཞེས་འབོད་ཀྱི་ཡོད་པ་འདི་ཙམ་གྱིས་ཀྱང་དུས་རབས་འདིའི་ནང་བོད་དང་ཏཱ་ལའི་བླ་མའི་འབྲེལ་བ་གསལ་སྟོན་བྱ་ཐུབ་པ་ཡིན།

ཆོས་ལུགས་དང་དད་མོས་ཀྱི་ཆ་ནས་སྨོས་ཀྱང་ཅི་དགོས་ཏེ། བོད་མི་རྣམས་ཀྱིས་༸གོང་ས་མཆོག་ནི་སྤྱན་རས་གཟིགས་མིའི་ཤ་ཚུགས་སུ་བྱོན་པ་དང་། བོད་ཡུལ་ནི་ཁོང་གི་གདུལ་ཞིང་ཡིན་པ་ལུང་དང་རིགས་པ་དཔག་ཏུ་མེད་པས་བསྒྲུབ་ཏུ་ཡོད་པ་ཞིག་རེད། ཐ་ན་ད་སྐབས་༸གོང་ས་མཆོག་ལ་ངོ་རྒོལ་གྱི་ཐོ་ཅོ་གནམ་ལ་འཕྱར་བའི་དམ་ཉམས་དེ་ཚོ་ཡང་ཕལ་ཆེ་བས་༸གོང་ས་མཆོག་གི་མདུན་ནས་ཆོས་ཞུ་མྱོང་བ་དང་། མང་པོ་ཞིག་གི་དགེ་ཚུལ་སློང་གི་སྡོམ་པ་ལེན་སའི་མཁན་པོ་ཆགས་ཡོད། དམ་ཉམས་འདི་འདྲ་བ་དག་གིས་ད་དུང་རི་བོ་དགེ་ལུགས་པའི་བསྟན་པ་བསྲུང་བར་ཁས་འཆེ་བ་ནི་ས་སྟེང་གླེན་པར་མཐོང་བ་མིན་ན་ཅི། དམ་ཚིག་ཉམས། གྲྭ་བ་ལོག བླ་མ་སྨོད། འདྲེ་གདོན་བཀུར། རྫུན་གྱི་འཁོར་ལོ་བསྐོར། ཐ་ན་ཆེས་སྤྱིར་བཏང་གི་མི་གཤིས་ཙམ་ཡང་འཚོལ་དུ་མེད་པ་འདི་ཚོས་ད་དུང་ཡང་ཇོ་བོ་བཀའ་གདམས་པའི་བསྟན་པའི་ལ་རྒྱ་འཛིན་པར་སྒྲོག་པ་ནི་ཆེས་སྐྱུག་བྲོ་བ་ཞིག་མིན་ནམ།

གཞན་ཡང་། ཆོས་འབྱུང་རྣམ་ཐར་དང་ཆོས་ལུགས་དད་མོས་ཀྱི་ཆ་ནས་བཤད་ན། སྤྱི་སྒེར་སུ་ཞིག་གིས་ཀྱང་དོལ་རྒྱལ་བརྟེན་ན་ཕན་ལས་གནོད་ཆེ་བ་དང་། དགེ་ལས་སྐྱོན་ཆེ་བ། ཁེ་ལས་གྱོང་ཆེ་ཚུལ་མི་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་དཔང་དུ་བཞག་སྟེ། ༸གོང་ས་མཆོག་སྐུ་ཉིད་ཀྱིས་ཉམས་མྱོང་གཞི་བྱས་ནས་མང་ཚོགས་ལ་བླང་དོར་བཀའ་སློབ་ལམ་སྟོན་གནང་ཡོད་ལ། དེ་འདྲའི་ལམ་སྟོན་བཀའ་སློབ་ནི་༸གོང་ས་མཆོག་སྐུ་སྒེར་གྱི་ཐོབ་ཐང་དང་འགན་འཁྲི་ཡང་རེད། བོད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ལ་མཚོན་ན་མགོ་སྐྱབས་འགྲོའི་བསླབ་སྡོམ་ནས་མཇུག་རྡོ་རྗེ་ཐེག་པའི་ཟབ་ལམ་བར་གྱི་བླང་དོར་གྱི་རིམ་པ་མཐའ་དག་པ་མ་ནོར་བ་སྟོན་རྒྱུ་དེ་ནི་འགན་འཁྲི་ལྡོག་མེད་ཅིག་ཡིན་ལ། སློབ་མ་བསླབ་སྡོམ་གྱི་རྒྱ་ལས་བརྒལ་མི་རུང་བར་བསྟན་པ་དེ་དད་མོས་ཀྱི་རང་དབང་ཕྲོགས་པར་སྒྲོག་ན། འཇིག་རྟེན་འདིར་ཆོས་ལུགས་པར་འབོད་པའི་གདགས་གཞི་གང་དུ་འཚོལ་དགོས། ལྷག་པར་དུ་ནང་པ་དང་དེའི་ནང་ནས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་བསྲུང་བྱ་ལྕི་ཡེར་བ་དེ་དག་ཇི་ལྟར་རྒྱུན་འཛིན་བྱེད་དགོས།

རྒྱལ་དབང་ཐམས་ཅད་མཁྱེན་པས་དུས་ཐོག་མ་ཉིད་ནས་ཉེས་སྐྱོན་ཡོད་པ་མཐོང་ནས་ངས་མ་བཤད་ན་ངའི་སྐྱོན་རེད། ལབ་ནས་མ་ཉན་ན་ཁྱེད་རང་ཚོའི་འདོད་པ་རེད་ “ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ།། ཉན་དང་མི་ཉན་སོ་སོའི་བསམ་བློ་རེད།།” ཅེས་ལུང་དྲང་ནས་གསུངས་ཡོད། དོལ་རྒྱལ་ནི་ “ང་དགེ་ལུགས་པའི་དམ་སྲི་ཁོ་ཡིན་” ཞེས་རང་ཉིད་ཀྱིས་རང་ཉིད་ངོ་སྤྲོད་བྱེད་མཁན་དེ་ཡིན་པ་དང་། རྒྱུ་སྨོན་ལམ་ལོག་པ་དང་། ངོ་བོ་དམ་སྲི་འབྱུང་པོ། བྱེད་ལས་བསྟན་པ་དང་འགྲོ་བར་གནོད་འཚེ་བྱེད་པ་བཅས་ཡིན་པ་༸གོང་༸ས་ལྔ་བ་ཆེན་པོས་ངོས་འཛིན་གསལ་བར་གནང་ཡོད་དེ། རི་བོ་དགེ་ལུགས་པའི་ཆོས་རྒྱུན་ལ་དད་མོས་ཡོད་མཁན་ཞིག་ཡིན་ཚེ། དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས།། སྨོན་ལམ་ལོག་པའི་དམ་སྲི་འབྱུང་བོ་འདིས།། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན།། མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློགས།། ཞེས་མཆོག་གསུམ་ལ་བདེན་པ་བདར་ནས་གསུངས་ཡོད་པ་འདི་ལས་ལྷག་པ་ཅི་ཡང་མི་དགོས་པ་ཡིན།

གང་ལྟར་དེ་འདྲའི་རྩོད་པ་ཅན་གྱི་འདྲེ་ཞིག་ཁ་ལ་ཁྱེར་ཀྱང་རུང་། དེ་མིན་གྱི་གནས་ཚུལ་ཅི་ཞིག་གླེང་ནས་ངོ་རྒོལ་བྱས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་རིགས་ཀྱི་བསམ་པའི་དབུ་ཁྲིད་དང་བླང་དོར་ལམ་སྟོན་པ་ཡིན་པས། ཁོང་ལ་མཚན་སྨོད་དང་། ཟུར་ཟ། མཐོང་ཆུང་བཅས་བྱས་པ་ནི་བོད་མི་རིགས་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ཡིན། རྒྱ་གཞུང་གིས་གནས་ཚུལ་འདི་གསལ་བོར་ཤེས་ཡོད་སྟབས། ཐོག་མཐའ་བར་གསུམ་དུ་བོད་མི་རིགས་ལ་རྡུང་བརྡེག་གཏོང་བ་དང་། བོད་མི་རིགས་ཀྱི་ལས་དོན་དང་འབྲེལ་བའི་དཀའ་རྙོག་གང་འཕྲད་དང་། ཐ་ན་བོད་སྐད་བོད་ཡིག་འཕེལ་རྒྱས་གཏོང་དགོས་པའི་མང་ཚོགས་ཀྱི་ཞུ་འབོད་ཁྲོམ་སྐོར་ལ་ཡང་། ཐད་ཀར་ཏཱ་ལའི་བླ་མ་ལོག་སྤྱོད་པ་དང་། ཏཱ་ལའི་བླ་མ་ཁ་བྲལ་བ། ཏཱ་ལའི་བླ་མ་འཇིགས་སྐུལ་བ་སོགས་༸གོང་ས་མཆོག་གི་མཚན་རང་སྤྱད་ནས་སྡིགས་ར་སྐུལ་གྱི་ཡོད་ལ། འདི་ལྟར་སྡིགས་ར་བསྐུལ་ན་བོད་མི་རེ་རེ་བཞིན་གྱི་སེམས་ལ་ན་ཟུག་འཇོག་གི་ཡོད་པ་ཁོང་ཚོས་གསལ་བོར་ཤེས་ཀྱི་ཡོད།

མདོར་ན་རྒྱ་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཏཱ་ལའི་བླ་མ་ཞེས་སྡིགས་ར་དང་འཇིགས་སྐུལ་བྱེད་བཞིན་པ་འདིས་ཐད་ཀར་བོད་ཀྱི་ས་གནས་ཁག་དམ་དྲག་བྱེད་ཀྱི་ཡོད་ལ། ཁོང་ཚོས་བརྒྱུད་ལམ་ནང་སྤྱད་པའི་ཏཱ་ལའི་བླ་མ་ཞེས་པ་འདིས་བོད་མི་རིགས་མཚོན་ཐབས་བྱེད་ཀྱི་ཡོད། གང་ལྟར་འདི་འདྲའི་བསམ་སྦྱོར་ངན་པ་འཆང་བའི་མི་རིགས་སུ་ཞིག་དང་སྐྱ་སེར་གང་འདྲ་ཞིག་ཡིན་ནའང་དེ་ནི་བོད་མི་རིགས་སྤྱི་ལ་གནོད་པའི་གཏེ་བོ་ཞིག་ལ་མི་བརྩི་ཐབས་མེད་ཡིན།

བྱེ་བྲག་ཏུ་དགར་ནས་གསལ་བོར་བཤད་ན། དོལ་ཚོགས་ཀྱི་བྱེད་གཏེ་རེ་ཟུང་དང་། རྒྱ་དམར་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཟེར་བའི་ལག་དམར་བ་དེ་ཚོ་ཡིན། འཐབ་ཕྱོགས་གཅིག་གྱུར་ཟེར་བའི་ལག་དམར་པའི་ཁྱི་ཚོགས་འདིས། ང་ཚོའི་མི་རིགས་ཀྱི་དཔའ་བོ་ག་ཚོད་ཀྱི་སྐུ་སྲོག་ལ་འདྲེ་ལག་བསྲིངས་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་༸གོང་ས་མཆོག་གི་ལམ་དབུ་མའི་དགོངས་གཞི་ལ་ལོག་འགྲེལ་བྱས་ཏེ་དྲིལ་བསྒྲགས་རྫུན་མས་ས་སྟེང་བཀང་བ་དང་། བོད་ཀྱི་ལས་རིགས་སྣ་ཚོགས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་དང་། མགོ་གནོན། འབུར་འཇོམས་བྱས་ཏེ་བོད་ཀྱི་སྲིད་འབྱོར་རིག་གསུམ་རྨང་ནས་བརླག་པའི་སྦྱོར་བ་རྩོམ་གྱི་ཡོད། དཔེར་ན། དོལ་ཚོགས་དང་ངན་པ་ལག་འབྲེལ་བྱས་ནས་ལས་དོན་སྒྲུབ་སྟངས་ལ་ལྟོས་དང་། ཁོ་ཚོས་རྣམ་པ་ཐམས་ཅད་དུ་བོད་མི་རིགས་ཀྱི་གཉོམ་ས་ཕྲ་ས་ཁོ་ནར་འཇུས་ཏེ་མི་རིགས་འདི་གཏན་ནས་སྒྱེལ་ཐབས་ཁོ་ནར་བརྩོན་གྱི་ཡོད།

དེའི་ཆ་ནས་ཀྱང་དོལ་ཚོགས་ཀྱི་ཕྱི་པགས་གྱོན་པའི་རྒྱ་དམར་གསང་ཉུལ་བ་ཚོར་ཇུས་ལན་ཇུས་འཇལ་ངེས་པར་དགོས་པ་ལས་དེ་མུར་འཇོག་ཐབས་གཏན་ནས་མེད་དེ། ལྟོས་འཇོག་གིས་བཤད་ན། ས་ཁོངས་དང་མི་རིགས་ཀྱི་བདག་དབང་ཐད་ཀྱི་རྩོད་ཉོག་ལ་ཐུག་པའི་རྒྱ་གཞུང་གིས་དེ་འདྲ་ལོས་བྱེད་མོད། བོད་ཀྱི་རིགས་ལས་ཆད་ཅིང་ཁྲག་གི་བཞུར་རྒྱུན་འདྲེས་པའི་ཁྲེལ་མེད་ནང་རུལ་བ་འདི་ཚོས་འདི་འདྲ་བྱེད་པའི་འོས་བབ་ག་ན་ཡོད་དེ། རང་གི་མི་རིགས་འདི་ལོ་རྒྱུས་ཀྱི་ཤི་གསོན་ལ་ཐུག་པའི་ཚོད་བགམས་ཁྲོད་གནས་ཡོད་པས་སོ།།

དོལ་རྒྱལ་ཞེས་པའི་གཟུགས་མེད་དེ་བསྟེན་པ་ཙམ་ནི་རྣམ་པ་ཐམས་ཅད་དུ་རང་དབང་ཡིན་པས་སུས་ཀྱང་ཐེ་གཏོགས་མི་བྱེད་མོད། བོད་མི་ཁག་ཅིག་གིས་གཟུར་གནས་ཡིན་མདོག་གིས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་ཅི་བྱས་ལ་གསེད་བཀྲོལ་མི་གནང་བར། མདུང་རྩེ་ནང་དུ་སྐོར་མི་རུང་བར་ཕྱི་ལ་སྐོར་དགོས་པའི་ཁག་འཇོག་ས་འཚོལ་མཁན་རྣམས་ལ་བཤད་འདོད་པ་ནི། ནང་བཀྲ་མ་ཤིས་ན་ཕྱིའི་དོན་མི་འགྲུབ་ཟེར་བའི་བོད་མིའི་ཁ་དཔེ་འདི་ཡིན།

མདོར་ན་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་དང་མཐོང་ཆུང་ཁྱད་གསོད་ཀྱི་ཅ་ཅོས་གནམ་ས་བཀང་ཡང་། སེམས་ཀྱི་ཚོར་སྣང་དང་ངག་གི་རྣམ་འགྱུར་རང་མལ་དུ་གནས་པ་རྣམས་ནི། ལུས་བོད་མིར་ཐོབ་ཀྱང་སེམས་དམར་གཞུང་ལ་ཤོར་བའི་དོལ་ཚོགས་དང་ཁྱད་པར་མེད་ཁར། ཅོལ་ཆུང་གཡམ་ལ་རྒྱུགས་མཁན་ཚོའི་བློ་བྲིད་དགོས་ན་ཁོ་ཚོ་ལས་ལྷག་པ་མི་འདུག

སྤྱིར་ན་སྔོན་གྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཕོ་རབ་ཀྱི་དགེ་ཁྱད་དགུ་ཡོད་པའི་ནང་གི་དཀར་ནག་གི་དགེ་ཐོན་པ། དགྲ་གཉེན་གྱི་རིས་གསལ་བ་ཞེས་པ་ལྟར། སྐབས་འདི་འདྲའི་ནང་། ཕ་བརླ་དགྲ་བོར་བཙོང་། སྟག་ཤ་ཁྱི་ལ་འཕེན་པའི་དོལ་ཚོགས་ཀྱི་བྱེད་བབ་འདི་ལྟ་བུ་ལ་ཡང་དཀར་ནག་གི་དབྱེ་གསེས་མེད་པར། འཛུམ་དམུལ་ལེར་བགད་ལྷང་ངེར་འགྲོ་ཐབས་བྱེད་པ་ནི། ལོ་རྒྱུས་ཀྱི་འགན་འཁྲི་རྡོ་ལྟར་དོར་བའི་ཁྲེལ་མེད་ཡིན་ལ། གལ་ཏེ་མི་རིགས་འདི་ལ་མ་འོངས་པར་རྒྱལ་ཁ་ཞིག་ཐོབ་པ་ཡིན་ན། དོལ་ཚོགས་དང་དོལ་ཚོགས་ལྟ་བུའི་རྒྱུགས་ཁྱི་འདི་ཚོར་མི་རབས་ནས་མི་རབས་བར་ནང་རུལ་བའི་གཏམ་རྒྱུད་སྒྲིག་པར་ཐེ་ཚོམ་མེད།

སྤྱི་ལོ་ ༢༠༡༥  ཟླ་ ༧ ཚེས་ ༡༥ ཉིན་སེར་བྱེས་དགེ་བཤེས་བློ་བཟང་དཔལ་ལྡན་ནས།

འབྲེལ་ཡོད་གསར་འགྱུར།

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡
US
Mobile App

ཨ་རིས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༡༡/༢༡
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་མངའ་སྡེ་ཨ་སམ་གྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་།

༢༠༢༥/༡༡/༢༡
His Holiness the Dalai Lama and Bihar Chief Minister Nitish Kumar in Bodhgaya, Bihar, India on December 21, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

བྷི་ཧར་མངའ་སྡེའི་སྤྱིི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མར་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ། 

༢༠༢༥/༡༡/༢༠
Jamyang Tenzin
Mobile App

མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་ནམ་ཡང་མ་བརྗེད་ཅེས་འབོད་སྐུལ་ཞུས་སོང་།

༢༠༢༥/༡༡/༢༠
New studies stated to indicate likelihood of major new earthquakes in the Himalayas
Mobile App

ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་ཡོམ་ཤུགས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག

༢༠༢༥/༡༡/༢༠

མཆན། 2

  1. སྐལ་བཟང་རྣམ་རྒྱལ། says:
    ལོ་ 10 སྔོན།

    དེང་སང་བོད་ཁྱིམ་སློབ་ཟུར་ཡིན་ཟེར་མཁན་ན་གཞོན་ཁ་ཤས་ཤིག་ནས་དོལ་རྒྱ་གཉིས་ཀྱི་རྐུབ་གཡོག་རྒྱུགས་ནས་༸གོང་ས་མཆོག་ལ་སྐུར་འདེབས་ཞུ་བའི་སྐད་ཆ་འདྲ་མིན་ཤོད་མཁན་དེ་འདྲ་འདུག ཉེ་ཆར་ཧྥ་རན་སི་ནས་བོད་ཁྱིམ་སློབ་ཟུར་ཡིན་ཟེར་མཁན་དོལ་རྒྱའི་རྒྱུགས་ཁྱི་ཞིག་གིས་སྐད་ཆ་རྣ་བས་ཉན་མ་བཟོད་པ་དེ་འདྲ་བཤད་དེ་སྐད་འཕྲིན་དང་ངོ་དེབ་གང་སར་ཁྱབ་འདུག་ཀྱང་དེ་ཚོར་བོད་ཁྱིམ་དང་སློབ་ཟུར་ཚོགས་པ་ཟེར་བ་དེ་ཚོས་གཅིག་གནང་ཡག་འདྲ་མེད་པ་ཡིན་ནམ། འདི་ལོ་བོད་ཁྱིམ་ནང་མི་གཅིག་ཅེས་པའི་མིང་ཐོག་ནས་༸རྒྱལ་བར་བརྟན་བཞུགས་དང་ཁས་བླངས་དམ་འབུལ་འདྲ་བྱས་སོང་ཡང་། འདི་ཚོའི་ཐོག་གོ་རྒྱུ་ཚོར་རྒྱུ་མི་འདུག ངས་ད་རེས་འདི་ནས་ཟུར་ཙམ་ཞུས་པ་ཡིན་སྤྱི་ཁྱབ་ཡིག་ཚང་ནས་གོ་ཐུབ་པའི་རེ་བ་ཡོད། ད་དུང་འདི་མུར་གོ་མེད་ཚོར་མེད་དུ་བཞུགས་ན་སྤྱི་ཚོགས་དྲ་བའི་ནང་སྐད་ཆེ་ཙམ་རྒྱག་གི་ཡིན་ཏ།

    Reply
  2. དུག་ནག says:
    ལོ་ 10 སྔོན།

    རྒན་ཁྱེད་ཀྱི་མི་གཞི་དང་སྒེར་ཚུགས། བཤད་ཕོད་པའི་གཤིས་ཀ་དེར་ང་རང་རྒྱུན་དུ་ཡིད་སྨོན་དང་དགའ་པོ་བྱེད་མཁན་ཞིག་ཡིན། ད་རེས་འདི་ནས་དོན་དག་གཏིང་ཟབ་ལ་ངེས་པར་བཤད་དགོས་པའི་སྐད་ཆ་ཞིག་ནན་གཏན་ཐོག་བཤད་པར་བཀའ་དྲིན་ཆེ་ཞུ། རྩོམ་ཡིག་ལ་བལྟས་པ་ཙམ་གྱིས་རྩོམ་པ་པོ་དེ་ཕ་ཡུལ་གང་ནས་ཡིན་ཤེས་ཡོང་བའི་དེང་གི་རྩོམ་ཡིག་དེ་དག་དང་མི་འདྲ་བར་སྙན་ཞིང་དོོན་འདུས་པ་ཞིག་བྲིས་འདུག་པ་ངོ་མ་དགའ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese