མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུན་ནན་ཞིང་ཆེན་གྱི་མཐོ་རིམ་དཔོན་རིཊ་ཤིག་ལ་ཞིབ་བཤེར།

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་པེ་ཅིན་གྲོང་ཁྱེར་མི་དམངས་འབྲིང་རིམ་ཁྲིམས་ཁང་དང་པོའི་དྲ་བའི་སྟེང་གནས་ཚུལ་སྤེལ་བའི་ནང་། ཡུན་ནན་ཞིང་ཆེན་གྱི་ཞིང་ཆེན་མགོ་ཁྲིད་གཞོན་པ་ཟུར་བ་ཧྲིན་ཕེ་ཕིན་ (Chén Péipíng) གྱིས་ལྐོག་རྔན་བླངས་པའི་ནག་ཉེས་འོག་འཛིན་བཟུང་ཞིབ་བཤེར་བྱས་པ་ཁྱབ་བསྒྲགས་བྱས་འདུག

གནས་ཚུལ་ནང་། ༢༠༠༠ ནས་ ༢༠༡༢ ལོའི་བར་ཧྲིན་ཕེ་ཕིན་གྱིས་རྒྱ་ནག་ཐིན་ཁྲོན་རྫོངས་ཀྱི་མགོ་གཙོ་དང་སི་མའོ་གྲོང་ཁྱེར་གྱི་མགོ་ཁྲིད་སོགས་བྱས་སྐབས། དབང་ཆ་སྒེར་སྤྱོད་ཀྱིས་ཡུན་ནན་ས་ཁུལ་གྱི་ཚོང་པ་མང་པོར་རྒྱབ་རོགས་འོག་ཁོས་རྒྱུ་ནོར་འབོར་ཆེན་ལྐོག་རྔན་བླངས་ཏེ། ཁྱོན་རྒྱ་སྒོར་འབུམ་ ༡༦༡༥ ལྷག་ཟོས་ཡོད་སྐོར་ཁྱབ་བསྒྲགས་བྱས་འདུག

༢༠༡༣ ལོའི་ཟླ་ ༡ པ་ནས་ཧྲིན་ཕེ་ཕིན་གྱིས་ཡུན་ནན་ཞིང་ཆེན་མགོ་ཁྲིད་ཀྱི་ལས་འགན་འཁུར་ཡོད་པ་དང་། ༢༠༡༤ ལོའི་ཟླ་ ༣ ཚེས་ ༩ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཉེས་དོན་དོགས་གཞིའི་འོག་ཞིབ་བཤེར་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། ཟླ་དེའི་ཚེས་ ༢༠ ཉིན་ཏང་ནས་ཕྱིར་འཕུད་ཁྱབ་བསྒྲགས་བྱས་ཏེ་དངོས་སུ་འཛིན་བཟུང་བྱས་ཡོད་འདུག

དེ་རིང་བྷེ་བྷེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཧྲིན་ཕེ་ཕིན་ནི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ ༡༨ པའི་རྗེས་ལ་ཞིང་ཆེན་རིམ་པའི་སྟག་རྒན་གོ་གནས་ཕབ་པ་ ༢༢ དེ་ཆགས་ཡོད་པ་དང་། ཧྲིན་ཕེ་ཕིན་ཞིབ་བཤེར་བྱས་རྗེས་ ༢༠༡༤ ནས་ ༢༠༡༥ ལོའི་ནང་ཡུན་ནན་དཔོན་རིགས་ཚོའི་གོ་གནས་ལ་གཡོ་ཁྱོམ་ཆེན་པོ་ཞིག་བྱུང་ཡོད་སྟབས། ཞིང་ཆེན་གྱི་མགོ་གཙོ་ཟུར་བ་པེ་ཨིན་ཕེ་ (Bai Enpei)དང་། ཞིང་ཆེན་མགོ་གཙོ་གཞོན་པ་ཟུར་བ་ཁྲོའོ་ཧི་ (Chou He)། ཡུན་ནན་ཞིང་ཆེན་ཁོན་མིན་གྲོང་ཁྱེར་མགོ་གཙོ་ཟུར་བ་ཀའོ་ཅེན་སོན་ (Gao Jinsong) སོགས་ཀྱི་གོ་གནས་ཕབ་ཡོད་འདུག ཁོན་མིན་གྲོང་ཁྱེར་གྱི་མགོ་གཙོ་ཟུར་བ་ཀྲང་ཐེན་ཞིན་ (Zhang Tianxin) ལ་སྒྲིག་འགལ་ཉེས་མིང་འོག་གོ་གནས་ཕབ་པ་སོགས་ཡུན་ནན་ཞིང་ཆེན་གྱི་མཐོ་རིམ་དཔོན་རིགས་ ༤ གོ་གནས་ནས་ཕབ་ཡོད་འདུག ཅེས་བཀོད་འདུག

༢༠༡༥ ལོར་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱ་ནག་སྲིད་གྲོས་ཚོགས་ཆེན་གཉིས་སྐབས། ཡུན་ནན་ཞིང་ཆེན་གྱི་མགོ་གཙོ་ལེ་ཅི་ཧིན་ (Li Jiheng) གྱིས་བརྒྱུད་ལམ་ཁག་ཏུ་ ༢༠༡༤ ལོར་ཡུན་ནན་ཞིང་ཆེན་ནང་གོ་མཐོ་རིམ་དཔོན་རིགས་ ༤༢ དང་གཞུང་སྒྲུབ་ཁང་གི་མགོ་གཙོ་ ༣༧ ལ་ཞིབ་བཤེར་བྱས་ཡོད་པ་སོགས་བརྗོད་འདུག

ཧྲིན་ཕེ་ཕིན་ནི་ ༡༩༦༢ ལོའི་ཟླ་ ༢ ཚེས་ ༣ ཉིན་ཡུན་ནན་ཧྲི་ཏེན་ (Shidian)རྫོངས་ནས་སྐྱེས་ཡོད་པ་དང་། ༡༩༨༡ ལོའི་ཟླ་ ༨ པ་ནས་རྒྱ་གཞུང་གི་ལས་ཀ་བྱ་རྒྱུ་མགོ་བཙུགས་འདུག ༡༩༨༥ ལོར་རྒྱ་ནག་གུང་ཁྲན་ཏང་ནང་འཛུལ་བཞུགས་བྱས་ཡོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༧ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese