མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉེན་རྟོག་པས་ཞིང་གྲོང་མི་མང་ལ་གཅར་རྡུང་།

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

 རྒྱ་ནག་ལྷོ་རྒྱུད་གླིང་ཕྲན་ཧེ་ནན་ཞིང་ཆེན་དུ་ཞིང་བ་མི་མང་སྟོང་ཕྲག་མང་པོ་ས་གནས་སྲིད་གཞུང་གི་སྒོ་དྲུང་དུ་འདུ་འཛོམས་ཀྱིས། ཉེ་ལམ་སྲིད་གཞུང་གིས་ཁོ་ཚོའི་ས་ཞིང་གཞུང་བཞེས་བཏང་བ་མ་ཟད། དེའི་གུན་གསབ་མ་དངུལ་ཡང་ལྐོག་ཟ་བྱས་སོང་ཞེས་ངོ་རྒོལ་ལས་འགུལ་སྤེལ་སྐབས། ས་གནས་ཉེན་རྟོག་པས་ཡུལ་མི་ ༡༠ ལྷག་འཛིན་བཟུང་དང་ཉེས་རྡུང་ཚབས་ཆེན་བཏང་ཡོད་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་ཨེ་སེ་བྷི་རན་ཆིས་ (Easy Branches) ཞེས་པའི་དྲ་ལམ་དུ་གནས་ཚུལ་སྤེལ་དོན་ལྟར་ན། ད་ལོའི་ཕྱི་ཟླ་ ༦ པའི་ཟླ་དཀྱིལ་ལ་ཧེ་ནན་ཞིང་ཆེན་ལིན་ཧྲེ་རང་སྐྱོང་ཁུལ་གྱི་གྲོང་ཚོ་ ༡༠ འཐུས་ཚབ་ཀྱི་མིང་ཐོག་ནས། གོང་ཞུས་ཉེན་རྟོག་པས་གཅར་རྡུང་དང་བཀག་ཉར་བྱས་པའི་ངོ་རྒོལ་ལས་འགུལ་བ་དེ་ཚོས་གྲོང་སྡེ་སྲིད་གཞུང་ལ་དངོས་ཡོད་གནས་ཚུལ་ཞིབ་ཕྲ་ཞུས་ཡོད་པ་དང་། རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་ས་གནས་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་བ་མང་བོར་ཉེས་རྡུང་ཚབས་ཆེན་བཏང་ཡོད་སྐོར་བཀོད་འདུག

རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ལོ་ ༥༠ ནས་ ༦༠ སོན་པའི་ཡུལ་མི་རྒན་རབས་པ་མང་པོར་ས་གནས་ཉེན་རྟོག་པས་གཅར་རྡུང་ཚབས་ཆེན་བཏང་སྟེ། ཁོ་ཚོ་ས་གནས་སྨན་ཁང་དང་གྲོང་རྡལ་སྨན་ཁང་ཁག་ཏུ་བསྐྱལ་དགོས་བྱུང་ཡོད་པ་དང་། ཉེན་རྟོག་པས་ཁོ་ཚོར་ཉེས་རྡུང་དེ་འདྲ་གཏོང་དོན། ཁོ་ཚོས་ས་གནས་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་པས་ཡིན་སྐོར་སོགས་བཀོད་འདུག

གནས་ཚུལ་བསྒྲགས་དོན་ལྟར་ན། ༢༠༡༠ ལོར་རྒྱ་ནག་གཞུང་གིས་གོང་སྨྲས་གྲོང་ཚོ་དེ་དག་གི་ས་ཞིང་གཞུང་བཞེས་བཏང་སྟེ་ཡུལ་མི་ཚོར་རྒྱ་སྒོར་ཁྲག་ཁྲིག་ ༢ ལྷག་གི་གུན་གསབ་སྤྲོད་རྒྱུའི་ཁས་ལེན་བྱས་པ་འཐུས་ཚང་ཤིག་ད་དུང་སྤྲད་མེད་ཅིང་། མིང་ལ་ཀྲི་ཧྥང་ (Zhifang) ཟེར་བ་ཞིག་གིས་དྲ་ལམ་ཁག་ཏུ། སྲིད་གཞུང་གིས་ས་ཞིང་གཞུང་བཞེས་བྱས་པའི་གུན་གསབ་མ་དངུལ་དེ་སྤྱིར་བཏང་ཡུལ་མི་རེར་རྒྱ་སྒོར་སྟོང་ཕྲག་ ༣༤ འཐོབ་ཀྱི་ཡོད་ནའང་། ཡུལ་མི་ཚོའི་ལག་ཏུ་གུན་གསབ་མ་དངུལ་རྒྱ་སྒོར་ ༣, ༤༠༠ ཙམ་མ་གཏོགས་རེག་མེད་སྟབས། གྲོང་སྡེ་དེ་དག་གི་ཡུལ་མི་ཚོས་ས་གནས་སྲིད་གཞུང་ལ་ངོ་རྒོལ་བྱས་པ་མ་ཟད། ཐ་ན་གྲོང་སྡེའི་ནང་གི་དུད་ཚང་གཅིག་གི་ཁྱིམ་མི་ཚང་མ་ངོ་རྒོལ་ལས་འགུལ་ནང་ཞུགས་ཀྱི་འདུག ཅེས་བཀོད་འདུག

འདས་པའི་ལོ་ངོ་འདི་དག་ནང་། རྒྱ་ནག་གི་ཞིང་གྲོང་མི་མང་དང་ས་གནས་ཉེན་རྟོག་པའི་བར་ལ་འཁྲུག་འཛིང་ཤོར་མུས་ཡིན་ཞིང་། དེ་ཡང་ས་གནས་དཔོན་རིགས་ཚོ་དང་ས་བདག་གྲལ་རིམ་གཉིས་བར་གྱི་མཁར་དབང་གི་ཁེ་བཟང་རྩོད་ལེན་འཐབ་རྩོད་ཅིག་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༡༢ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese