མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱི་གོ་སྐབས་ཡག་ཤོས་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་པེ་ཏེ་ཧི་གསང་བའི་ཚོགས་འདུ་དེ་ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ཀྱི་ཐབས་ཇུས་དོན་འཁྱོལ་ཡོང་བའི་གོ་སྐབས་ལེགས་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་འདུག

ལོ་རེའི་ཕྱི་ཟླ་ ༨ པའི་ཟླ་མགོ་རུ་རྒྱ་ནག་དམར་ཤོག་ཚོགས་པས་པེ་ཏེ་ཧི་གསང་བའི་ཚོགས་འདུ་སྐོང་སྲོལ་ཡོད་པ་ལྟར། རྒྱལ་ཕྱི་ནང་ནས་དོ་སྣང་ཆེན་པོས་འདི་ལོའི་ཚོགས་འདུ་ཚོགས་ཚར་བ་དང་། ཡང་ཁ་ཤས་ཀྱིས་ད་ལྟ་འཚོགས་བཞིན་པའི་སྒང་ཡིན་སྐོར་རྗོད་ཀྱིན་འདུག ཡང་རེ་ཟུང་གིས་ད་ལོའི་དབྱར་དུས་སུ་གཏན་ནས་འཚོགས་རྒྱུ་མིན་སྐོར་ཡང་རྗོད་ཀྱི་ཡོད་པ་མ་ཟད། གནད་དོན་དཔྱད་ཞིབ་པ་མང་པོས་ད་ལོའི་ཚོགས་འདུ་དེ་སྔར་དང་མི་འདྲ་བར་ཆབ་སྲིད་ཀྱི་ཁ་སྐོང་དྲི་གཞི་ཙམ་དུ་གྱུར་ཏེ། གདམ་ག་དང་བསམ་ཚུལ་འདོན་ས་མེད་པར་ཞི་ཅིན་ཕིན་གྱི་དབང་ཆ་སྔར་ལས་སྲ་བརྟན་དུ་གཏོང་བའི་གོ་སྐབས་ལེགས་ཤོས་ཤིག་ཏུ་གྱུར་ཡོད་སྐོར་རྗོད་ཀྱི་འདུག

སྤྱིར་བཏང་པེ་ཏེ་ཧི་གསང་བའི་ཚོགས་འདུའི་ཐོག རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་དཔོན་རིགས་ལས་ཐོག་དང་ལས་ཟུར་རྒན་རབས་པ་བཅས་མཉམ་དུ་འཛོམས་ཏེ། ཆབ་སྲིད་བཅོས་སྒྲིག་གཙོ་བོར་བཟུང་ནས་གལ་ཆེའི་གནད་དོན་མང་པོ་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། སྐབས་དེར་དམར་ཤོག་ཚོགས་པའི་རྒན་རབས་པ་མང་པོས་ཀྱང་གོ་སྐབས་དམ་འཛིན་གྱིས་དབང་ཤུགས་བཀོལ་ཏེ་ཆབ་སྲིད་ནང་ཐེ་གཏོགས་བྱེད་ཀྱི་ཡོད་སྟབས། མི་རྒན་ཚོས་ཆབ་སྲིད་གཉེར་བའི་མཚོན་རྟགས་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་། ད་ལོར་པེ་ཧེ་ཧི་ཚོགས་འདུ་མ་བསྡུས་གོང་ནས་ཞི་ཅིན་ཕིན་དང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་ཁྲིད་ཝང་ཆི་ཧྲན་གཉིས་ཀྱིས། ལྐོག་ཟ་རུལ་སུངས་དང་དབང་ཆ་སྒེར་གཅོད་ཀྱི་རྒྱལ་པོ་ཀྲུའུ་ཡོང་ཁཱང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཚར་བ་མ་ཟད། ཉེ་སྔོན་ཕྱི་ཟླ་ ༧ པའི་ཟླ་མཇུག་ཏུ། ཁོ་བོའི་དྲུང་ཡིག་ཀྲུའུ་པིན་ཧྲིན་དང་ལག་རོགས་གཙོ་བོ་ལིན་ཅི་ཧྭ་གཉིས་ཀྱི་ཆབ་སྲིད་དབང་ཆ་ཡོངས་སུ་མཇུག་བསྡུས་པ་སྔ་གཞུག་ཏུ་ཕྱིར་བསྒྲགས་བྱས་ཡོད་པ་རེད། ལྷག་པར་དུ་བརྒྱད་གཅིག་བཅིངས་གྲོལ་དམག་བཙུགས་པའི་དུས་དྲན་གྱི་སྔོན་རང་ལ། དམར་ཤོག་གཞུང་གིས་ལག་པ་འཆང་དཀའ་བའི་དབུས་དམག་དོན་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཀོ་པའོ་ཞོན་གྱི་གནད་དོན་དེའང་གང་འཚམ་ཐག་བཅད་ཚར་བ་ཕྱིར་བསྒྲགས་བྱས་ཟིན་པ་རེད། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་འགུལ་སྐྱོད་ཁྲོད་དབང་ཤུགས་ཆེ་བའི་ཀྲུའུ་ཡོང་ཁྰང་དང་ཁོ་བོའི་ཕྱོགས་གཏོགས་ཚང་མ་ཉམས་དམས་སུ་བཏང་ཚར་པ་དང་། སྟག་རྒན་ཤི་བོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པའི་སྲིད་འཛིན་ཟུར་པ་ཅང་ཙེ་མེན་ཡང་ཞི་ཅིན་ཕིན་གྱི་སྟག་དང་སྦྲང་ནག་མཉམ་རྡུང་གི་རྙི་རུ་དོན་གྱིས་ཚུད་ཟིན་པ་རེད།

སྟབས་རང་འགྲིག་གིས་འདས་པའི་ཟླ་གཅིག་ཙམ་གྱི་ནང་། རྒྱ་ནག་དམག་ཤོག་ཚོགས་པའི་མགོ་ཁྲིད་རྒན་རབས་པ་ཆོ་ཧྲི་དང་ཝན་ལི་གཉིས་སྔ་རྗེས་སུ་འདས་གྲོངས་ཏུ་ཕྱིན་ཏེ། ད་ལྟ་ནུས་པ་ཉམས་པའི་ཆབ་སྲིད་ལྷན་ཁང་གི་མགོ་ཁྲིད་ཟུར་པ་རྒན་རྒོན་ ༡༦ ཙམ་ཤུལ་དུ་ལྷག་ཡོད་པ་རེད། འོན་ཀྱང་། ཁོ་ཚོར་ཞི་ཅིན་ཕིན་གྱི་དབང་ཤུགས་ལ་ཁ་ལོ་བསྒྱུར་བའི་ནུས་ཤུགས་དེ་ཙམ་མེད་སྟབས། རྒྱལ་ཁབ་ཕྱི་ནང་གི་གནད་དོན་དཔྱད་ཞིབ་པ་མང་པོས། ཕྱི་ལོ་ ༢༠༡༥ ལོའི་པེ་ཏེ་ཧི་ཚོགས་འདུའི་གླེང་གཞི་དང་རྗེས་འབྲས་ལ་སྔར་ལས་དོ་སྣང་ཆེན་པོས་གླེང་སློང་སྣ་ཚོགས་བྱེད་ཀྱི་ཡོད་པ་མ་ཟད། ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ཀྱི་ཐབས་ཇུས་མང་པོ་དོན་འཁྱོལ་ཡོང་བའི་གོ་སྐབས་ལེགས་ཤོས་ཤིག་དང་། ཞི་ཅིན་ཕིན་གྱི་དབང་ཆ་སྔར་ལས་སྲ་བརྟན་དུ་གཏོང་བའི་གོ་སྐབས་ཆེས་ལེགས་ཤོས་ཤིག་ཏུ་གྱུར་ཡོད་སྐོར་རྗོད་ཀྱི་འདུག

ལོན་ཊོན་གྱི་དཔལ་འབྱོར་རིག་པ་བའི་དུས་དེབ་ཐོག་ཆེད་བརྗོད་སྤེལ་བ་ལྟར་ན། འདི་ལོའི་པེ་ཏེ་ཧི་ཚོགས་འདུའི་ཐོག་ངེས་པར་དུ་གྲོས་བསྡུར་བྱེད་དགོས་པའི་གནད་དོན་མང་པོ་ཡོད་པ་དཔེར་ན། ད་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་ལོན་པ་གསལ་སྟོན་བྱས་པ་མ་གཏོགས་ཉམས་དམས་རང་བཞིན་གྱི་གྲངས་འབོར་སྦེད་གསང་བྱས་ཡོད་པ་དང་། དེ་བཞིན། དབུས་གཞུང་གིས་དཔལ་འབྱོར་འཁོར་རྒྱུག་ལམ་ལུགས་ལ་བཅོས་བསྒྱུར་བྱེད་ཐབས་ཀྱི་ཤུགས་རྐྱེན་འོག་ས་ཁུལ་ཁ་ཤས་ཀྱི་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་བཟོ་ཡི་ཡོད་པ་སོགས་ཀྱིས། དབུས་གཞུང་ལ་གནོན་ཤུགས་ཆེན་པོ་ཐེབས་བཞིན་ཡོད་པས་ངེས་པར་དུ་སྔར་ལས་མང་བའི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་འཕེལ་རྒྱས་ཡོང་ཐབས་བྱེད་དགོས་ཀྱི་ཡོད། ཕྱི་ཕྱོགས་ནས་པེ་ཏེ་ཧི་ཚོགས་འདུའི་སྔོན་དུ་རྒྱ་གཞུང་གིས་དེའི་ཐད་གཞི་རྒྱ་ཆེ་ཞིང་ཕོག་ཐུག་གཏོང་བའི་དཔལ་འབྱོར་གྱི་འཆར་གཞི་གསར་པ་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་སྟབས། དཔལ་འབྱོར་རིག་པ་བ་ཚོས་ཕོག་ཐུག་གཏོང་གཏོང་བའི་དཔལ་འབྱོར་འཆར་གཞི་མུ་མཐུད་ལག་བསྟར་བྱེད་པ་ནི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་ལུགས་བརྗོད་འདུག

པེ་ཏེ་ཧི་ཚོགས་འདུའི་ཐོག་དཔལ་འབྱོར་འཕེལ་རྒྱས་སྙོམ་སྒྲིག་དང་དཔལ་འབྱོར་བསྒྱུར་བཅོས་ངེས་པར་དུ་བྱེད་དགོས་པ་ལས་གཞན། ཧ་ཅང་ཚོར་ཤུགས་རྣོ་བའི་ཐེངས་ ༡༣ པའི་ལོ་ལྔའི་དཔལ་འབྱོར་འཆར་གཞིའི་ཐོག་རྣོ་བསམ་གཏོང་དགོས་པ་དང་། འཆར་གཞི་དེ་འདི་ལོའི་ཕྱི་ཟླ་ ༡༠ པའི་ཚོགས་འཆར་ཡོད་པའི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ ༥ པའི་ཐོག་ཡོང་བསྒྲགས་བྱེད་དགོས་ཀྱི་ཡོད་པ་རེད། གཞན་ཡང་། པེ་ཏེ་ཧི་ཚོགས་འདུའི་གོ་སྐབས་དང་བསྟུན་ཏེ་ཧི་པེ་ཡི་ཞི་ཅིན་ཕིན་གྱི་ལས་གྲོགས་རྙིང་པ་མང་པོ་ཞིག་གི་གོ་གནས་འཕར་རྒྱུ་ཡིན་ལུགས་རྗོད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

ཆུ་ཚོད་ ༡༤ སྔོན་ལ།
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

ཆུ་ཚོད་ ༡༦ སྔོན་ལ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

ཆུ་ཚོད་ ༢༠ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

༢༠༢༦/༠༢/༡༡
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

༢༠༢༦/༠༢/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese