མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་དུས་དྲན་རྗེས་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲཊ་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་བརྙན་འཕྲིན་མཉེན་ཆས་གསར་པ་དབུ་འབྱེད་གནང་སྐབས་ཁོང་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་དེ་དམངས་གཙོའི་དུས་དྲན་གྱི་རྗེས་སུ་གནང་རྒྱུ་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཕྱི་དྲིལ་བོད་ཀྱི་དྲ་བརྙན་ཚན་པས་སྒྲིག་བཟོ་བྱས་པའི་དབུ་མའི་ལམ་གྱི་འོད་སྡེར་ཞིག་དང་། ལག་ཐོག་ཁ་པར་དང་དྲ་རྒྱའི་ནང་ལྟ་བདེ་བོ་ཡོད་པའི་བོད་ཀྱི་བརྙན་འཕྲིན་མཉེན་ཆས་གསར་པ་ཞིག་དབུ་འབྱེད་ཀྱི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་།

ལྷན་ཚོགས་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་ཕྱི་དྲིལ་དྲུང་ཆེ་རྣམ་པ་གཉིས་དང་། བོད་ཀྱི་དྲ་བརྙན་ཚན་པའི་ལས་བྱེད་བཅས་ལྷན་འཛོམས་ཐོག དྲིལ་བསྒྲགས་དྲུང་ཆེ་ལགས་ཀྱིས་བོད་དབྱིན་གཉིས་ཀྱི་ཐོག་ནས་གསར་འགོད་ལྷན་ཚོགས་སྐོང་བའི་དགོས་དམིགས་སྐོར་ངོ་སྤྲོད་གནང་རྗེས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བའི་འོད་སྡེར་གསར་པ་ཞིག་དང་། ལག་ཐོག་ཁ་པར་དང་དྲ་རྒྱའི་ནང་ལྟ་བདེ་ཡོད་པའི་བོད་ཀྱི་བརྙན་འཕྲིན་(tibet tv)ཟེར་བའི་མཉེན་ཆས་གསར་པ་ཞིག་དབུ་འབྱེད་གནང་སོང་།

སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་འོད་སྡེར་དང་བརྙན་འཕྲིན་དེ་བརྒྱུད། དབུ་མའི་ལམ་གྱི་སྐོར་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཕྱོགས་ཐད་གོ་རྟོགས་གོང་འཕེལ་ཡོང་བའི་རེ་བ་ཡོད་སྐོར་གསུངས་དོན། ཉེ་ལམ་དབྱིན་སྐད་ཀྱི་བརྙན་འཕྲིན་ཞིག་གསར་བཟོ་བྱས་པ་བརྒྱུད། བརྒྱ་ཆའི་ ༧༠ ཡི་ཐོག་ནས་དབུ་མའི་ལམ་དེ་ག་རེ་ཡིན་མིན་དང་ཕན་ཐོགས་མིན་སྐོར་ལ་མཁས་དབང་ཚོ་དང་གནད་ཡོད་མི་སྣ་མང་པོ་ཞིག་གིས་མོས་མཐུན་དང་རྒྱབ་སྐྱོར་ཡོད་པ་ཧ་ཅང་གསལ་བོར་གསུངས་ཡོད། དེའི་རྗེས་སུ་བོད་སྐད་ཐོག་ནས་ཀྱང་བརྙན་འཕྲིན་དེ་འདྲ་ཞིག་དགོས་ཀྱི་ཡོད་པ་ཚང་མས་མཁྱེན་གྱི་ཡོད་སྟབས། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་རྣམ་པ་གཉིས་དང་བཀའ་བློན་རྣམ་པ་སོགས་མང་ཆེ་ཤོས་གཞིས་ཆགས་ཁག་ཡོངས་དང་སློབ་གྲྭ་ཁག་ཡོངས། དེ་བཞིན་དགོན་པ་ཁག་ཡོངས་ལ་བཅར་ནས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཡོད་པ་རེད། དེ་དང་མཉམ་དུ་ང་ཚོར་བརྙན་འཕྲིན་ཞིག་ཀྱང་དགོས་ཀྱི་འདུག་ཅེས་ཞུས་པ་ནང་བཞིན། དེ་རིང་འདིར་ཕྱི་དྲིལ་ལས་ཁུངས་ནས་སྐུ་ངལ་ཚད་མེད་བསྐྱོན་ནས་དབུ་མའི་ལམ་གྱི་སྐོར་ལ་འོད་སྡེར་ཞིག་འགྲེམས་སྤེལ་བྱས་པ་རེད། ཅེས་དང་།

ཁོང་གིས་མུ་མཐུད། འདིའི་ནང་དུ་བོད་ཀྱི་བླ་ཆེན་ཁག་ནས་དབུ་མའི་ལམ་གྱི་སྐོར་དང་དེ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ། དེ་བཞིན་བོད་ནང་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་དེ། འདིར་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་དང་བག་གྲོ། མགོ་ལོག་འཇིགས་མེད་སོགས་ལ་བཀའ་འདྲི་ཞུས་ནས་ཁོ་རང་ཚོའི་དགོངས་ཚུལ་ཡང་འོད་སྡེར་ནང་ཚུད་ཡོད་པ་རེད། དེ་བས་འོད་སྡེར་འདི་བརྒྱུད་ནས་བོད་མིའི་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་གོ་རྟོགས་སྔར་ལས་ཇེ་མཐོར་ཡོང་བའི་རེ་བ་ཡོད་ལ། དེ་བཞིན་ཁ་པར་སྐུད་ལམ་གྱི་བོད་ཀྱི་བརྙན་འཕྲིན་ཞེས་པ་འདི་བརྒྱུད་ནས་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྡོད་པའི་བོད་མི་ཚོས་བཞུགས་སྒར་རྡ་རམ་ས་ལར་གནས་ཚུལ་ག་རེ་བྱུང་གི་ཡོད་མེད་དང་། དེ་བཞིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་གཙོས། བོད་མིའི་སྒྲིག་འཛུགས་ནས་ཕྱག་ལས་ག་རེ་གནང་གི་ཡོད་མེད་སྐོར་ལ་སྟབས་བདེའི་སྒོ་ནས་ཤེས་རྟོགས་ཡོང་བར་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག ཅེས་གསུངས་བྱུང་།

དེ་རྗེས་དྲི་བ་དྲིས་ལན་གྱི་སྐབས་སུ་སྲིད་སྐྱོང་མཆོག་ནས་ཁོང་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་དེ་ཕྱི་ཟླ་ ༩ ཚེས་ ༢ དམངས་གཙོའི་དུས་དྲན་གྱི་རྗེས་སུ་གནང་རྒྱུ་ཡིན་སྐོར་དང་། ད་ལྟ་སྲིད་སྐྱོང་འོས་མིར་ལང་མཁན་ཚོར་འགན་ཆེན་པོ་ཡོད་སྟབས། བོད་མི་ཚང་མས་ཁོང་ཚོར་གུས་ཞབས་དང་རྗེས་སུ་ཡི་རང་ཞུ་དགོས་ལ། ཁོང་ཚོར་འོས་བསྡུའི་གྲུབ་འབྲས་ཡག་པོ་དང་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་འདུན་ཡོད་སྐོར་སོགས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༢ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༨ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༨ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese