མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་གི་འབོད་སྐུལ་སྙན་ཞུ་ཕུལ།

བོད་ཀྱི་དུས་བབ།
༢༠༡༥/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། རྒྱ་གཞུང་ལ་རང་སྐྱོན་ངོས་ལེན་དང་དུས་ཐོག་གསལ་བཤད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བྱས་འདུག

ཟླ་འདིའི་ཚེས་ ༡༢ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༤ ཉིན་ཇི་ནི་ཝ་(Geneva)གྲོང་ཁྱེར་དུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༠ པ་འཚོགས་འཆར་ཡོད་པ་ལྟར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཚོགས་པ་དང་དེ་མིན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ (NGO) ཁག་ ༦ མཉམ་འབྲེལ་གྱིས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་ཡོད་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་རྒྱལ་ནང་གི་འགྲོ་བ་མིའི་ཐོང་ཐང་གནས་བབ་ཧ་ཅང་ཛ་དྲག་ཆགས་ཡོད་པ་ངོས་ལེན་དང་། དུས་ཐོག་གསལ་བཤད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཞུ་ཡིག་ཅིག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཆེད་དོན་སྐུ་ཚབ་ཚོགས་པར་ཕུལ་ཡོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཚོགས་པ་ (IHSR) དང་ཤར་ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་ལས་འཆར་ཁང་(EAPM) གཉིས་ཀྱི་འགན་འཛིན་སྐུ་ཞབས་སེ་ར་བྷི་རོ་ཁི་སི་ (Sarah M. Brooks)ཡིས། ད་ལོའི་ཕྱི་ཟླ་ ༧ ཚེས་ ༩ ཉིན་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཝང་ཡུ་ (Wang Yu) གློ་བུར་གར་སོང་ཆ་མེད་དུ་གྱུར་རྗེས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ ༢༣༠ ལྷག་ལ་རྒྱ་ནག་གཞུང་གིས་མུ་མཐུད་དུ་སུན་བཙིར་གཏོང་མུས་ཡིན་སྟབས། ཟླ་རྗེས་མར་རྒྱ་ནག་གཞུང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་རྐུབ་སྟེགས་སྒང་སྡོད་སྐབས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གིན་ཡོད་པའི་གནད་དོན་དེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་ཚོགས་མི་ཡོངས་ཀྱི་གཞི་རྩའི་སེམས་ཁྲལ་ཞིག་ཆགས་ཡོད། ཅེས་དང་།

ཡང་ཁོང་གིས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དེ་ཚོས་ད་ལྟའི་རྒྱ་ནག་གཞུང་གི་སྲིད་ཇུས་ལམ་ཕྱོགས་བཅོས་བསྒྱུར་གཏོང་དགོས་པའི་ལས་འགུལ་ལ་མོས་མཐུན་བྱས་པའི་རྐྱེན་གྱིས། ཁོ་ཚོ་རྒྱ་ནག་གཞུང་གི་དྲག་གནོན་འོག་ཚུད་པ་རེད། ཁོ་ཚོ་ཚང་མ་ས་གནས་དང་རྒྱལ་ཡོངས་རིམ་པའི་གྱོད་དོན་ཞུ་གཏུག་དང་ཁྲིམས་རྩོད་བྱེད་མཁན་ཡིན། ཉེ་ཆར་ཁོ་ཚོ་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གསར་འགོད་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཁྲིམས་རྩོད་ཞུ་གཏུག་སོགས་ཀྱི་ཚོགས་ཁོངས་སུ་ཞུགས་ཡོད་སྟབས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་གི་ཚོགས་མི་སུ་ཞིག་རང་དབང་གི་སྒོ་ནས་རང་གི་ལས་དོན་ལ་གཞོལ་བར་སྲུང་སྐྱོབ་བྱེད་པའམ། ཡང་ན་ཁོ་ཚོའི་གྱོད་དོན་གྱི་དྲང་བདེན་འཚོལ་ཞིབ་ལས་དོན་ལ་སྲུང་སྐྱོབ་དགོས་པའི་འགན་ཁུར་ཡོད་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཚོ་ཧྲིན་ལེ་ (Cao Shunli) ཡིས་མཚོན་པའི་རྒྱལ་ནང་གི་རང་དབང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་མཁན་ཚོར་ཐེབས་པའི་མནར་གཅོད་དང་། བཙོན་འཇུག་གི་གནད་དོན་སོགས་སྔར་ལས་ལྷག་པའི་བརྡ་ལན་གསལ་བོ་སྤྲོད་དགོས་ཡོད། ཅེས་བརྗོད་འདུག

དེ་ཡང་འབོད་སྐུལ་སྙན་ཞུ་དེའི་ནང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཚོགས་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ ༦ གི་ངོས་ནས། ད་ལོའི་ཕྱི་ཟླ་ ༩ ཚེས་ ༡༤ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་ ༣༠ པ་སྐོང་ཚོགས་ཐོག རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ཞུ་ཡིག་དེའི་ནང་རྒྱ་ནག་གཞུང་གིས་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་། དེ་དང་འབྲེལ་ཡོད་མི་སྣ་ཚོར་དྲག་གནོན་བྱས་པ་ཁོ་ན་མ་ཡིན་པར། ད་དུང་རྒྱ་ནག་ནང་གི་ཆོས་ལུགས་རང་དབང་ལ་དམ་དྲག་དང་རྒྱལ་སྲུང་ཁྲིམས་གཞི་ལག་བསྟར། ཉེས་དོན་གྱི་བཅའ་ཁྲིམས་ལེགས་བཅོས་ལ་བརྟེན་ནས། རྒྱལ་ནང་གི་འདུ་འཛོམས་རང་དབང་དང་ཚོགས་འཛུགས་རང་དབང་། སྨྲ་བརྗོད་རང་དབང་བཅས་ལ་འཇིགས་སྐུལ་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོར་མུ་མཐུད་མནར་གཅོད་གཏོང་བ། དཔོན་རིགས་ཚོའི་གནོན་འཚེ་ལ་འགན་ཁུར་མེད་པ་དང་གང་འདོད་མུན་བཙོན་དུ་འཇུག་པ་སོགས་ཚུད་ཡོད། ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

༢༠༢༦/༠༧/༢༤
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༦/༠༧/༢༤
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese