མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདོད་པའི་བསྟན་བཅོས་ཀྱི་དེབ་དབུ་འབྱེད།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་འདོད་པའི་བསྟན་བཅོས་ཀྱི་དཔེ་དེབ་ཞིག་དབུ་འབྱེད་གནང་སོང་།

དེ་རིང་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་འདོད་པའི་བསྟན་བཅོས་ཀྱི་དཔེ་དེབ་ཞིག་དབུ་འབྱེད་གནང་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། ཨ་རིའི་འཁྲིག་སྤྱོད་ལམ་སྟོན་པ་གྲགས་ཅན་ལྕམ་བྷར་བྷ་ར་ཁེ་ལེ་ལིང་གིས་བརྩམས་ཤིང་། ངག་དབང་འཕྲིན་ལས་ལགས་དང་འབོ་ར་ཤེས་རབ་ལགས་རྣམ་གཉིས་ཀྱིས་བོད་བསྒྱུར་ཞུས་པའི་འདོད་པའི་བསྟན་བཅོས་<<རོ་ཙའི་ལུས་སྦྱོང་།>>ཞེས་པ་དབུ་འབྱེད་གནང་སོང་ལ། སྐུ་མགྲོན་གཙོ་བོར་བོད་གཞུང་སྨན་རྩིས་ཁང་གི་སློབ་སྤྱི་གཞོན་པ་ཡེ་ཤེས་དགེ་ལེགས་ལགས་ཀྱི་དབུས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་འཇུ་བསྟན་སྐྱོང་ལགས་དང་། ཧྥ་རན་སི་ཨེག་ཎོ་མཐོ་སློབ་ཀྱི་བོད་ཀྱི་རིག་གནས་སློབ་ཁྲིད་གནང་མཁན་ཧྥ་རན་སི་མི་རིགས་ལྕམ་ཆོས་ཉིད་དབང་མོ་ལགས་གཙོས། རྡ་ས་ཁུལ་གྱི་དོན་གཉེར་ཅན་དང་གསར་འགོད་པ་ཁག་ཅིག་བཅས་འདུ་འཛོམས་གནང་སོང་།

དུས་སྟོན་གྱི་ཐོག་མར་བོད་སྒྱུར་བྱེད་མཁན་ངག་དབང་འཕྲིན་ལས་ལགས་ཀྱིས་དེབ་འདི་བསྒྱུར་དགོས་དོན་གང་ཡིན་བརྗོད་དོན། ༢༠༡༣ ལོར་ལྡི་ལིར་རྒྱ་གར་ནང་གནས་སྐོར་ལ་ཡོང་མཁན་ནང་ཆེན་ནས་ཡིན་པའི་སྨན་པ་གཉིས་ཐུག་བྱུང་། སྐབས་དེར་ཁོ་གཉིས་ཀྱིས་ཕ་ཡུལ་ལ་སྨན་བཅོས་བྱེད་སྐབས་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པ་ངོ་སྤྲོད་གནང་བྱུང་། དེ་ག་རེ་རེད་ཟེར་ན། ནང་ཆེན་གྱི་སྨན་ཁང་མང་ཆེ་བའི་ནང་ལ་ནད་པ་མང་ཆེ་བ་ཕོ་ཙ་ཉམས་ནས་ཁུ་ཁྲག་ལམ་སེང་འདོན་མཁན་དེ་འདྲ་འདུག་བརྗོད་བྱུང་། དཀའ་ངལ་དེའི་ཚད་གཞི་འདྲ་པོ་གང་འདྲ་འདུག་ཞུས་པ་ཡིན་ན། ཁ་ཤས་བུ་མོ་ཞིག་གི་འཁྲིས་ལ་སླེབ་མ་ཐག་གམ་ཡང་ན་རྐང་པར་རེག་པ་ཙམ་གྱིས་ཁུ་བ་ཤོར་འགྲོ་བ་སོགས་ཧ་ལས་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་མ་ཟད། དེའི་རྐྱེན་པས་བཟའ་ཚང་ཁ་བྲལ་བ་དང་མ་འཆམ་པ་སོགས་ཡོང་གྱི་ཡོད་པ་ལབ་བྱུང་། ཁོ་ཚོས་དཀའ་ངལ་དེ་སེལ་ཆེད་བོད་ཀྱི་གསོ་བ་རིག་པའི་རྒྱུད་བཞི་གཙོས་སྨན་གཞུང་ནང་ཡོད་པའི་རྩ་སྨན་དང་། རྐང་ཁབ་སོགས་བེད་སྤྱོད་བཏང་ནས་ཐབས་ཤེས་གང་དྲག་ཅི་དྲག་བྱས་ཀྱང་། དེ་ལ་གདོང་ལེན་བྱེད་མ་ཐུབ་པའི་གནས་ཚུལ་ཡོང་གི་འདུག་སྟབས། དེའི་རྗེས་རྒྱ་ནག་གི་སྨན་ཁང་ཆེ་ཁག་ལ་ཕྱིན་ནས་སྨན་བཅོས་བྱས་པ་དང་། རྒྱ་སྨན་དང་དབྱར་རྩ་དགུན་འབུ་སོགས་ཟས་ཀྱང་ཕན་ཐོགས་གང་ཡང་མི་འདུག ཁྱེད་ཚོ་ནུབ་ཕྱོགས་ལ་འདི་ལ་ཕན་པའི་ལུས་སྦྱོང་དེ་འདྲ་ཡོད་པ་གོ་བྱུང་བས། བོད་ཡིག་ཐོག་བསྒྱུར་ན་ཕན་ཐོགས་ཆེན་པོ་ཡོད་ས་རེད་ཟེར་ནས་སྐུལ་མ་གནང་བྱུང་བས་དེབ་འདི་བོད་བསྒྱུར་བྱས་པ་ཡིན། ཞེས་སོགས་བརྗོད་སོང་།

ཡང་བོད་སྒྱུར་བྱེད་མཁན་འབོ་ར་ཤེས་རབ་ལགས་ཀྱིས་དེབ་ཀྱི་སྔོན་གླེང་ནང་། འཁྲིག་པ་སྤྱོད་སྟངས་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་སྣ་ཚོགས་པ་ཞིག་ཡོད་པའི་ཁྲོད་ན་རང་ཅག་ལ་མཁོ་བ་ཧ་ཅང་མང་། དེ་དག་ལས་རོ་ཙའི་ལུས་སྦྱོང་འདིས་ནི་མཇེ་སྦྱོང་ཙམ་མིན་པར་རྒས་འཁོགས་ཀྱི་སྐབས་སུ་རྩ་ཆུ་མི་ཚགས་པའི་རྒྱུན་ལྡན་གྱི་ནད་ལྟ་བུའི་རིགས་ཧ་ཅང་ཕན་པར་བཤད། འགྲོ་འདུག་ལ་རང་དབང་ཆེ་ཞིང་ཕོ་མོ་གཉིས་འདྲ་མཉམ་ཡིན་པའི་དེང་གི་དུས་འདིར། མི་མང་པོ་ཞིག་བཟའ་འཐོར་རྒྱག་བཞིན་པ་འདི་ལ་རྩ་བའི་ཆ་ནས་བཟང་པོའི་ཡོན་ཏན་གྱིས་ཕོངས་ཏེ་བཟོད་བསྲན་མེད་པ་དང་། རྒྱུ་ལ་རྔམས་པ། ཟུར་བསྟེན་འཚོལ་བ་ལ་སོགས་པའི་རྒྱུ་རྐྱེན་གཞན་དང་གཞན་སྣ་ཚོགས་པ་ཞིག་ཡོད་མོད། འོན་ཀྱང་སྤྱི་ཚོགས་སུ་གསལ་ཁ་མི་ཐོན་པའི་རིགས་གཅིག་གསལ་པོར་ཞུ་ན། འཁྲིག་སྤྱོད་ཀྱི་སྐབས་སུ་གཅིག་གི་འདོད་པ་ཚིམས་སྐབས་གཅིག་གི་འདོད་པ་མ་ཚིམས་པ། གཅིག་ལ་མཁོ་སྐབས་གཅིག་ལ་མི་མཁོ་བ་སོགས་འཁྲིག་སྤྱོད་དང་འབྲེལ་བའི་རྒྱུན་ཤེས་ཀྱིས་དབེན་པ་ལས་འབྱུང་བར་བཤད། དེའི་ཕྱིར་ཀློག་པ་པོ་ཁྱེད་ཀྱིས་རོ་ཙའི་ལུས་སྦྱོང་འདི་ལག་ལེན་དུ་བསྟར་ཐུབ་ན། དཀའ་ངལ་རིགས་གཅིག་དེ་བདེ་བླག་ངང་བསལ་ཏེ། བཟའ་ཟླ་དང་དགའ་རོགས་བར་བརྗོད་དུ་མེད་པའི་བརྩེ་བ་དང་དུང་བ་ཟབ་མོ་ཞིག་རང་ཁྱིམ་དུ་འཛུམ་གྱིས་བསུ་འོང་བར་ཐེ་ཚོམ་མེད། དེ་འོངས་པ་ནས་ཁྱོ་ཤུག་ཕན་ཚུན་ལུས་དང་གྲིབ་མ་བཞིན་འབྲལ་དུ་མེད་པ། དེ་འོངས་པ་ནས་ཕན་ཚུན་གཉིས་འཁྲིག་སྤྱོད་ཀྱི་འདོད་བློ་རང་བཞིན་གྱིས་ཁེངས་འགྲོ་བས། ཞོར་དུ་རང་གཞན་གཉིས་དང་རང་གི་བུ་རབས་ཚ་རྒྱུད་ལ་གནོད་པ་སྟེ། གཞན་ལ་རེག་པའི་རེག་དུག་ཅེས་པའི་བཅོས་ཐབས་མེད་པའི་ནད་དེ་ཡང་གཏན་དུ་བཀག་པ་ཡིན། ཞེས་སོགས་བྲིས་འདུག

བོད་གཞུང་སྨན་རྩིས་ཁང་གི་སློབ་སྤྱི་གཞོན་པ་ཡེ་ཤེས་དགེ་ལེགས་ལགས་ཀྱིས་དེབ་ཀྱི་ནང་དོན་སྐོར་གཏམ་བཤད་གནང་དོན། ང་རང་གིས་བསམ་འཆར་འདྲ་པོ་ཞིག་བཏོན་པ་ཡིན་ན། ངས་དེབ་འདི་སྔོན་ལ་མཐོང་བ་ཡིན་ན་ཁོ་རང་ཚོར་འདིའི་ཐོག་ལ་བསམ་འཆར་འདྲ་པོ་ཏོག་ཙམ་བཏོན་ཐུབ་ས་རེད་བསམ་པ་དྲན་བྱུང་། ང་ཚོ་གསོ་བ་རིག་པའི་ནང་ལ་རྒས་པོ་གསོ་བ་བཅུད་ཀྱི་ལེན་པ་དང་། རོ་ཙ་ཁུ་བ་གསོ་དང་བུད་མེད་བཙལ་ཞེས་གསུངས་ཡོད་པ་ལྟར། ཁུ་བ་གསོ་བ་མ་གཏོགས་རྒས་པོ་གསོ་བ་དེ་དེབ་འདིའི་ནང་ལུས་བསྡད་ཡོད་པ་འདྲ་པོ་ཞིག་མཐོང་སོང་། ངས་ང་ཚོར་དེ་གཉིས་ཀ་དགོས་པ་རེད་བསམ་གྱི་འདུག ང་ཚོས་རོ་ཙ་གསོ་བའི་རྒྱུ་མཚན་ག་རེ་རེད་ཟེར་ན། རིགས་རྒྱུད་དོན་དུ་གཉེར་མཁན་གྱི་མི་དེ་ཚོར་རིགས་རྒྱུད་གཉེར་བའི་ཆེད་དུ་ཁུ་བ་གསོ་གི་ཡོད་པ་རེད། སྤྱིར་བཏང་སྨན་གཞུང་གི་རྒྱུད་ནང་རིགས་རྒྱུད་འཛིན་བར་འདི་འདྲ་ཞིག་བཤད་ཡོད་པ་རེད། རོ་ཙའི་ཕྱོགས་ནས་སྐྱེས་པ་གཙོ་བོ་ཡིན་ལ། བུད་མེད་ལོ་མ་མེད་པའི་ཤིང་དང་འདྲ་ཞེས་གསུངས་ཡོད་པ་རེད། སྤྱིར་བཏང་གང་འདྲ་ཞིག་དགོས་ཀྱི་ཡོད་རེད་ལབ་ན། སྐྱེས་པས་འདོད་པ་སྤྱོད་པར་མི་ནུས་ན། བུད་མེད་བརྒྱ་ཡིས་བསྐོར་ཡང་དོན་མི་འགྲུབ་ཅེས་གསུངས་ཡོད་སྟབས། རོ་ཙའི་གཙོ་བོ་དེ་སྐྱེས་པ་ཡིན་དུས་དབང་པོར་སྐྱོན་མེད་པ་ཞིག་དགོས་ཀྱི་ཡོད་པ་རེད། སེམས་ནང་ཞི་བདེ་དང་ལྷིང་འཇགས་སོགས་ཡོད་པ་ཡིན་ན། དབང་པོར་སྐྱོན་ཐེབས་ཀྱི་ཡོད་པ་མ་རེད། དེང་སང་འགྱུར་བ་ག་རེ་ཐེབས་ཀྱི་ཡོད་རེད་ཟེར་ན། གཅིག་ནས་ལས་ཀའི་གནོན་ཤུགས་དང་། གཉིས་ནས་ཟས་བཅུད་ལ་ལྷད་མེད་པ་གང་ཞིག་ཚུལ་དང་ལྡན་པ་མེད་པའི་རྐྱེན་གྱིས་ལུས་ཀྱི་གྲུབ་ཆ་ཡོངས་རྫོགས་ཉམས་རྒུད་དུ་ཕྱིན་ནས་དབང་པོ་མི་ལྡང་བ་ཆགས་ཀྱི་ཡོད་སྟབས། ངས་དེབ་འདིའི་ཞན་ཆ་འདྲ་པོ་དེ་རྒས་པོ་གསོ་བ་ཟེར་བ་དེ་ཆགས་འདུག་མ་གཏོགས། གཞན་འདིའི་ནང་འཐུས་སྒོ་ཇེ་ཚང་ཡོད་པ་འདྲ་པོ་ཞིག་མཐོང་བྱུང་། སྤྱིར་བཏང་འདོད་པ་ཇི་ལྟ་བ་བཞིན་བྱེད་ཐུབ་མཁན་ཞིག་ཡིན་ན་འདོད་པ་འཕེལ་གྱི་རེད་ཀྱང་། འདོད་པ་ཁྱོན་ནས་མེད་མཁན་ཞིག་ལ་འདོད་པ་སྤྱོད་རྒྱུའི་གྲ་སྒྲིག་ག་ཚོད་བྱས་ཀྱང་ཡོང་གི་མེད་སྟབས། འདོད་པ་སླེབ་ཆེད་དང་པོ་རྒས་པོ་གསོ་དགོས་ཀྱི་ཡོད་པ་མ་ཟད། འདི་ལ་རིགས་འདྲ་པོ་གཉིས་ཡོད་རེད་དྲན་གྱི་འདུག གཅིག་ན་ཚོད་ལ་བསླེབས་ནས་རྒས་པོ་ཆགས་པ་དང་། གཞན་དེ་ལོ་གཞོན་ཡིན་ཡང་ལུས་རྒུད་པའི་དབང་གིས་རྒས་པོ་ཆགས་པ་ཡོང་གི་ཡོད་སྟབས། དེ་གཉིས་གསོ་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་བརྗོད་སོང་།

འཇུ་བསྟན་སྐྱོང་ལགས་ཀྱིས་བོད་ཀྱི་འདོད་པའི་བསྟན་བཅོས་སྐོར་གཏམ་བཤད་གནང་དོན། ངས་བལྟས་ན་འདོད་པ་ཟེར་བ་འདིར་ས་བཅད་འདྲ་པོ་བཞི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། གཅིག་དེ་ང་ཚོས་འདོད་པའི་གནས་ལུགས་ཤེས་དགོས་པ་རེད། གཉིས་པ་དེ་ང་ཚོས་འདོད་པའི་ལག་ལེན་དང་སྒྱུ་རྩལ་ཤེས་དགོས་པ་རེད། གསུམ་པ་དེ་འདོད་པ་སྤྱོད་སྟངས་ཀྱི་རྣམ་གྲངས་དེ་ཚོ་ཤེས་དགོས་པ་རེད། བཞི་པ་དེ་འདོད་པ་ག་པར་སྐྱེ་དགོས་མིན་གྱི་སྐྱེ་གཟུགས་དེ་ཤེས་དགོས་པ་བཅས་ནི་འདོད་པའི་བསྟན་བཅོས་ཀྱི་སྙིང་པོ་ཆགས་ཡོད། རྣམ་པ་ཚོས་འདོད་པའི་གནས་ལུགས་སྐོར་ལ་ཤེས་དགོས་ན་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་༼འདོད་པའི་བསྟན་བཅོས༽བཀླག་པ་ཡིན་ན། འདོད་པའི་གནས་ལུགས་དེ་ཚོ་ཤེས་ཀྱི་རེད། འདོད་པའི་སྒྱུ་རྩལ་དེ་ཚོ་ཕྱི་ནང་གི་འདོད་པའི་བསྟན་བཅོས་མང་ཆེ་བའི་ནང་བཤད་ཡོད་པ་རེད། འདོད་པའི་སྒྱུ་རྩལ་ལ་རིགས་ཧ་ཅང་གི་མང་པོ་ཡོད་རེད། རྩ་བའི་དྲུག་ཅུ་རྩ་བཞི་ཡིན་ཡང་དེའི་འཕྲོས་ནས་ ༡༠༨ ལ་སོགས་པ་མང་པོ་ཡོད་ཀྱང་། ང་ཚོ་བོད་ཀྱི་འདོད་པའི་བསྟན་བཅོས་ནང་སྒྱུ་རྩལ་རིགས་མི་འདྲ་བ་ ༢༠༠ ལྷག་ཙམ་ཡོད་པ་མ་ཟད་དེ་ཚོ་ཤེས་དགོས་པ་ཞིག་ཀྱང་ཆགས་ཡོད། སྒྱུ་རྩལ་དེ་ཚོ་ཤེས་པ་ཙམ་གྱི་མི་འགྲིག་པར་འདོད་པ་སྤྱོད་སྟངས་མ་ཤེས་ན་གཅིག་བྱས་ན་འདོད་པའི་སྒྱུ་རྩལ་བཀག་སྲིད་ལ་འགྱུར་བའི་ཉེན་ཁ་ཡོད་སྟབས། དེ་ཚོ་ཤེས་པར་འཇུ་མི་ཕམ་གྱིས་བརྩམས་པའི་ ༼ཕྱག་ལྷ་ཉེ་འཁོར་བཀག་རྒྱ་མ༽དང་ ༼འདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར༽གཉིས་བལྟས་ན་ཤེས་ཀྱི་ཡོད་སྟབས། ངས་ང་ཚོས་བོད་ཀྱི་འདོད་པའི་བསྟན་བཅོས་ཀྱི་གཞུང་ལུགས་དག་ལ་བལྟ་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད་ཅེས་ཞུ་རྒྱུ་ཡིན། ང་ཚོའི་འདོད་པའི་བསྟན་བཅོས་ནི་འདོད་པའི་བསྟན་བཅོས་ནང་ནས་ཡག་ཤོས་ཤིག་རེད་བསམ་གྱི་འདུག ངས་རྒྱ་གར་གཙོས་པའི་རྒྱལ་ཁབ་ཁག་གི་འདོད་པའི་བསྟན་བཅོས་ལ་ཉམས་འགྱུར་རིགས་གཉིས་ཡོད་པ་མ་གཏོགས། ང་ཚོ་བོད་ཀྱི་འདོད་པའི་བསྟན་བཅོས་ལ་ཉམས་འགྱུར་རིགས་བཞི་དང་མཐར་ཐུག་ཐར་པའི་ལམ་ལ་འགྲོ་རྒྱུ་ཡན་ཆད་ཀྱང་བཤད་ཡོད་པ་ལྟར་གྱི་ཉམས་འགྱུར་དེ་འདྲ་ཡོད་པ་ཟུར་ཙམ་ཡང་མཐོང་མ་བྱུང་། དེ་ཡང་དགེ་འདུན་ཆོས་འཕེལ་གྱིས།  འདོད་པ་མྱོང་བ་དེ་ཡང་དོན་ཆུང་མིན།། རིགས་རྒྱུད་སྤེལ་བ་དེ་ཡང་དོན་ཆུང་མིན།། བདེ་དོན་ངང་ནས་ཆགས་ལམ་སྐྱོང་ཤེས་ན། དེ་ལས་ཀྱང་ནི་དོན་ཆུང་ག་ལ་ཡིན།། ཞེས་གསུངས་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

ལྕམ་ཆོས་ཉིད་དབང་མོ་ལགས་ཀྱིས་ཡིག་སྒྱུར་སྐོར་གཏམ་བཤད་བྱས་དོན། ངས་ད་བར་བོད་ཀྱི་ལོ་རྩ་བ་མང་ཆེ་བས་བོད་ཡིག་ནང་ཡོད་པའི་གཞུང་ལུགས་དང་ནང་པའི་ལྟ་གྲུབ་དག་སྐད་ཡིག་གཞན་ནང་མང་པོ་བསྒྱུར་ཡོད་པ་མཐོང་བྱུང་ཡང་། སྐད་ཡིག་གཞན་ནང་ཡོད་པའི་གྲགས་ཅན་གྱི་དཔེ་དེབ་སོགས་བོད་ཡིག་ནང་ནང་འདྲེན་བྱས་མེད་པ་ཞིག་ཚོར་བྱུང་བས། ངས་རང་ཉིད་ཀྱི་སྐད་ཡིག་ཕྱུག་པོ་དང་མི་རིགས་ཀྱི་འཐབ་རྩོད་དང་ངོ་བོ་རྩ་བརླག་མ་ཕྱིན་པར་རྒྱུན་གནས་གནས་དགོས་ན། བོད་རིགས་ཚོས་ཕྱི་ཕྱོགས་ཀྱི་ཤེས་བྱ་དག་ནང་འདྲེན་བྱ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་སོགས་བརྗོད་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 3

  1. བཀྲ་ཤིས་ says:
    ལོ་ 10 སྔོན།

    འདོད་པའི་བསྟན་བཅོས་ཡང་དབུ་འབྱེད་གནང་དགོས་དུས་། དེ་མིན་གྱི་དཔེ་དེབ་གསར་པ་བརྩམས་མཁན་མེད་པ་ག་ནས་ཡིན། བོད་རིགས་ནི་ངོ་ཚ་སྨིན་པ་ཤ་ཏག་ཡིན་དུས་་འདོད་པ་སྤྱོད་སྟངས་དེ་བས་ཀྱང་སློབ་མི་དགོས་།་བོད་གཞུང་སྨན་རྩིས་ཁང་གི་སློབ་སྤྱི་གཞོན་པ་ཡེ་ཤེས་དགེ་ལེགས་ལགས་དཔེ་དེབ་དབུ་འབྱེད་དུ་ཕེབས་པ་དང་་བོད་སྒྱུར་བྱེད་མཁན་འབོ་ར་ཤེས་རབ་ལགས་གི་ངོ་སྤྲོད་ལྟར་ན་དེབ་དེ་རྒས་འཁོགས་ཀྱི་སྐབས་སུ་རྩ་ཆུ་མི་ཚགས་པའི་རྒྱུན་ལྡན་གྱི་ནད་ལྟ་བུའི་རིགས་ཧ་ཅང་ཕན་པར་བཤད། དེ་ན་དེབ་མིང་དུ་《འདོད་པའི་་བསྟན་བཅོས་》ཞེས་པ་ལས་《འདོད་པའི་ཤེས་བྱ་》ཞེས་འབོད་ན་ལེགས་པར་མཐོང་། ཁྱེད་རྣམས་པ་ཕྱི་རྒྱལ་དུ་བཞུགས་རིན་མཆོག་འདུག

    Reply
  2. གཙང་ཞོལ་བདེ་གསལ། says:
    ལོ་ 10 སྔོན།

    ཧཧཧཧ། ཡིད་བཞིན་ནོར་བུ། ཁོང་ཚོས་ཡང་འཁྲབ་སྟོན་བྱེད་ཡོང་གི་འདུག

    Reply
  3. བསང་ཆུ་འབྲུག་བྷེ། says:
    ལོ་ 10 སྔོན།

    གྲོགས་པོ་འབོ་ར་ཤེས་རབ་ཀྱིས་དུས་ལ་བབ་པའི་དཔེ་དེབ་འདི་འདྲ་ཞིག་བསྒྱུར་ནས་མི་ཡུལ་ལ་དངོས་སུ་བཀྲམས་ཐུབ་པར་རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese