མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རོ་བཅུད་མྱོང་དུ་བཅུག

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༧༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་སྔོན་ཤེས་རིག་ལས་ཁུངས་ཀྱི་བཀོད་སྒྲིག་འོག་དྷ་ཤོད་བོད་ཁྱིམ་དུ་ཧིན་སྒོར་འབུམ་ ༣༠ ཡི་འགྲོ་སོང་བཏང་སྟེ། བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་གནང་སོང་བ་དང་། ཚོགས་ཐོག་ཏུ་ཕ་མ་རང་ངོས་ནས་བསྒྲུབ་དགོས་པའི་དགོངས་འཆར་དོན་ཚན་ ༡༤ བཞག་པ་མ་ཟད། ཤེས་རིག་ལས་ཁུངས་དང་སྤྱི་ཁྱབ་ཡིག་ཚང་། དེ་བཞིན་སློབ་གྲྭ་ཁག་དང་འབྲེལ་བའི་དགོངས་འཆར་དོན་ཚན་ ༢༡ བཞག་ཡོད་འདུག

    ད་རེས་ས་གནས་ཁག་གི་ཕ་མ་དང་འབྲེལ་ཡོད་མི་མང་གི་རེ་འབོད་ཤུགས་ཆེ་ཤོས་དེ། རྒྱ་གར་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་བོད་སློབ་ཁག་རྩིས་ལེན་རྩིས་སྤྲོད་ཀྱི་དུས་ཚོད་ནར་འགྱངས་ཁྲོད་དུ། དགེ་ལས་མང་པོ་ཞིག་ལས་གནས་སྤར་བ་དང་རྒན་ཡོལ་དུ་ཕྱིན་པ་ལ་དུས་ཐོག་ཁ་གསབ་མ་ཐུབ་པ་སོགས་ཀྱིས། སློབ་ཕྲུག་ཚོའི་ཤེས་ཡོན་སློབ་སྦྱོང་འཐུས་ཤོར་དུ་ཕྱིན་དང་འགྲོ་བཞིན་པའི་གནད་དོན་དག་འཕྲལ་དུ་སེལ་ཐབས་དགོས་པ་དང་། ཤེས་ཡོན་སྲིད་བྱུས་ལག་བསྟར་ཚུལ་བཞིན་དུ་བྱེད་དགོས་པ། དེ་བཞིན་སྔར་ནས་གཏན་འབེབས་གསལ་བསྒྲགས་ཟིན་པ་ལྟར། ཕྲུ་གུ་གསུམ་ཡན་གྱི་ཕ་མར་དམིགས་བསལ་གཟིགས་སྐྱོང་འཕྲལ་དུ་ལག་བསྟར་དགོས་པའི་རེ་སྐུལ་སོགས་ཞུས་འདུག

    སྤྱིར་བྱིས་པ་ཚོ་ནི་རྒྱལ་ཁབ་དང་མི་རིགས་ཤིག་གི་མ་འོངས་པ་ཡིན་ལ། ལྷག་པར་དུ་ཀུན་སྤྱོད་ལེགས་ཤིང་ཤེས་ཡོན་ལྡན་པའི་ན་གཞོན་རེ་སྐྱེད་སྲིང་བྱ་རྒྱུ་ནི། མི་རིགས་ཤིག་འགྱེལ་ས་ནས་ཡར་སློང་བའི་གནམ་འདེགས་ཀྱི་ཀ་བ་ལྟ་བུ་ཞིག་ལ་ངོས་འཛིན་གྱི་ཡོད་པ་ལྟར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་ལོ་ ༥༦ ཙམ་འགོར་རྗེས་གཞི་ནས་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་འདི་སྐོང་ཚོགས་གནང་ཐུབ་པ་དང་། རང་ངོས་དང་གཞན་ངོས་གཉིས་ལ་དགོངས་འཆར་ཧ་ཅང་མང་པོ་བཏོན་ཡོད་པ་དེ་ཚོ་དོན་ཐོག་ཏུ་ཅི་ཙམ་འཁྱོལ་མིན་གང་ལྟར་ཡང་ལེགས་པོ་བྱུང་འདུག་སྙམ།

    དེ་བཞིན་ཉེ་ཆར་ནས་བཟུང་དྷ་ས་ཁུལ་གྱི་ཕ་མ་ཚོ་གཙོ་བོར་གྱུར་བའི་ཕ་མ་མང་པོ་ཞིག་ལ་སོ་སོའི་བུ་ཕྲུག་གཅེས་སྐྱོང་བྱེད་སྟངས་དང་། ལྷག་པར་དུ་བྱིས་པ་འཚར་ལོངས་འབྱུང་བའི་བརྒྱུད་རིམ་དང་བསྟུན་ཏེ་སློབ་གསོ་སྤྲོད་སྟངས་སྐོར་ལ་ཟབ་སྦྱོང་ཐེངས་འགར་ཚོགས་སོང་། ཟབ་སྦྱོང་འདི་རིགས་ཀྱིས་ང་ཚོ་བོད་པའི་ཁ་དཔེར། བྱིས་པའི་ཡོན་ཏན་དབྱུག་པའི་རྩེ་ན་ཡོད་ཟེར་བ་ལྟར། ཁ་མ་ཐོན་སྔོན་ལ་ལག་རྐྱོང་རྒྱུར་གོམས་པའི་ཕ་མ་དང་ཕ་ཚབ་མ་ཚབ་མང་པོ་ཞིག་ལ་ཆེས་མ་མཐའ་ཡང་བྱིས་པ་གཅེས་སྐྱོང་ཐད་འདི་བྱེད་དེ་བྱེད་ཀྱི་བསམ་བློའི་འཆར་སྒོ་གསར་པ་མང་པོ་ཞིག་བསྐྲུན་ཐུབ་ཡོད་པ་རེད།

    ཕ་མའི་ཚོགས་ཆེན་གྱི་མཇུག་བསྡོམས་སྟེང་། ཤེས་རིག་བཀའ་བློན་མཆོག་ནས་ཐེངས་འདིའི་ཚོགས་ཆེན་འདི་ཟ་མ་ལྟ་བུ་ཞིག་ཡིན་ན་ཁ་ལ་རོ་བཅུད་མྱོང་ཙམ་བྱ་རྒྱུ་དེ་ཡིན་ལ། ཐེངས་རྗེས་མར་ཟ་མ་དེ་རང་བཞིན་གྱིས་ཟ་འདོད་པ་ཞིག་ཏུ་འགྱུར་བར་ངོས་འཛིན་གནང་གི་ཡོད་ལ་འགྲོ་སོང་ལ་མ་ལྟོས་་པར་ཕ་མའི་ཚོགས་ཆེན་ལོ་གཉིས་གསུམ་གྱི་ནང་ཐེངས་ཤིག་ཚོགས་ཐབས་གནང་རྒྱུ་ཡིན་སྐོར་གསུངས་པ་བཞིན། ཕ་མ་དང་ཕ་ཚབ་མ་ཚབ་ཚོས་རང་གི་བུ་ཕྲུག་ལ་གཅེས་སྐྱོང་མ་ནོར་བ་བྱེད་སྟངས་དང་། ལྷག་པར་དུ་ཕ་མའི་བྱམས་སྐྱོང་མཁོ་བའི་དྭ་ཕྲུག་དང་། དྲན་པའི་ཡུལ་ན་ཕ་མ་གཉིས་ཀྱི་ཞལ་རས་གསལ་ལ་མི་གསལ་ལར་གྱུར་བའི་བྱིས་པ་རྣམས་ཇི་ལྟར་བརྩེ་བས་སྐྱོང་ཞིང་། ཕན་པའི་སེམས་ཀྱིས་ལམ་སྟོན་དགོས་པའི་ཐད་བློ་གསར་ཞིག་ཕུད་ཡོད་པ་རེད།

    ཁ་ཤས་ཀྱིས་ཚོགས་འདུ་དང་ཟབ་སྦྱོང་སྤྲོད་པ་ནི་དོན་མེད་ཀྱི་འགྲོ་སོང་ཡིན་ལུགས་བསྙད་ཀྱི་ཡོད་ནའང་། རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ན་འདྲ། གཞན་བརྟེན་འཁོས་ཆུང་གི་སྐྱབས་བཅོལ་སྤྱི་ཚོགས་ཤིག་ཡིན་ནའང་ཆོག་གི། སྤྱི་ཚོགས་ཤིག་རྨང་ནས་སྐྱོབ་པའི་སྟ་གོན་དེ་བྱ་འགུལ་འདི་རིགས་ང་ཚོས་སྤེལ་མགོ་བརྩམས་པ་ཧ་ཅང་ཕྱི་དྲགས་པའི་འཐུས་ཤོར་མ་གཏོགས། སྔ་དྲགས་པའི་ཀླན་ཀ་ཞིག་འཚོལ་ཐབས་གཏན་ནས་མི་འདུག་སྙམ་མོ།།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese