མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༤།༢༥ མང་ཡུལ་སླར་གསོའི་ས་འགུལ་གནོད་སྐྱོན་ཕོགས་པ་ཡོངས་ཀྱི་ཆེད་དུ་མཆོད་འབུལ་དང་སློབ་ཡོན།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

      འདི་ལོ་ ༢༠༡༥ ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན། ཧི་མ་ལ་ཡའི་རི་རྒྱུད་བལ་ཡུལ་དང་བོད། དེ་བཞིན་རྒྱ་གར་བཅས་ཀྱི་ས་ཁུལ་ཁག་ཅིག་གི་ནང་། ས་ཡོམ་གོད་ཆག་གིས་བར་ཆད་ཆེན་པོ་བྱུང་ཡོད་པ་ལྟར། ས་ཁུལ་དེ་དག་གི་མི་རྒྱུ་ཟོག་གསུམ་ལ་གནོད་འཚབ་ཆེན་པོ་བྱུང་ཡོད་པའི་ཁོངས་སུ། རང་རིགས་ཁ་བ་གངས་ཅན་པའི་ས་ཁོངས་མང་ཡུལ་སྐྱིད་གྲོང་རྫོང་གི་གྲོང་ཚོ་མང་པོའི་སྡོད་ཁྱིམ་ཞིག་རལ་ཏུ་བཏང་ཞིང་། མི་མང་རྣམས་སྡོད་གུར་ནང་གནས་སྤོས་བྱེད་དགོས་ཀྱིས་ད་ཆའང་དེ་མུར་གནས་དགོས་འཁེལ་བཞིན་པ་མ་ཟད། ས་འགུལ་ཡང་ནས་ཡང་དུ་ཡོང་བཞིན་པའི་དངངས་འཚབ་ཀྱི་འཇིགས་སྣང་འོག ས་ཐོག་མི་མང་གི་ལུས་སེམས་གཉིས་ཀར་བདེ་སྐྱིད་ཀྱི་གོ་སྐབས་རག་གི་མེད་པའི་གནས་སྟངས་ཆགས་ཡོད་སྟབས། ང་ཚོ་མང་ཡུལ་སྐྱིད་གྲོང་ཡུལ་གྱར་བ་ཁག་ཅིག་ནས་སྐབས་བསྟུན་ཁ་པར་གྱི་སྐད་འཕྲིན་བརྒྱུད་ལམ་ཐོག་ནས་སྐྱིད་སྡུག་མཉམ་མྱོང་སྤེལ་ཆེད་ཀྱི་གླེང་སྟེགས་ཤིག་གསར་བཟོ་བྱས་ཏེ། ཚོགས་མི་ཚོས་རང་ཐག་རང་གཅོད་ཀྱི་ཐོག་ནས་ཞལ་འདེབས་བསྡུ་རུབ་བྱས་ནས་ཚེ་སྲོག་ཤོར་བ་ཡོངས་དང་ཡང་སྒོས། མང་ཡུལ་སྐྱིད་གྲོང་ས་ཁུལ་རང་ནས་མི་བཅུ་ལྷག་རྐྱེན་འདས་སུ་ཤོར་བ་སོགས་མདོར་ན། ད་ལྟའང་གོད་ཆག་དེ་འབྲེལ་གྱི་དངངས་འཚབ་འོག་གནས་བཞིན་པའི་འགྲོ་བ་འདས་གསོན་ཡོངས་ཀྱི་ཆེད་དུ། བསྔོ་སྨོན་སྐྱབས་འཇུག་ཞུ་སླད་དང་། ལྷག་པར་སླད་ཕྱིན་འདི་ལྟ་བུའི་འབྱུང་བའི་འགེགས་བར་ཞི་བ་དང་བཟློག་པའི་རིམས་མཆོད་སྒྲུབ་ཆེད་དུ་འདི་ལོའི་ས་ག་ཟླ་བ་དུས་བཟང་གི་ཚེས་གཅིག་ནས་བཟུང་གཤམ་གསལ་མཆོད་འབུལ་ལས་གྲྭ་རྒྱ་མི་ཆུང་བ་ཞིག་སྤེལ་ཡོད་པ་དང་། མང་ཡུལ་སླར་གསོའི་མིང་བྱང་གི་དམིགས་འདུན་ལྟར་མང་ཡུལ་གྲོང་ཚོ་ཁག་གི་ཕྱིའི་འཛུགས་སྐྲུན་དང་དཔལ་འབྱོར་གྱི་ཐོག་ཏུ་རོགས་སྐྱོར་གང་ཡང་ཞུ་མ་ཐུབ་ཀྱང་། ས་ཐོག་མི་མང་གི་བློ་སྤོབས་ཡིད་ཆེས་དང་རེ་བ་སླར་གསོ་ཡོང་ཆེད་མཆོད་འབུལ་ལས་གྲྭ་དེ་འབྲེལ་གྱི་སྦྱིན་རྫས་སྒྲུབ་རྫས་རྣམས་མི་མང་ཚོར་སྐུར་ཐབས་བྱས་ཡོད་པ་སོགས་བློ་སྒོ་བཟང་པོའི་ཐོག་ནས། ༤།༢༥ མང་ཡུལ་སླར་གསོ་མཆོད་འབུལ་ཚོགས་མི་ཐུན་མོང་ནས་སྤྱི་བསྒྲགས་འདི་སྤེལ་བ་ལས། བྱ་གཞག་གྲུབ་པའི་ངོམ་སོ་དང་བྱས་ཡོད་ཟེར་བའི་མཚན་སྙན་གསོག་ཆེད་ཀྱི་རྣམ་པ་གང་ཡང་མིན་པར། དེ་བས་མི་མང་བྱིངས་ཀྱི་ངོས་ནས་དེ་ལྟར་ཐུགས་སྨོན་སྐྱབས་འཇུག་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

ལྷག་པར་དུ། དེ་སྔ་དུས་འགྱུར་མ་བྱུང་བའི་སྔོན་དུ་མང་ཡུལ་སྐྱིད་གྲོང་དུ་རྫོང་ཤར་ནུབ་གཉིས་ཀྱི་ཁྱབ་ཁོངས་སྐྱིད་གྲོང་བརྒྱ་ཚོ་དགུར་ལྡིང་ཁག་དང་འཐུས་ཁག་སོགས་ཀྱིས་གཞུང་འཛིན་འགྲོ་ལུགས་ལོ་རྒྱུས་ཡོད་ཀྱང་། དུས་འགྱུར་རྗེས་སུ་མང་ཡུལ་སྐྱིད་གྲོང་གི་གྲོང་ཚོ་ཁག་རྫོང་རིམ་འོག་གི་གྲོང་བརྡལ་དང་ཚོན་སོགས་སུ་ཕྱེ་ཡོད་སྟབས། ང་ཚོ་མཆོད་འབུལ་ཚོགས་མི་ཐུན་མོང་གིས་ཞུ་འདོད་པའི་རེ་འདུན་གཙོ་བོ་གཅིག་ནི། སྲིད་གཞུང་ནས་འཛུགས་སྐྲུན་སླར་གསོ་གནང་སྐབས་ས་གནས་གྲོང་ཚོ་མི་མང་གི་བློ་འདོད་དང་ས་གཞིའི་བདག་དབང་ཐོབ་ཆ་ཁག་ལ་དོ་ཁུར་གཙོར་བཞེས་གནང་དགོས་པ་ལས་དེ་སྔོན་སྒ་སྐྱེ་རྒུ་མདོའི་ས་ཡོམ་འཇུག་སྦྲེལ་གྱི་ས་གནས་མི་མང་ཚོའི་གནས་སྟངས་བཞིན་རྙོག་གླེང་དཀའ་ངལ་ཅན་དུ་མི་འགྱུར་བའི་རེ་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

དེ་བཞིན། ༼༤།༢༥ མང་ཡུལ་སླར་གསོའི་སློབ་ཡོན།༽ ཞེས་པའི་བཙན་བྱོལ་རྒྱ་བལ་འབྲུག་གསུམ་ནང་གི་མང་ཡུལ་སྐྱིད་གྲོང་བ་ཉམ་ཐག་སློབ་མ་གཅིག་ལ་གཞི་རིམ་འཛིན་གྲྭ་བཅུ་གཉིས་བར་གྱི་སློབ་ཡོན་མཐུན་སྦྱོར་གནང་རྒྱུའི་གོ་སྐབས་ཤིག་གི་གསལ་བསྒྲགས་ཀྱང་དེ་མུར་སྤེལ་བཞིན་ཡོད་སྟབས། ཐུགས་སྣང་དགོས་མཁོ་ཅན་ཚོས་གཤམ་འཁོད་ཁ་པར་ཐོག་འབྲེལ་བ་གནང་རོགས་ཞུ་རྒྱུ་ཡིན།

༤།༢༥ མང་ཡུལ་སླར་གསོ་མཆོད་འབུལ་ཚོགས་མི་ཐུན་མོང་ནས།
ཕྱི་ལོ། ༢༠༡༥ ཟླ། ༨ ཚེས། ༢༠ལ།

སློབ་ཡོན་འབྲེལ་མཐུད་པ།   +91 9882 349 115 སྐྱིད་གྲོང་ཟླ་བ། ༼མཆོད་འབུལ་ལས་གྲྭའི་འགན་ཁུར་གཙོ་གཉེར་བ།༽

བྱུང་སོང་ལྷག་གསུམ་གྱི་དངུལ་རྩིས་སྙན་ཐོ་གཤམ་གསལ།

     དངུལ་ལྷག་བསྡད་ཧིན་སྒོར། ༡,༢༥,༨༡༡ ནང་ནས་ཁྲི་གཅིག་རྙིང་མའི་སྨོན་ལམ་ཆེད་འབུལ་རྒྱུ་དང་། དེ་འཕྲོས་ཀྱི་ལྷག་བསྡད་ཧིན་སྒོར། ༡,༡༥,༨༡༡ དང་ཡུ་སྒོར། ༢༠ ཐམ་པའི་ལས་འཆར་དུ། ༢༠༡༦ ལོའི་དཔལ་དུས་འཁོར་དབང་ཆེན་སྐབས་མཆོད་འབུལ་དགེ་སྦྱོར་གྱི་ལས་སྣ་ཁག་ཅིག་བསྒྲུབ་རྒྱུ་མ་ཟད། མི་མང་གིས་དོ་ཁུར་གནང་རིམ་བཞིན་མ་འོངས་པར་༤།༢༥ འི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་དང་བྱམས་སྤྲིན་སྐུ་རྟེན་༸རྒྱལ་བ་བྱམས་པ་གཉིས་ལ་ཞལ་གསེར་ན་བཟའ་བསྒྲོན་རྒྱུ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཅིག་སྤེལ་རྒྱུ།

ཟུར་བརྗོད། གོང་གི་བྱུང་སོང་ལྷག་གསུམ་གྱི་སྙན་ཐོའི་ནང་ལས་དོན་སྐབས་ཀྱི་འགྲོ་གྲོན་ཆུང་ཙག་རིགས་འགན་ཁུར་གཙོ་གཉེར་བས་གཙོས་པས་ས་གནས་ཚོགས་མི་ཁག་ཅིག་གིས་སྤྱི་ཁུར་དང་ལེན་གནང་སྟེ་རྩིས་ཞིབ་སྙན་ཐོའི་ནང་ཟུར་གྲོན་སྟོན་མི་དགོས་པར་དེ་ལྟར་སྟབས་བདེ་པོ་ཆགས་ཡོད་པར་ཡིད་རངས་དགོངས་འཇགས་འཚལ།

 

 

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༩ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese