མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རོང་པོ་བློ་བཟང་སྙན་གྲཊ་ལཊ་སྤྱི་འཐུས་སུ་ལང་རྒྱུ་མ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་སྐབས་ ༡༦ པའི་སྤྱི་འཐུས་སུ་ལང་རྒྱུ་མིན་པའི་ཡིག་ཐོག་གསལ་བསྒྲགས་ཤིག་བཏང་བྱུང་།

ཡིག་ཐོག་གསལ་བསྒྲགས་ནང་། འདི་ཕྱི་གཏན་གྱི་སྐྱབས་གནས་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་རྒྱ་ཆེའི་གྲྭ་བཙུན་ཡོངས་ལ་ཆེད་ཞུ། གུས་པ་ཕྱི་ལོ་༢༠༠༡ ཟླ་༤ ཚེས་༣༠ ཉིན་འཕགས་མཆོག་ཕྱག་ན་པདྨོ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་གནམ་བསྐོས་གསེར་གྱི་བཀའ་ཡིག་སྤྱི་ཐོད་དུ་བསྩལ་སྨིན་བྱུང་སྟེ་སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་སུ་ཐད་ཀར་བསྐོ་བཞག་གནང་བ་ལྟར། བོད་ཀྱི་ལོ་རྒྱུས་ནང་ཆེས་ཛ་དྲག་དང་རྙོག་འཛིང་གི་དུས་སྐབས་སུ་བོད་བསྟན་པ་ཆབ་སྲིད་ཐད་ཁ་ནས་སྐད་ཆ་བཤད་པ་དང་ལག་ནས་རྩོམ་ཡིག་བྲིས་པ་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་ཞབས་ཞུ་སྒྲུབ་རྒྱུར་དགའ་སྒོམ་ཆེན་པོས་བཀའ་བཞིན་བསྒྲུབས་ཏེ། ལོ་ལྔའི་རིང་ཚོགས་ཐེངས་གཅིག་ལའང་མ་ཆད་པར་གྲོས་ཚོགས་ནང་མཉམ་ཞུགས་ཀྱིས་༸གོང་ས་མཆོག་གི་བཀའ་དགོངས་དང་། རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་ཐོག་འཇིགས་ཞུམ་ཆགས་སྡང་དང་རང་དོན་ཕྱོགས་ལྷུང་མེད་པར་བོད་མི་མང་སྤྱི་འཐུས་ཀྱི་འགན་དབང་ལག་བསྟར་ཚད་ལྡན་ཡོང་ཐབས་བྱས་པར་མ་ཟད། གཏན་འཇགས་སྡོད་གནས་སུའང་ཉམ་ཐག་བསྐྱར་ཞིབ་ཀྱིས་མཚོན་གཞུང་འབྲེལ་དུས་ཆེན་སྲུང་བརྩི་ཁག་ཏུ་གཏམ་བཤད་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་སྦེལ་ཀོབ་ས་གནས་ཀྱི་ཚོགས་པ་ཁག་གིས་ས་གནས་ཀྱི་ཉེ་ཁུལ་གྲོང་ཁྱེར་དང་ས་གནས་སུ་འཐབ་རྩོད་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་བ་སོགས་སུ་གཏམ་བཤད་དུ་གདན་ཞུས་གོ་སྐབས་ནམ་བྱུང་ལ་བོད་ནང་གི་བོད་མིའི་བསམ་བློ་དང་། སྐད་ཡིག་རིག་གཞུང་། ཡུལ་ཁམས་ཁོར་ཡུག་སོགས་རྒྱ་བསྒྱུར་གྱི་གནས་བབ་དང་། རྒྱལ་སྤྱི་དང་བཙན་བྱོལ་ནང་གི་བོད་དོན་འཐབ་རྩོད་ཀྱི་གནས་བབ་དང་འབྲེལ། ང་ཚོའི་འཐབ་རྩོད་ཀྱི་སྲོག་ཤིང་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཐད་ཁྱོན་ཡོངས་ནས་འབད་བརྩོན་བྱེད་དགོས་ཀྱི་ལམ་སྟོན་རིམ་པར་ཞུས་ཤིང་།

ལས་ཞོར་གྱི་དུས་ཚོད་སྤྱད་དེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་། རླབས་ཆེན་གྱི་དགོངས་གཞི་ཁག་ཕྱོགས་ཡོངས་ནས་མཁྱེན་རྟོགས་སླད། རྒྱལ་བའི་མཛད་རྣམ། “བྱམས་བརྩེ་དང་དྲང་བདེན་གྱི་བླ་སྲོག”དང་། གཞུང་ཆེན་ཁག་གི་བཀའ་ཁྲིད། རྩ་བ་ཤེས་རབ་དང་། བཤེས་སྤྲིངས། རྒྱལ་སྲས་ལག་ལེན་སོ་བདུན་མ། སྤྱོད་འཇུག་ཆེན་མོ། ནང་ཆོས་སྤྱི་དོན་སོགས་རྩ་ཆེའི་བཀའ་ཁྲིད་ཟིན་བྲིས་གླེགས་བམ་ཆེན་པོ་ལྔ་རྩོམ་སྒྲིག་དང་ཞུ་དག་གིས་དཔར་བསྐྲུན་འགྲེམས་སྤེལ་བྱས་ཤིང་། ད་དུང་ཡང་མུ་མཐུད་བཞིན་ཡོད། དེར་མ་ཟད་རིག་གཞུང་གལ་ཆེ་རྩ་གནད་དུ་བཟུང་སྟེ། སེ་ར་ཐེག་ཆེན་གླིང་དང་སཱ་ར་མཐོ་སློབ། ཏཱ་ལའི་བླ་མའི་མཐོ་སློབ། ནོར་གླིང་མཐོ་སློབ་དང་། དབུས་སྨན་རྩིས་ཁང་སོགས་མཐོ་སློབ་ཁག་ལ་རིག་གཞུང་སློབ་ཁྲིད་སོགས་ཆོས་དང་རིག་གཞུང་བསྟན་པ་ཆབ་སྲིད་བཅས་པར་གང་འཚམས་ཞབས་ཞུ་ཞུ་རྒྱུ་བྱུང་བ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་པས། འདིར་ཆེད་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་འདི་ཕྱི་ཀུན་ཏུ་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་དང་།

ཕྱི་ལོ་༢༠༡༡ ལོར་དགེ་ལུགས་རྒྱུགས་སྤྲོད་ཚར་བ་དང་། ཆོལ་ཁ་གསུམ་གྱི་རྒྱ་ཆེའི་དགེ་ལུགས་གྲྭ་བཙུན་མང་ཚོགས་ནས་ཐུགས་རེ་ཆེན་པོས་འོས་གྲངས་ ༣༣༣༦ གིས་སྐབས་བཅོ་ལྔ་པའི་དགེ་ལུགས་སྤྱི་འཐུས་སུ་འོས་འདེམས་ཀྱིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་སླེབས་ཤིང་། ད་ལྟའི་བར་ཆོལ་ཁ་ཆོས་ལུགས་དབར་མཐུན་ལམ་གཙོར་བཟུང་གིས་ལོ་གཉིས་ལྷག་སྤྱི་འཐུས་རྒྱུན་ལས་སུ་ངོ་བཅར་ཐོག་ཆབ་སྲིད་སྡེ་ཚན་དང་། རྒྱུན་འབྲེལ་སྡེ་ཚན། ཚོགས་ཆུང་ཁག་ཁ་ཤས་བཅས་སུ་ལས་ཀ་བྱས་ཤིང་། འདས་པའི་ལོ་བཞི་ལྷག་གི་རིང་སྦེལ་ཀོབ་ཕྱོགས་དང་། མོན་གྷོ་ཌིའི་ཕྱོགས། ཀོ་ལི་གྷལ་དང་དེའི་ཉེ་ཁུལ་ཕྱོགས་སོགས་ས་བགོས་ཕྱོགས་བསྐྱོད་ཀྱིས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱི་བདེ་སྡུག་ལ་ལྟ་རྟོག་ཞིབ་ཚགས་ཀྱིས་སྙན་ཐོ་འབྲེལ་ཡོད་ལས་ཁུངས་ཁག་སོ་སོར་ཕུལ་ཏེ་དཀའ་ངལ་སེལ་ཐབས་དང་། ༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་དང་དགོངས་གཞི། བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་གསལ་བཤད་དང་། བོད་མིའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་རྒྱུན་འཛིན་དང་། སློབ་གྲྭ་ཁག་ཏུ་རིགས་ལམ་དང་། ནང་ཆོས་སོགས་གནའ་དེང་ཤེས་ཡོན་ཟུང་འབྲེལ་ཐོག་ཀུན་སྤྱོད་དང་ལྷག་བསམ་གལ་ཆེའི་སྐོར་དང་། དགོན་སྡེ་ཁག་ཏུ་གཞུང་ཆེན་རིགས་གཅིག་རྐང་འཛིན་དང་། རིས་མེད་གཞུང་ཆེན་བགྲོ་གླེང་ཐོག་བཤད་སྒྲུབ་ཟུང་འབྲེལ་གྱིས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་དང་། དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་བྱས་ཏེ་རྒྱ་ཆེ་ས་ནས་རྒྱལ་བསྟན་རིན་པོ་ཆེ་སྐྱེ་འགྲོ་ཀུན་གྱི་ཕན་བདེའི་རྩ་ལག་ཏུ་འཛིན་སྐྱོང་སྤེལ་གསུམ་དགོས་སྐོར་གཞེན་སྐུལ་ནན་ཏན་རིམ་པར་ཞུས་ཤིང་། གྲོས་ཚོགས་སུའང་དེ་དག་གི་སྐོར་གཙོ་གནད་དུ་བཟུང་ཞིང་། མ་ཟད་བཙན་བྱོལ་ནང་གི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་ལག་བསྟར་འགྲོ་བཞིན་པ་དེ་ལྟར་ཡང་། ད་ཡོད་མཐོ་སློབ་ཁག་བོད་མིའི་སྒྲིག་འཛུགས་ཀྱི་ཐད་ཀའི་འཛིན་སྐྱོང་འོག་ལ་མེད་ཀྱང་། མཐོ་རིམ་ཤེས་ཡོན་སྲིད་བྱུས་ཤིག་བཟོ་དགོས་ཀྱི་འབོད་སྐུལ་དང་། གཅིག་གྱུར་གྱི་ལམ་སྟོན་སྲིད་བྱུས་ཤིག་གི་འོག་ཕེབས་ཐུབ་དགོས་པའི་རེ་བ་དང་རྨི་ལམ་ཡང་རྨི་བཞིན་ཡོད།

ཞོར་དུ་ཤེས་རིག་ལས་ཁུངས་ཀྱིས་རེ་སྐུལ་ལྟར་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་ཚད་མའི་གཞུང་གི་རིགས་ལམ་དང་། ནང་ཆོས་ཀྱི་སློབ་དེབ་གཉིས་རྩོམ་སྒྲིག་ལེགས་གྲུབ་ཀྱིས་ད་ལོ་དཔར་བསྐྲུན་ཐོག་ལོ་རྗེས་མར་དངོས་སུ་སློབ་གྲྭ་ཁག་ཏུ་སློབ་ཁྲིད་ལག་བསྟར་བྱེད་འཆར་ཡོད་པ་སོགས་བོད་བསྟན་པ་ཆབ་སྲིད་སྤྱི་དང་། ལྷག་པར་དུ་ཞྭ་སེར་ཅོད་པན་འཆང་བ་སྤྱི་ལ་ལོ་ཤས་རིང་དུས་ཚོད་མང་པོ་བློས་གཏོང་གིས་ཞབས་ཞུ་བྱེད་རྒྱུ་བྱུང་བ་ནི། འདི་ཕྱིའི་སྐྱབས་གནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རི་བོ་དགེ་ལུགས་པའི་གྲྭ་བཙུན་ཡོངས་ཀྱི་རྒྱབ་སྐྱོར་དང་མཐུན་འགྱུར་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་པས། བཀའ་དྲིན་བསམ་ཤེས་ཐོག་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། མི་མང་གི་སྐུ་ཚབ་ཀྱི་འགན་དབང་ནི་ཁྲིམས་སྒྲིག་དང་། གནས་བབ་གང་ཅིའི་ཐོག་ཧ་ཅང་ལྕི་བས་སྤྱི་སྒོས་ཀྱི་ལས་དོན་བྱེད་ཕྱོགས་ཐོག་དགོངས་ཕྱོགས་འགྱུར་བའི་གནས་ཚུལ་རེ་བྱུང་ཡོད་ན་ཚེ་འདི་ཕྱི་གང་དུའང་བདག་ལ་སྒྲིབ་པར་མི་འགྱུར་བའི་སྐྱབས་འཇུག་དང་བཟོད་གསོལ་ཡང་ཆབས་ཅིག་ཞུ་རྒྱུ།

གང་ལྟར་སྐབས་བཅུ་གསུམ་པའི་ཐད་བསྐོས་དང་། སྐབས་བཅོ་ལྔ་པའི་དགེ་ལུགས་སྤྱི་འཐུས་སྐབས་གཉིས་ཀྱི་རིང་བོད་བསྟན་པ་ཆབ་སྲིད་ལ་ཞབས་ཞུ་ལྷག་བསམ་རྣམ་དག་གིས་ཞུས་པའི་དགེ་བའི་རྩ་བ་ཅུང་ཟད་ཅིག་ཡོད་ན་དེ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེའི་ཞབས་བརྟན་དང་། བསྟན་པ་རྒྱས་ཤིང་འགྲོ་བ་བདེ་བའི་ཆེད་དུ་བསྔོས་ཤིང་། ད་ནི་རང་ཉིད་ལ་ཆོས་དང་རིག་གཞུང་གི་ལས་དོན་མང་པོ་ཞིག་སྣེ་འཛིང་གིས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འགན་ལེན་རྒྱུའི་དུས་ཁོམ་གཏན་ནས་མེད་པས། འོས་གཞིའི་ནང་ཞུགས་རྒྱུ་མིན་པའི་ཐག་གཅོད་བྱེད་དགོས་བྱུང་སོང་ན། དེ་ལུགས་དགོངས་དབྱིངས་སུ་མངའ་འཚལ་ཞུ་ཞེས་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་བོད་རྒྱལ་ལོ་༢༡༤༢ ཕྱི་ལོ་༢༠༡༥ ཟླ་༨ ཚེས་ ༢༥ ཉིན་གུས་པས་ཕུལ། ཞེས་བཀོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

ཆུ་ཚོད་ ༢༢ སྔོན་ལ།
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་དང་འབྲེལ་བའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese