མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦྲང་རྩི་བླངས་ཏེ་རྩྭ་ཐང་གི་བཅུད་འཕྲོག

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་མི་སྤྲང་རྩི་ལེན་མཁན་ཚོས་སྤང་ཐང་མེ་ཏོག་གིས་བརྒྱན་པའི་འབྲོག་ས་དག་ནས་སྦྲང་རྩི་བླངས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་འདུག

བོད་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདས་པའི་ལོ་མང་རིང་ནས་བཟུང་དབྱར་དུས་བསླེབས་པ་དང་བསྟུན། ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་སའི་འབྲོག་ཁུལ་མཛོད་དགེ་རྫོང་དང་ཁྱུང་མཆུ་རྗོང་། རྔ་བ་རྫོང་སོགས་ཀྱི་འབྲོག་པ་རྣམས་རུ་བ་དབྱར་སར་ཕྱིན་རྗེས། རྒྱ་མི་ཚོས་ས་ཆ་ལ་རྒྱ་སྒོར་ ༡༠༠༠ རེ་སྤྲད་ནས་དགུན་སའི་རྩྭ་ཐང་ཐོག་སྦྲང་མ་ཁྲི་སྟོང་མང་པོ་བཀྲམ་སྟེ། རྩི་ཤིང་དང་མེ་ཏོག་གི་རྩི་བཅུད་ལེན་གྱི་ཡོད་སྟབས། ས་ཆ་དེ་དག་གི་གསར་བཞད་མེ་ཏོག་རྣམས་ཡུན་རིང་གནས་མི་ཐུབ་པར་རྙིད་འགྲོ་བ་མ་ཟད། སྔོ་ལྗང་ལྗང་གི་རྩྭ་ཐང་ཡང་མགྱོགས་པོར་སྐྱ་ཟད་སྔོ་ཟད་དུ་གྱུར་ཏེ། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱིན་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། རྒྱ་མི་སྦྲང་རྩི་ལེན་མཁན་དེ་ཚོས་རྩྭ་སར་རྒྱ་སྒོར་ཆིག་སྟོང་རེ་སྤྲད་ནས་རྩྭ་ཐང་དུ་སྒམ་ཆུང་བརྒྱ་ཕྲག་བརྒལ་བ་སྒྲིག་སྟེ་སྦྲང་རྩི་བསྡུ་བཞིན་ཡོད་པ་མ་ཟད། ལམ་འགྲམ་ནས་ས་གནས་བོད་མི་ཚོ་དང་ཡུལ་སྐོར་བ་ཚོར་སྦྲང་རྩི་འཚོང་བཞིན་ཡོད་པ་དང་། རིན་གོང་མཐོ་དམན་གསུམ་ཡོད་པ་ལས་རིན་གོང་ཆེ་ཤོས་དེར་རྒྱ་སྒོར་ལྔ་བརྒྱ་ནས་དྲུག་བརྒྱ་དང་། རིན་གོང་ཆུང་ཤོས་ཀྱི་སྦྲང་རྩི་དམ་བུ་གང་ལ་རྒྱ་སྒོར་ ༣༥ ཙམ་དགོས་ཀྱི་འདུག རིན་གོང་ཆེ་ཤོས་དེ་འབུ་དཀར་པོ་ཞིག་ཡིན་པ་དང་། དེ་ཨ་རག་ནང་དུ་བླུགས་ནས་འཐུང་ན་མིའི་ལུས་ཀྱི་འཚོ་བཅུད་རྒྱས་པར་ཕན་ཐོགས་ཆེན་པོ་ཡོད་སྐོར་འགྲེལ་བཤད་རྒྱག་གི་འདུག ཅེས་དང་།

ཁོང་གིས་མུ་མཐུད། རྩྭ་ཐང་དང་ཞིང་ཁའི་གསར་བཞད་མེ་ཏོག་དང་རྩི་ཏོག་སོགས་ཉིན་གཉིས་གསུམ་རིང་ལ་མ་གཏོགས་མི་འདུག་པར་སྐམ་རྙིད་དུ་འགྱུར་འགྲོ་བ་དང་། སྔོ་ལྗང་རྩྭ་ཐང་གི་ཁ་མདོག་ཀྱང་རིམ་བཞིན་ཤོར་འགྲོ་གི་འདུག གང་ལྟར་སྦྲང་རྩི་བླངས་བ་འདིས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོ་ཡི་འདུག ང་རང་གི་བསམ་ཚུལ་ཡིན་ན། ང་ཚོས་འཕྲལ་གྱི་ཁེ་བཟང་ཆུང་ཆུང་ཞིག་གི་ཆེད་དུ་ཕུགས་སུ་ཕམ་ཁ་ཆེན་པོ་ཞིག་ཉོ་ཡི་འདུག གཅིག་ནས་རྒྱ་མི་སྦྲང་རྩི་མཁན་དེ་ཚོས་མ་དངུལ་ཕྲན་ཙམ་ཡང་གཏོང་མི་དགོས་པར་གཞན་གྱི་ས་ཐོག་ནས་ཁེ་སྤོགས་ཆེན་པོ་གཉེར་གྱི་ཡོད་པ་དང་། གཉིས་ནས་ང་རང་ཚོའི་རྩྭ་ཐང་གཙོས་རང་བྱུང་ཁོར་ཡུག་གི་འཚོ་བཅུད་ཉིན་རེ་བཞིན་ཉམས་འགྲོ་ཡི་འདུག ང་ཚོས་རྒྱ་སྒོར་ཆིག་སྟོང་ཙམ་གྱི་ཁེ་བཟང་ལ་མི་ལྟ་བར་རྩི་ཤིང་མེ་ཏོག་ལ་ཐེབས་བཞིན་པའི་གནོད་སྐྱོན་འདི་རིགས་སྔོན་འགོག་བྱས་ཏེ། རང་བྱུང་ཁོར་ཡུར་གི་འཚོ་བཅུད་ལ་སྲུང་སྐྱོབ་བྱེད་དགོས་པ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས། ང་ཚོའི་ས་ཆ་འདིར་རྒྱ་མི་སྦྲང་མ་གསོ་མཁན་སྐོར་ཁག་གཉིས་ཡོད་པ་དང་། ཁོ་ཚོ་ས་ཆ་འདིའི་ཡུལ་མི་ཚོའི་ངོ་ཤེས་རེད་འདུག ཁོ་ཚོ་ལོ་རེ་བཞིན་ས་ཆ་འདིར་ཡོང་ནས་ས་རིན་རྒྱ་སྒོར་ཆིག་སྟོང་རེ་སྤྲད་ནས་སྡོད་ཀྱི་འདུག ཉེ་སྔོན་ཡང་ང་ཚོའི་རྫོང་ཐོག་ཏུ་རྒྱ་མི་སྦྲང་རྩི་ལེན་མཁན་སྐོར་ཁག་གཅིག་བསླེབས་སོང་ཡང་ཡུལ་མི་ཚོས་འདུག་ཏུ་བཅུག་མ་སོང་། དེ་མིན་ཁྱུང་མཆུ་རྫོང་ནས་ངའི་ཕ་ཡུལ་བར་དུ་སྤྱི་ལེ་ ༡༠༠ ལྷག་ཡོད་པ་དང་། དེའི་བར་ཁོ་ནར་སྦྲང་རྩི་ལེན་མཁན་སྐོར་ཁག་ཉི་ཤུ་ཡས་མས་ཤིག་ཡོད་ཅིང་། སྐོར་ཁག་ཆུང་ཆུང་རེ་ལ་སྒམ་ཆུང་ ༡༠༠ ཙམ་དང་། སྐོར་ཁག་ཆེན་པོ་རེར་སྒམ་ཆུང་ཉིས་བརྒྱ་སུམ་བརྒྱ་ཡོད་ས་རེད། ཅེས་བརྗོད་བྱུང་།

 

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༠ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese