མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིག་སྒྲིལ་གད་སྙིཊ་སུ་གཡུཊ་པའི་མྱི་དེ་ཚོ།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཨ་འདུས་མིག་ཆུ།

ངས་འབྱུང་འགྱུར་དབུ་ཁྲིད་སུ་འདེམས་མིན་ནི། རང་གི་སེམས་ལ་གསལ་པོ་ཡོད་མོད། རང་གི་བདམས་པའི་དབུ་ཁྲིད་དེ་མ་འོངས་མི་རིགས་ཀྱི་དབུ་ཁྲིད་ཆགས་མིན་ནི་ང་ལ་ཡང་ཐེ་ཚོམ་ཡོད། ཡིན་ཡང་ད་ལྟའི་འོས་མིའི་ཁྲོད་ནས་སུ་ཞིག་སྲིད་སྐྱོང་གི་འོས་མིར་གྱུར་ཚེ། དེ་ནི་བོད་མི་མང་གིས་བདམས་ཏེ་ཐོབ་པ་ཡིན་པས་ང་ལ་བརྩི་བཀུར་བྱེད་ཐུབ་པའི་སྤོབས་པ་ཡོད། རྒྱུ་མཚན་དེའི་ཕྱིར་ན། ད་ལྟའི་འོས་མི་སུ་ལ་ཡང་སྐྱོན་འདོགས་དང་ཉེས་འཛུགས་བྱ་རྒྱུར་དགའ་པོ་ངོ་མ་མེད། ཐམས་ཆད་ཀྱིས་མཐུན་སྒྲིལ་དགོས་ཞེས་ཨག་རིང་འཐེན་མོད། དོན་དངོས་མཐུན་སྒྲིལ་ནི་བཟའ་རྒྱུ་ཞིག་ཡིན་ནམ་འཆའ་རྒྱུ་གང་ཡིན་གྱི་གནས་ལུགས་ལ་ངེས་ཤེས་འདྲོང་གི་མེད་པ་འདྲ། དེའི་སྟབས་ཀྱིས་བོད་པའི་མཐུན་སྒྲིལ་ཁ་ན་ཡོད་པ་ལས་སེམས་ལ་ཡོད་པ་མ་རེད།

གནའ་མྱི་རྒན་པོ་དག་ལ་མཐུན་སྒྲིལ་གྱི་སྟོབས་ཤིག་ཡོད་མྱོང་བས། བཙན་པོའི་རྒྱལ་རབས་ཞེས་པའི་ངོམ་ཆོག་ཆོག་གི་རྒྱལ་ཁབ་ཅིག་བཙུགས་པའི་ལོ་རྒྱུས་ཡོད་པ་རེད། སྐབས་དེ་ཤེད་ནས་རྒྱ་ནག་རྒྱལ་པོ་ཁྲི་འཕང་ལས་བྲོས་ཤིང་། རྒྱ་གར་རྒྱལ་པོས་བོད་བཙན་པོའི་ཞབས་ལྷམ་ལྷ་བཞིན་བཀུར་བ་རེད། དེ་ནི་བཙན་པོ་དག་ངར་དྲགས་པས་མ་རེད། བཙན་པོ་དང་འབངས་ཀྱི་བར་ན་མཐུན་སྒྲིལ་གྱི་སྟོབས་ཤིག་ཡོད་པས་རེད། མཉམ་ལས་ཀྱི་འདུ་ཤེས་ཡོད་པས་རེད།

བཙན་པོའི་རུ་དམག་གིས་རྒྱལ་ཁབ་སྟོབས་ཀྱིས་བཙུགས་ཤིང་། མཐའ་བཞི་དབང་དུ་བསྡུས་པ་རེད། མ་ཟད་རིག་གནས་ཀྱི་དཔལ་ཡོན་བསྐྲུན་ཞིང་། འབྱོར་ཕྱུག་གི་ནོམ་པ་བསགས་པ་རེད། སྐབས་དེ་དུས་འུ་ཚང་སུ་ལ་ཡང་ངོ་གནོང་མི་དགོས། རྒྱ་ནག་གི་ལོ་རྒྱུས་དེབ་ཐེར་ནང་ལྟོས་དང་། ཐུ་བྷོད་མི་མང་གི་རུ་དམག་གིས་ས་གཞིའི་བྲང་གཞུང་དམག་རྟའི་རྨིག་པས་བརྡུངས་ཤིང་། རྨིག་རྩེ་ལས་མཆེད་པའི་ས་རྡུལ་གྱིས་བར་སྣང་གི་ཉི་འོད་བསྒྲིབས། ཀུ་སྒྲས་དགྱ་ནག་གི་སྙིང་རྩ་འདར་བ་བྱས་པ་རེད། དེ་དག་ཀྱང་སྐབས་དེ་དང་དུས་དེའི་བོད་མྱིའི་སེམས་ཁམས་འདུ་ཤེས་ཁྲོད་མཐུན་སྒྲིལ་གྱི་སྟོབས་ཤིག་ཡོད་པས་རེད། མཉམ་ལས་ཀྱི་འགུལ་ཤུགས་ཡོད་པས་རེད། འོན་ཀྱང་ནང་འཁྲུག་གི་གཡུལ་ལ་ཆས་ཤིང་། མཐུན་སྒྲིལ་གྱི་སྟོབས་ཤུགས་བག་ལ་ཉལ་ནས། མཉམ་རུབ་ཀྱི་སྒུལ་ཤུགས་ཉམ་ཆུང་བ་གྱུར་པའི་འགོ་བརྩམས་པ་ནས། ཕྱི་ཡི་བཙན་འཛུལ་ཇེ་རྒོད་དང་། ནང་གི་སྡར་མ་དག་མགོ་ལ་ཤོར། ནང་འཁྲུགས་བྱེད་པའི་ཡ་ང་ཞིང་ཡིད་སྐྱོ་བའི་ཐུ་བྷོད་མི་རིགས་ཀྱི་གཟི་འོད་ཉམས་པ་རེད།

ད་ནི་དེང་གི་དུས་སུ་འུ་ཚོ་གཞིས་བྱེས་གཉེས་ལ་གྱེས་ཤིང་། སྤྱི་དོན་དང་མི་རིགས་ལ་དགའ་བ་གང་མང་ཞིག་གིས་མི་རིགས་ཀྱི་སླད་དུ་དང་། རིག་གཞུང་དེའི་ཕྱིར་དུ་རང་གི་ཚེ་སྲོག་ཚུན་ཆུད་མེ་ལ་བསྒྲོན་ཅིང་། ཆུ་ལ་མཆོང་བའི་གནས་ཚུལ་ཛ་དྲག་གི་གནས་སུ་གྱུར་ཡོད་པ་རེད། དེ་ནི་མིག་ལྡན་ཞིག་གིས་མཐོང་ན། མིག་ཆུ་བཞུར་བ་དང་། བསམ་ཤེས་ཤིག་གིས་མཐོང་ན། ཡ་ང་བའི་འུ་ཚང་གི་གཏམ་རྒྱུད་ཅིག་ཡིན་པ་གཞལ་ངེས།འོན་ཀྱང་ཡིད་སྐྱོ་ལ་སེམས་ཕམ་པ་ནི། མཐུན་སྒྲིལ་ཁ་ལ་ཁྱེར་ཞིང་། མི་རིགས་ལ་ཤ་ཚ་སྐད་པའི་ཨག་རིང་འཐེན་མཁན་དག་ཡིན་ཏེ། བོད་ཀྱི་དབུ་ཁྲིད་དུ་གྱུར་པའི་མི་བུ་འཇོན་ཐང་ཅན་རྣམས་ལ་ཉེས་ཞྭ་བཟོས་ཤིང་། རྐང་པ་ནས་འཐེན་ཏེ་མི་རིགས་ཀྱི་མཐུན་སྒྲིལ་གཏོར་བཅོམ་བྱས་དང་བྱེད་བཞིན་པ་དེ་དག་ཡིན་ལ། དེ་ནི་ནམ་ཡང་མཐུན་སྒྲིལ་སེམས་ལ་ཡོད་ཅིང་། མི་རིགས་ལ་ཞེན་སྙིང་ལ་མངའ་བ་དག་གིས་གཟབ་ནན་གྱིས་འགོག་རྒོལ་བྱ་དགོས་པའི་གནས་ཤིག་ཏུ་མཐོང་།

བོད་པ་མང་ཆེ་བ་ནི། མི་རིགས་ལ་དགའ་ཞིང་། རང་གི་སྤུན་ཟླ་ཕན་ཚུན་ལ་དབྱེ་འབྱེད་ཀྱི་འདུ་ཤེས་ཡོད་པ་མ་རེད་དེ། བོད་པའི་བླ་བཙོང་ཞིང་། བོད་པའི་མཐུན་སྒྲིལ་གཏོར་བར་དགའ་བའི་མྱི་ངན་འགའ་ཞིག་གི་སྐད་ཆ་བཤད་ཕྱོགས་དང་། བསམ་བློ་གཏོང་ཕྱོགས་སྐོར་ལ་བསམ་མནོ་ཞིབ་ནན་མ་བཏང་བར། ཆུ་སྣེ་གང་ཁྲིད་ཀྱི་དཔེ་ཡི་ཟླ་རུ་འགྲོ་བཞིན་པ་ནི། ཡ་ང་ཞིང་ཡིད་སྐྱོ་བའི་སྐྱོ་གར་འབའ་ཞིག་རེད་འདོད། བོད་ཀྱི་དབུ་ཁྲིད་བརྗེ་བསྒྱུར་གྱི་སྐབས་སུ་སྐབས་འཚོལ་བ་དང་། ཡང་ན་བོད་པའི་ནང་ཕན་ཚུན་ཁྲག་བཞིན་དཀྲུག་མཁན་དག་གིས་གོ་སྐབས་དམ་འཛིན་གྱིས་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་བ་ཕྱེས་ཏེ། འོས་མིར་གྱུར་པའི་མྱི་དག་གི་སེམས་ཤུགས་རྒུད་པ་དང་། མི་མང་དང་དབུ་ཁྲིད་ཀྱི་བར་ལ་དབྱེན་དཀྲུགས་ཀྱི་སྦྱོར་བ་ཅིས་ཀྱང་བརྩོན་བཞིན་པ་ངེས་པར་ཤེས་དགོས་ཀྱི་འདུག དེ་ནི་དོན་དངོས་ཀྱིས་དགྲ་དགའ་གཉེན་སྡུག་གི་བགྱི་བ་ཞིག་ཡིན་ངེས་ན། འདིའི་རིགས་འུ་ཚོས་ཀྱང་མཐུན་སྒྲིལ་དང་མཉམ་རུབ་ཀྱིས་རྡུང་འདེགས་ཚ་ནན་བྱ་དགོས།

བཀུར་བར་འོས་པའི་འབྱུང་འགྱུར་གྱི་དབུ་ཁྲིད་དག་གིས་རང་གི་ཐབས་བྱུས་དང་སེམས་ཤུགས་ཡོད་རྒུས་འོས་མིར་བཞེངས་སྐབས་རང་མི་དང་རང་རིགས་སུ་ཁས་འཆེ་བ་རེ་རེས་མིང་ངན་སྣ་ཚོགས་དང་། ཉེས་ཞྭ་རེ་རེ་བཀབ་ཏེ། འུ་ཅག་གི་དབུ་ཁྲིད་དག་སྲིད་སྟེགས་སུ་འབུད་དུས་བྱ་ཐབས་བྱེད་ཐབས་མེད་པའི་གནས་སུ་འདེད་ཀྱིན་པ་འདི་སུ་ཞིག་གི་ཆོ་འཕྲུལ་ཡིན་པ་ཤེས་དགོས། ད་ནི་སེམས་རྣལ་ལ་ཕབ་ཏེ། བློ་མིག་གིས་དཔྱོད་ཀྱང་སྟོབས་ཤུགས་ཀྱི་རྡོག་རྩ་གཅིག་ཏུ་སྒྲིལ་མ་ཐུབ་ན། མཐོ་བ་དབུ་ཁྲིད་ལ་བརྙས་ཤིང་། ཆུང་བ་བྱིས་པ་ཚུན་ཆད་ནས་རྐུ་བཞིན་པའི་སྣང་ཚུལ་ཡིད་དུ་མི་རུང་བ་འདིས་འུ་ཅག་གི་མ་འོངས་པའི་ལམ་ཁ་གང་འདྲ་ཞིག་ཡིན་པ་གསལ་གསལ་ཐིང་ཐིང་རེད།

འུ་ཅག་གི་སྲིད་སྐྱོང་འོས་མི་དག་ལས་གཅིག་ནི། བོད་མིའི་དབུ་ཁྲིད་དུ་ཅིས་ཀྱང་ཡོང་ངེས་པས། དེ་དག་ལ་བརྙས་ཤིང་རྒོལ་ཐབས་བགྱི་བ་ཡུན་གྱིས་སོང་ན། འུ་ཅག་ལ་ནམ་དུ་ཡང་དབུ་ཁྲིད་ཡང་དག་པ་ཞིག་སྤྱི་ཚོགས་ནས་འཚོལ་ཐབས་མེད་ལ། དབུ་ཁྲིད་དུ་བཞེངས་ཆོག་པའི་འོས་མི་སུ་ཡང་དང་བླངས་ཀྱིས་ཞུགས་མི་སྲིད། སྐབས་དེ་འདྲ་ཞིག་ལ་འོས་མི་དག་ལ་བརྙས་ཞྭ་བཟོ་བའི་འཚེམ་པོ་བ་དག་གིས་འདོད་པ་ཚིམ་ཞིང་། བོད་རིགས་མང་ཚོགས་ཅི་བྱ་གཏོལ་མེད་ངང་ལྷག་ངེས་པ་རེད། དེའི་ཕྱིར་ན། ང་ཚོ་ལ་དགོས་པ་ནི་ནང་མི་ཕན་ཚུན་དབྱེ་སྟེ་རྩོད་རྒྱུ་མ་ཡིན་པར་མཐུན་སྒྲིལ་དང་མཉམ་རུབ་ཀྱིས་འོས་མི་དག་གི་སེམས་ཤུགས་དང་ཆོད་སེམས་ལ་ཡར་བསྐུལ་དང་རྒྱབ་སྐྱོར་བྱ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་མཐོང་།

དོན་དངོས་བྱས་ན། ངོ་དེབ་དང་སྐད་འཕྲིན་ན་ཡོད་པའི་པར་བཟོ་བ་དག་དང་། ཉེས་ཞྭ་བཟོ་མཁན་དག་གི་མིང་ཡིག་རེ་རེ་ནས་བཏུས་ཏེ། ཞིབ་གཤེར་དང་། ཚ་འདྲི་གཏང་དགོས་ཀྱི་འདུག་ལ། འདི་དག་གི་ལག་པ་དང་འདི་དག་ཁ་ཡོད་ཚོད་བཅད་ཅིང་འཚེམ་དགོས་ཀྱི་འདུག དེ་ལྟར་མ་བྱས་ན། ནམ་དུ་ཡང་འུ་ཅག་གི་དབུ་ཁྲིད་ལ་ཞྭ་མོ་བཟོ་ཞིང་པར་ངན་འགྲེམ་པར་བྱ་ངེས། དོན་དངོས་མི་རིགས་ལ་དགའ་བ་བདེན་ན། མི་རིགས་ཀྱི་མཐུན་སྒྲིལ་རྩ་བ་ཡིན། མཐུན་སྒྲིལ་མེད་པའི་མི་རིགས་ལ་སྟོབས་ཤུགས་མེད་ལ། སྟོབས་ཤུགས་མེད་པའི་མི་རིགས་ཤིག་ལ་འབྱུང་འགྱུར་གྱི་ལམ་ཁ་ཡང་དག་པ་ཞིག་ཡོད་མི་སྲིད་པ་ནི། འུ་ཚོའི་འདས་སོང་གི་ལོ་རྒྱུས་ལས་ཉམས་སུ་བླངས་ན་ཆོག་ངེས། མང་གཙོ་ནི་འོས་མི་དག་གི་འཇོན་ཐང་ངོམ་ས་ཡིན་པ་ལས། འོས་མི་དག་ལ་དོན་མེད་ཉེས་ཞྭ་བཟོ་ས་མིན་ངེས།

མང་གཙོ་ནི་སྒེར་དབང་མི་བཙན་པར་སྤྱི་ཚོགས་ཁྱོན་ཡོངས་ལ་སེམས་ཁུར་དང་། ཡང་ན་དྲང་བདེན་དང་གནས་ལུགས་ཀྱི་སྐད་ཆ་འཆད་ས་ཞིག་ཡིན་ངེས། གང་ལྟར་བོད་མི་ལ་ལ་ཞིག་གིས་མང་གཙོ་ཤེས་ཀྱི་མི་འདུག་ལ། ལྷག་ཏུ་བྱིས་པའི་སེམས་ཁམས་དང་ཡང་ན་བྱོལ་སོང་གི་འདུ་ཤེས་ལས་ད་དུང་བརྒལ་མི་འདུག

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

སྐར་མ ༥༠ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 2

  1. thapkegyatso says:
    ལོ་ 11 སྔོན།

    གནས་ལུགས་དཔྱད་བརྗོད་བློས་མ་འཆུན་པ་ནི་ཡག་རྟགས་ཤིག་ཏུ་མ་མཐོང་། ལ་ལར་སྐྱོན་གྱི་ཀོང་བུ་ཆགས་ནའང་ད་དུང་ཁུ་སིམ་མེར་འདུག་དགོས་པའི་རིང་ལུགས་འཛིན་པ་ནི་བཞད་གད་ཀྱི་གནས་ལས་མ་འདས། ཨ་འདུས་མིག་ཆུ་རང་རེད།

    Reply
  2. ཚ་བའི་སྐར་ཆེན། says:
    ལོ་ 11 སྔོན།

    དཔེ་ཡག་པོ་གསུང་འདུག ཁྱེད་འདྲ་བའི་སྐད་ཆ་ཤོད་མཁན་ཤིན་ཏུ་ཉུང་། གཞན་རྣམས་སེམས་འཁུར་ཡོད་མདོག་དང་ལྷག་བསམ་ཡོད་མདོག་གིས་གཞན་ལ་སྐྱོན་བརྗོད་རྐྱང་བྱེད་ཀྱི་འདུག

    ཨ་འདུས་མིག་ཆུ། ངོ་མ་བོད་མི་རིགས་ཀྱི་ཆེད་དུ་<<མིག་ཆུ་>>རེད་འདུག་དཱ།

    ལྷག་བསམ་དང་སེམས་ཤུགས། བསམ་འཆར་ཡོད་ན་བཤད་དགོས་ས་དེར་བཤད། ཞུ་དགོས་ས་དེར་ཞུ་དགོས་པ་རེད། ཞུ་དགོས་ས་དེར་མ་ཞུས་པར་ལྟད་མོ་བལྟས་ནས་བསྡད། ཕྱི་ལོག་ལ་རྒྱབ་བཤད་སྐྱོན་བརྗོད་རྐྱང་བྱེད་ནས་ག་རེ་ཕན་གྱི་རེད། དེ་ལ་ལྷག་བསམ་ཟེར་ལེ་མ་རེད།

    དཔེར་ན། ཞང་བློན་གྱི་བསམ་འཆར་དེའི་ནང་ཏག་ཏག་མ་བསྡད་པ་ཁ་ཤས་འདུག་ལ། གནས་ལུགས་ཡོད་པའང་ཁ་ཤས་འདུག་ན་ཡང་། དེ་འདྲའི་བསམ་འཆར་དང་ཤེས་རྟོགས་ཡོད་ན་ད་བར་སྲིད་སྐྱོང་ལ་མ་ཞུས་པ་ལྟད་མོ་བལྟས་ནས་འདུག་དོན་ཅི་རེད། ཡིག་ངག་གཉིས་ཐོག་ནས་སྲིད་སྐྱོང་ལ་བསམ་འཆར་ཞུས་མྱོང་ཨེ་ཡོད། ཡོད་ཀྱི་མ་རེད།

    དེར་བརྟེན་ཁོང་གི་སྐད་ཆ་དེར་སྣང་བ་ཏོག་ཙམ་འགྲོ་མ་སོང་། ་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese