མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་པ་ཀློད་གྲོལ་གཏང་འཆར།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ཏེ་ལོ་འཁོར་ ༧༠ ལོན་པའི་དུས་དྲན་དང་བསྟུན། རྒྱ་གཞུང་གིས་བཙོན་པ་རིགས་བཞི་ཀློད་གྲོལ་གཏང་འཆར་ཡོད་སྐོར་བསྒྲགས་འདུག

ཁ་སང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས། ཕྱི་ཟླ་ ༩ ཚེས་ ༣ ཉིན་ཏེ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་འཁོར་ ༧༠ ལོན་པའི་དུས་དྲན་དང་བསྟུན། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡ ཉིན་གྱི་ཡར་སྔོན་དུ་བཙོན་འཇུག་བྱས་ཤིང་། མ་འོངས་པར་སྤྱི་ཚོགས་བདེ་འཇགས་ལ་ཉེན་ཁ་མེད་པའི་བཙོན་པ་རིགས་བཞི་ཀློད་གྲོལ་གཏང་འཆར་ཡོད་པ་དང་། ཐེངས་འདིའི་ཉེས་ཅན་གུ་ཡང་གི་ལས་གཞིའི་ཁྲོད་ནས་བཙོན་པ་སྟོང་ཕྲག་འགའ་ལ་ཀློད་གྲོལ་འཐོབ་རྒྱུ་ཡིན་ལུགས་བརྗོད་འདུག

བཙོན་གྲོལ་གཏང་འཆར་གྱི་བཙོན་པ་རིགས་བཞིའི་གྲས་ཀྱི་དང་པོ་ནི་འཇར་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་ནང་ཞུགས་མྱོང་བའི་བཙོན་པ་དང་། གཉིས་པ་རྒྱ་ནག་དམར་ཤོག་གཞུང་བཙུགས་རྗེས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ཆེད། རྒྱལ་སྲུང་དམག་ནང་ཞུགས་མྱོང་ཞིང་ནག་ཉེས་ཚབས་ཆེན་བསགས་མེད་པའི་བཙོན་པ། གསུམ་པ་ལོ་བདུན་བཅུ་དོན་ལྔ་ཟིན་པ་དང་དབང་བོར་སྐྱོན་ཚབས་ཆེན་ཡོད་པའི་རང་མགོ་མི་ཐོན་པའི་བཙོན་པ། བཞི་པ་ནག་ཉེས་བཟོ་སྐབས་ལོ་བཅོ་བརྒྱད་ལ་སོན་མེད་པ་དང་། ལོ་གསུམ་མན་ཆད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ད་ལྟ་བཙོན་འཇུག་དུས་ཡུན་རྫོགས་རྒྱུར་ལོ་གཅིག་ཀྱང་ལྷག་མེད་པའི་ཉེས་ཅན་ཚབས་ཆེན་མ་ཡིན་པའི་བཙོན་པ་བཅས་ཡིན་འདུག

གཞན་ཡང་། ཁ་སང་ཝི་ཏི་ནམ་སྲིད་གཞུང་གིས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པར་ཧྥ་རན་སིའི་དབང་སྒྱུར་འོག་ནས་ཝི་ཏི་ནམ་ལ་རང་བཙན་ཐོབ་སྟེ་ལོ་ངོ་ ༧༠ འཁོར་བའི་རྒྱལ་སྟོན་གྱི་ཉིན་མོ་དང་བསྟུན། ཕྱི་ཟླ་ ༩ ཚེས་ ༣༡ ཉིན་ནས་བཟུང་ཕྱི་གླིང་གི་བཙོན་པ་ ༣༤ ཚུད་པའི་རྒྱལ་ནང་གི་མི་གསོད་དང་ནག་ཚོང་སོགས་ཀྱི་ཉེས་ཆད་འཁུར་བཞིན་པའི་བཙོན་པ་ཁྲི་གཅིག་དང་སྟོང་ཕྲག་ ༨ ཀློད་གྲོལ་གཏང་རྒྱུ་ཁག་ཐེག་བྱས་ཡོད་འདུག

ཝི་ཏི་ནམ་གཞུང་གི་བཙོན་གྲོལ་ཁག་ཐེག་ནང་ཆབ་སྲིད་བཙོན་པ་ཚོ་ཀློད་གྲོལ་གཏང་རྒྱུ་ཡིན་མིན་ཐད་གསལ་ཁ་ཅི་ཡང་བཟོས་མེད་སྟབས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་ཁག་དང་། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཅིག་གིས་ཝི་ཏི་ནམ་གཞུང་གིས་རང་གི་ཁ་གཏད་ཚོགས་པའི་མི་སྣ་མང་པོ་བཙོན་འཇུག་བྱས་ཡོད་པ་མ་ཟད། རྒྱལ་ནང་གི་ཆབ་སྲིད་ལས་འགུལ་བ་བརྒྱ་ཕྲག་མང་བོ་འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་བཅུག་ཡོད་ཀྱང་། དེ་ཚོ་ཀློད་གྲོལ་གཏོང་རྒྱུ་ཡིན་མིན་ཐད་ཅི་ཡང་བཤད་མེད་པའི་སྐྱོན་བརྗོད་བྱས་འདུག

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese