མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་ཆེན་གཉིས་པའི་དྲན་གསོ།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་རྗེས་མའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་ངོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་བྱ་རྒྱུ་ཡིན་འདུག

ཟླ་རྗེས་མའི་ཚེས་ ༣ ཉིན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། རྒྱ་ནག་གཞུང་གིས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་ངོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་བྱ་རྒྱུ་ཡིན་པ་དང་། མཛད་སྒོའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁེ་མོན་ལགས་ཀྱི་དབུས་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་དང་། ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་པག་གྷེན་ཧེ་ (Park Geun-hye) དང་བྱང་ཀོ་རི་ཡའི་མཐོ་རིམ་དཔོན་རིགས་སོགས་རྒྱལ་སྤྱིའི་དཔོན་རིགས་ ༣༠ ཙམ་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

མཛད་སྒོའི་ཐོག་རྒྱ་ནག་གི་དམག་ཆེན་གཉིས་པའི་སྐབས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གི་སྐུ་ཚབ་མགྲོན་འབོད་བྱས་ནས་གཞི་རྒྱ་ཆེ་བའི་མཛད་སྒོ་ཞིག་འཚོགས་ཏེ། ཨུ་རུ་སུ་དང་རྒྱ་ནག་གི་དམག་དཔུང་གིས་དམག་རྩེད་རུ་སྒྲིག་བྱ་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་པར་བརྟེན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་ཁག་ཅིག་གིས་དུས་དྲན་ཐོག་ཞུགས་རྒྱུ་ཕྱིར་འཐེན་བྱས་པར་བྷན་ཁེ་མོན་ལགས་ཀྱིས་གདུང་སེམས་མཉམ་སྐྱེད་བྱ་དགོས་སྐོར་གསུངས་ཡོད་སྟབས། ཉི་ཧོང་གཞུང་གིས་ཁོང་ལ་མ་འདོད་པའི་རྣམ་འགྱུར་བསྟན་འདུག

ཤིན་ཧྭ་གསར་ལམ་ཐོག་བྷན་ཁེ་མོན་ལགས་ཀྱིས། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྒྱ་ནག་གིས་བློས་གཏོང་དང་ལེགས་སྐྱེས་ཆེན་པོ་ཕུལ་པར་རྗེས་སུ་ཡི་རང་ཞུ་རྒྱུ་དང་སྦྲགས། ཁོང་ཚོར་འཛམ་གླིང་མི་མང་གིས་གདུང་སེམས་མཉམ་སྐྱེད་ཞུ་དགོས། ང་ཚོས་འདས་པའི་ཉམས་མྱོང་བླངས་ཏེ། མ་འོངས་པའི་འཛམ་གླིང་འདི་ཞི་བདེ་དང་འཆམ་མཐུན་ལྡན་པ་ཞིག་ཏུ་འགྱུར་ཐབས་བྱ་རྒྱུ་ནི་ང་ཚོའི་དོན་དངོས་ཀྱི་ཕུགས་བསམ་ཡིན་པར་བརྟེན། ད་ལན་ང་རང་རྒྱ་ནག་ལ་བསྐྱོད་ནས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་བའི་དུས་དྲན་སྲུང་གཙི་ཞུ་རྒྱུ་ཡིན། ཞེས་བརྗོད་ཡོད་སྟབས། ཉི་ཧོང་ཕྱི་སྲིད་བློན་ཆེན་གྱིས་བྷན་ཁེ་མོན་ལགས་ནི་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཟུར་པ་ཡིན་པ་མ་ཟད། རྒྱ་ནག་དང་ང་ཚོའི་འབྲེལ་ལམ་གང་འདྲ་ཡོད་མེད་གསལ་པོ་མཁྱེན་མཁན་ཞིག་ཡིན་སྟབས། ད་རེས་དམག་ཆེན་གཉིས་པ་མཇུག་སྒྲིལ་བའི་དུས་དྲན་ཐོག་ཕེབས་རྒྱུ་ཐག་གཅོད་གནང་བ་དེ། ང་ཚོའི་རྨ་ཁར་ཚྭ་གཤོས་པ་རང་རེད། ཅེས་བརྗོད་འདུག

ད་ལྟ་རྒྱལ་སྤྱིའི་ལོ་རྒྱུས་མཁས་པ་མང་པོ་ཞིག་གིས་ཕྱི་ལོ་ ༡༩༣༧ ལོར་ཉི་ཧོང་གིས་རྒྱ་ནག་ལ་བཙན་འཛུལ་བྱས་རྗེས། འཛམ་གླིང་དམག་ཆེན་གཉིས་པ་མགོ་བཙུགས་པ་ལས་ ༡༩༣༩ ལོར་མགོ་འཛུགས་བྱས་མེད་པའི་དཔྱད་རྩོམ་མང་པོ་ཞིག་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་སྤེལ་བཞིན་འདུག ཟླ་འདིའི་ཚེས་ ༢༨ ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཚན་རིག་ཁང་གི་སྤྱི་ཁྱབ་དྲུང་ཆེ་རོ་བྷར་ཌི་ཧྥན་ (Robert Frank) གྱིས། ཧྥ་རན་སིས་འཛམ་གླིང་དམག་ཆེན་གཉིས་པའི་དུས་སྐབས་ ༡༩༣༩ ནས་ ༡༩༤༥ ལོ་བར་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། དམག་འཁྲུག་དེ་ཨེ་ཤ་ཡ་ནས་མགོ་བཙུགས་ཡོད་པ་ལས་ཡུ་རོབ་ནས་མགོ་བཙུགས་མེད་པ་མ་ཟད། ཡུ་རོབ་གྱི་དམག་འཁྲུག་ཀྱང་མིན་སྟབས། ད་ལྟ་ང་ཚོས་ཡུ་རོབ་ཀྱིས་དམག་ཆེན་གཉིས་པར་འཛིན་པའི་ལོ་ཚིགས་ལ་འགྱུར་བ་བཏང་སྟེ། དམག་འཁྲུག་དེ་ཨེ་ཤ་ཡ་ནས་མགོ་བཙུགས་ཡོད་པ་དང་ལེན་བྱེད་དགོས་ཞེས་དང་། ཡང་༼བརྗེད་ཐབས་བྲལ་བའི་མཐུན་གྲོགས། རྒྱ་ནག་གི་དམག་ཆེན་གཉིས་པ༽ (Forgotten Ally: China’s World War II, 1937-1945) ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་མེ་ཋར་ (Rana Mitter) གྱིས། དབྱིན་ཡུལ་དང་ཧྥ་རན་སི། ཨ་རི་སོགས་ལ་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་ཀྱིས་དྲག་གནོན་མ་བྱས་གོང་། ༡༩༣༧ ལོར་རྒྱ་ནག་ལ་ཉི་ཧོང་གོང་དམག་གིས་བཙན་འཛུལ་བྱས་ཡོད་སྟབས། འཛམ་གླིང་དམག་ཆེན་གཉིས་པ་མགོ་འཛུགས་བྱས་ཡོད་པ་བརྗོད་ཡོད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese