མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་འཁྲུག་ཁྲོད་ཀྱི་སློབ་གསོའི་བྱ་བ།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་མ་དངུལ་ཐེབས་རྩ་ཁང་གིས་དམག་འཁྲུག་རྐྱེན་པས་དཀྱིལ་ཤར་ཡུལ་གྲུའི་བྱིས་པ་ས་ཡ་ ༡༣ ཙམ་སློབ་གྲྭར་འགྲོ་ཐུབ་མེད་སྐོར་བརྗོད་འདུག

e08d2997-c1ca-430e-ae87-a538021af295wallpaper1-1ཁ་སང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་མ་དངུལ་ཐེབས་རྩ་ཁང་ (UNICEF) གིས་ ༼དམག་འཁྲུག་འོག་གི་ཤེས་ཡོན་སློབ་གསོ།༽ཞེས་པའི་སྙན་ཐོ་ཞིག་བཏོན་ཏེ། ཉེ་ལམ་དཀྱིལ་ཤར་ཡུལ་གྲུ་དང་ནུབ་ཨ་ཧྥི་རི་ཁའི་ནང་དམག་འཁྲུག་བྱུང་ནས་བྱིས་པ་ས་ཡ་ ༡༣ ལྷག་སློབ་གྲྭར་འགྲོ་ཐུབ་མེད་སྟབས། ད་ལྟ་ཁོ་ཚོའི་མ་འོངས་མདུན་ལམ་ལ་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་པ་ཕྱི་བསྒྲགས་བྱས་འདུག

རོའུ་ཌར་གསར་ལམ་ཐོག་དཀྱིལ་ཤར་ཡུལ་གྲུ་དང་ནུབ་ཨ་ཧྥི་རི་ཀའི་མངའ་ཁུལ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་མ་དངུལ་ཐེབས་རྩ་ཁང་གི་འགན་འཛིན་པི་ཌར་སཱ་ལཱ་མཱ་ (Peter Salama) ལགས་ཀྱིས། འདས་པའི་ལོ་ཤས་གོང་ནས་བཟུང་དཀྱིལ་ཤར་ཡུལ་གྲུ་དང་ནུབ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ནང་དམག་འཁྲུག་གི་གོད་ཆག་ཤུགས་ཆེ་བྱུང་ཡོད་སྟབས། ད་ལྟ་སི་རེ་ཡ་དང་ཨི་རག ཡེ་མན་དང་ལི་བྷེ་ཡའི་མི་རབས་གསར་པ་ཚོར་ཤེས་ཡོན་སྦྱོང་རྒྱུའི་གོ་སྐབས་དམན་པར་བརྟེན། མཚོ་ཐོག་བརྒྱུད་གྷེར་སི་དང་ཨི་ཌ་ལི་སོགས་ནང་སྐྱབས་བཅོལ་དུ་ཡོང་སྟེ། ཤེས་ཡོན་གྱི་གོ་སྐབས་ཐབས་འཚོལ་བྱེད་བཞིན་ཡོད་ཀྱང་། ད་དུང་རྒྱལ་ཁབ་མང་པོ་ཞིག་གིས་ཁོ་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་དགོས་མཁོ་བསྐྲུན་རྒྱུར་དང་ལེན་བྱེད་ཀྱི་མེད། ཅེས་བརྗོད་འདུག

སྙན་ཐོའི་ནང་། སི་རེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ལེ་བྷ་ཎན་དང་ཇོར་ཌན། ཀྲར་ཀི་དང་སུ་ཌན། པ་ལི་སི་ཐན་བཅས་ཀྱིས་དཀྱིལ་ཤར་ཡུལ་གྲུའི་སྐྱབས་བཅོལ་བ་མང་པོར་སྡོད་གནས་དང་འཚོ་བའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་བཞིན་ཡོད། ཨི་རག་དང་སི་རེ་ཡ། ཡེ་མན་དང་ལི་བྷེ་ཡ་བཅས་ཀྱི་ནང་ཨི་རག་དང་སི་རེ་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གིས་ཡུལ་བདེ་ཞི་འཇགས་གཏོར་བཅོམ་དང་། སློབ་གྲྭ་དང་སློབ་གསོའི་བསྟི་གནས་ཁག་ལ་གཏོར་རྒོལ་བཏང་དང་གཏོང་བཞིན་ཡོད་སྟབས། ད་ལྟ་རྒྱལ་ཁབ་དེ་དག་གི་སློབ་གྲྭ་ ༩༠༠༠ ཙམ་སྒོ་རྒྱག་དགོས་ཐུག་ཡོད་པ་མ་ཟད། དགེ་རྒན་སྟོང་ཕྲག་མང་པོས་ལས་གནས་བསྐྱུར་བ་དང་ཕྲུ་གུར་ཤེས་ཡོན་སྦྱོང་རྒྱུའི་གོ་བསྐལ་མེད་པ་སོགས་ཆགས་ཏེ། རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་འགྲོ་དགོས་བྱུང་ཡོད། ད་ལྟ་སྐྱབས་བཅོལ་སྤྲོད་མཁན་རྒྱལ་ཁབ་ཁག་གིས་མི་འབོར་ཆེ་བའི་སྐྱབས་བཅོལ་བའི་བུ་ཕྲུག་དག་ལ་སློབ་སྦྱོང་སྤྲོད་རྒྱུར་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་སོ་སོའི་སློབ་གསོའི་བྱ་གཞག་ལ་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་སྟབས། ད་ཆ་སི་རེ་ཡ་དང་ཨི་རག ཡེ་མན་དང་ལི་བྷེ་ཡ། ནེ་ཇེ་རི་ཡ་བཅས་ཀྱི་བུ་ཕྲུག་ས་ཡ་ ༡༣ དང་འབུམ་༣༠ ལྷག་ལ་ཤེས་ཡོན་གྱི་གོ་སྐབས་མེད་པར་གྱུར་བཞིན་ཡོད། ཅེས་བཀོད་འདུག

ཉེ་ལམ་ལོ་ཤས་ནས་བཟུང་དཀྱིལ་ཤར་ཡུལ་གྲུ་ཁག་ནང་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་སྟབས། ད་ཆ་རྒྱལ་ཁབ་དེ་དག་གི་ཡུལ་མི་མང་ཆེ་བ་དམག་ཆེན་གཉིས་པའི་སྐབས་ལྟར་རྒྱལ་ཁབ་གཞན་ནང་ཉེན་ཡོལ་འགྲོ་དགོས་བྱུང་བཞིན་ཡོད་པ་མ་ཟད། བུ་ཕྲུག་དག་ནང་མིའི་འཚོ་བ་ཆེད་སློབ་གྲྭ་ནས་འདོན་ཏེ་ལས་ཀ་བྱེད་དགོས་སྟབས། ཁོ་ཚོ་མང་པོ་ཞིག་འཇིགས་སྐུལ་རིང་ལུགས་པའི་ཤོག་ཁག་ནང་འཛུལ་བཞིན་ཡོད། ད་ལྟ་དཀྱིལ་ཤར་ཡུལ་གྲུའི་བྱིས་པ་དང་དགེ་རྒན་མང་པོ་ཞིག་འཇིགས་སྐུལ་རིང་ལུགས་པས་བསད་པ་དང་བཙན་ཁྲིད། སློབ་གྲྭ་སྒོ་བརྒྱབ་དགོས་ཐུག་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་དེ། མི་རབས་གསར་པ་ཚོར་སྐྱི་གཡའ་བའི་སྡུག་བསྔལ་དང་མདུན་ལམ་མེད་པ་སོགས་མ་འོངས་རྒྱལ་ཁབ་འཛུགས་སྐྲུན་ཐོག་བསམ་བརྗོད་ལས་འདས་པའི་གྱོང་གུད་ཤུགས་ཆེ་འཕྲད་བཞིན་ཡོད།

དབྱིན་ཡུལ་གྱི་གྷར་ཌིན་གྱིས་དཀྱིལ་ཤར་ཡུལ་གྲུའི་དམག་འཁྲུག་གི་རྐྱེན་པས་མང་ཚོགས་ཀྱི་བདེ་འཇགས་དང་འཚོ་བར་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་སྟབས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་སྐྱབས་བཅོལ་ཡོང་མཁན་ཚོར་བཀག་འགོག་མ་བྱས་པར་སྡོད་གནས་དང་འཚོ་བའི་མཐུན་རྐྱེན་སྦྱར་ཏེ། ཁོ་ཚོའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་འགན་འཁྲི་ཆགས་ཡོད། ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡

མཆན། 2

  1. cm4100 says:
    ལོ་ 11 སྔོན།

    དུས་བབ་དྲྭ་ཚིགས་ལ་དྲྭ་ངོས་གསར་བཟོ་སྤུས་གཙང་ཞིག་བྱུང་བར་རྟེན་འབྲེལ་ཞུ།

    Reply
  2. ཕུན་སུམ་ཚོགས། says:
    ལོ་ 11 སྔོན།

    ཀྱེ་མ། ཉེས་མེད་ཀྱི་བྱིས་པ་དེ་ཚོ་ལས་དབང་ངན་པའི་འོག་ཏུ་ཚུད་པ། གོ་ལ་འདིའི་སྟེང་ཞི་བདེའི་འོད་མདངས་ཤིག་མྱུར་དུ་གསལ་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese