མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་མི་ཁྲི་ ༣༠ ཉུང་དུ་གཏོང་འཆར།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་འཇར་འགོག་དུས་སྟོན་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་དམག་ཁྲི་ ༣༠ ཉུང་དུ་གཏོང་རྒྱུ་ཡིན་ལུགས་བསྒྲགས་འདུག

 

F2015090314280054867302489 ཁ་སང་རྒྱ་ནག་གཞུང་གིས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་པ་དང་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༧༠ འཁོར་བའི་དུས་སྟོན་སྲུང་གཙི་བྱས་ཡོད་པ་དང་། མཛད་སྒོའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁེ་མོན་ (Ban Ki-moon) ལགས་དང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན། ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་པག་གྷེན་ཧེ་ (Park Geun-hye) སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་དཔོན་རིགས་ ༣༠ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མཁའ་དམག་དང་མཚོ་དམག རྐང་དམག་སོགས་ཀྱི་དམག་དཔུང་རུ་སྒྲིག་གིས་རྔམ་སྟོན་བྱས་ཡོད་པ་མ་ཟད། མེ་ཤུགས་འཕུར་མདེལ་སོགས་གོ་མཚོན་གསར་པ་འགའ་ཞིག་གི་ཟིལ་ཤུགས་ངོམ་ཡོད་འདུག

 

མཛད་སྒོའི་ཐོག་སྲིད་འཛིན་ཞི་ཅིན་ཕིན་གྱིས་གཏམ་བཤད་བྱེད་སྐབས། རྒྱ་ནག་མི་མང་གིས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་སི་ཛེམ་ (Fascism) ལ་རྒོལ་རྡུང་གཏོང་བའི་དམག་འཁྲུག་ནི་བདེན་དོན་དང་གདུག་རྩུབ་སོགས་ལོག་སྤྱོད་ཀྱི་ཡ་ང་བའི་འཐབ་འཁྲུག་ཁྲོད། རྒྱ་ནག་མི་མང་གི་འཇར་འགོག་དམག་འཁྲུག་ནི་དུས་ཚོད་སྔ་ཤོས་ཡིན་ལ། འཐབ་འཁྲུག་གི་དུས་ཡུན་རིང་ཤོས་ཡིན་ཡང་། ཀྲུང་ཧྭའི་བུ་རྒྱུད་ཡོངས་ཀྱིས་བཙན་འཛུལ་པའི་མདུན་ནས་དཔའ་ངར་ཞུམ་པ་མེད་པའི་འཐབ་འཛིང་བྱས་ཏེ་ཉི་ཧོང་བཙན་རྒྱལ་རིང་ལུགས་རྩ་བ་ནས་ཕམ་པར་བཏང་པ་དེས། ཀྲུང་ཧྭ་མི་མང་གི་ལོ་ངོ་ ༥༠༠༠ ལྷག་གི་དཔལ་ཡོན་ལ་སྲུང་འཛིན་བྱས་པ་དང་། མིའི་རིགས་ཀྱི་ཞི་བདེའི་ལས་དོན་ལ་སྲུང་སྐྱོབ་བྱས་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱིས་དཔའ་ཉམས་ལྡན་པའི་ཟིན་ཐོ་བསྐྲུན་པ་རེད། རྒྱ་ནག་མི་མང་གི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ནི། ཉེ་རབས་ལོ་རྒྱུས་ཁྲོད་ཕྱིའི་བཙན་འཛུལ་ཕམ་པར་བྱས་པའི་རྒྱལ་ཁ་དང་པོ་དེ་ཡིན་ལ། རླབས་ཆེན་གྱི་རྒྱལ་ཁ་འདི་ཡིས་ཉི་ཧོང་བཙན་རྒྱལ་རིང་ལུགས་ཀྱིས་རྒྱ་ནག་མི་སེར་སྤེལ་ཡུལ་བྱས་ཏེ་ངན་ཇུས་རྩ་བ་ནས་གཏོར་བ་དང་། ཉེ་རབས་ལོ་རྒྱུས་ཁྲོད་རྒྱ་ནག་གིས་ཕྱིའི་བཙན་འཛུལ་ཁྲོད་ཕམ་ཁ་ཐེངས་མང་ཉོས་པའི་མི་རིགས་ཀྱི་ངོ་ཚ་དེ་གཙང་དག་བྱས་པ་རེད་ཅེས་སོགས་བརྗོད་པ་དང་། ཁོས་མུ་མཐུད་དུ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་དམག་མི་དུང་ཕྱུར་ ༡ ཙམ་ཤི་རྨས་བྱུང་ཡོད་པ་དང་དེའི་ནང་རྒྱ་ནག་གི་མི་འབུམ་ ༣༥༠ ཙམ་ཤི་རྨས་བྱུང་ཡོད། སུའུ་ལེན་གྱི་མི་འབུམ་ ༢༧༠ ཙམ་ཤི་ཡོད། ཅེས་སོགས་བརྗོད་འདུག

 

Img415404461ཡང་ཁོ་བོས་ཞི་བདེ་སྲུང་སྐྱོབ་དང་དམག་མི་ཇེ་ཉུང་དུ་གཏོང་རྒྱུའི་ཐད། ང་ཚོས་མིའི་རིགས་ཀྱི་སྐྱིད་སྡུག་མཉམ་གནས་ཀྱི་འདུ་ཤེས་བརྟན་པོ་བྱེད་དགོས། ཕྱོགས་ཞེན་དང་མཐོང་ཆུང་། ཞེ་འཁོན་དང་དམག་འཁྲུག་གིས་གོད་ཆག་དང་སྡུག་བསྔལ་སློང་བ་ལས་ཅི་ཡང་མེད་སྟབས། ང་ཚོས་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ། ཞི་བདེ་འཕེལ་རྒྱས་ཡོང་རྒྱུ་ནི་ད་གཟོད་མིའི་རིགས་ཀྱི་འགྲོ་ལུགས་རེད། འཛམ་གླིང་གི་རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་རྩ་དོན་གཞིར་བཟུང་བའི་རྒྱལ་སྤྱིའི་སྒྲིག་སྲོལ་དང་རྒྱལ་སྤྱིའི་མ་ལག་ལ་སྲུང་གཙི་བྱེད་དགོས། རང་འགུལ་གྱིས་མཉམ་ལས་མཉམ་དར་གྱི་རྒྱལ་སྤྱིའི་འབྲེལ་བ་གསར་བ་འཛུགས་བསྐྲུན་བྱེད་པར་ཧུར་བརྩོན་བྱེད་དགོས་པ་མ་ཟད། མཉམ་དུ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་གཏོང་བའི་བྱ་གཞག་ལ་སྐུལ་འདེད་བྱེད་དགོས་ཡོད། ཅེས་དང་། འཛམ་གླིང་ཞི་བདེ་སྲུང་འཛིན་བྱེད་རྒྱུའི་རླབས་ཆེའི་འགན་འཁྲི་ལག་བསྟར་བྱེད་དགོས་པས་ངས་ཡོངས་བསྒྲགས་བྱེད་རྒྱུར། རྒྱ་ནག་གི་དམག་མི་ཁྲི ༣༠ ཉུང་དུ་གཏོང་རྒྱུ་ཡིན། ཞེས་སོགས་བརྗོད་འདུག

 

རོའུ་ཊར་གསར་ལས་ཁང་གིས་སྐབས་དེའི་གནས་ཚུལ་སྤེལ་བའི་ནང་། ད་རེས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་མང་ཆེ་བ་དུས་སྟོན་བྱེད་སྒོ་དེའི་ཐོག་ཞུགས་མེད་པའི་གནས་སྟངས་འོག ཞི་ཅིན་ཕིན་གྱིས་དམག་མི་འབུམ་གསུམ་ཉུང་འཕྲི་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དེའི་ཐོག་ནས། ད་ཡོད་རྒྱ་ནག་དམག་མིའི་གྲངས་འབོར་ས་ཡ་གཉིས་དང་འབུམ་གསུམ་གྱི་བརྒྱ་ཆ་ ༡༣ ཉུང་དུ་བཏང་བ་ཞིག་ཆགས་ཀྱི་ཡོད་པ་རེད། ཡིན་ན་ཡང་། ཉུང་འཕྲི་ག་དུས་བྱེད་མིན་གསལ་ཁ་བཏོན་མེད་ལུགས་བརྗོད་འདུག

 

ཐའེ་ཝན་མིན་པའོ་ཚགས་པར་གྱིས་རྒྱ་ནག་གི་དམག་དཔུང་རུ་སྒྲིག་བྱེད་པ་ནི་ཕྱི་རྫིག་ནང་སྟོང་གི་འཁྲབ་སྟོན་ཙམ་ཡིན་པ་དང་། དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གི་དམག་དཔུང་གོ་མིན་ཏང་དང་། གུང་ཁྲན་ཏང་གིས་ཕམ་ཉེས་བཏང་བ་ཞིག་མིན་པར་གཙོ་བོ་ཨ་རིས་ཕམ་ཉེས་བཏང་བ་དང་། དེའི་རྗེས་སུའུ་ལེན་དམག་གི་རོགས་སྐྱོར་འོག་ཉི་ཧོང་ཕམ་ཉེས་བཏང་བ་ཞིག་ཡིན་སྐོར་བཀོད་འདུག

 

ཉི་ཧོང་གཞུང་འབྲེལ་ཆེས་མཐོའི་མགྲིན་ཚབ་པ་ཡོ་ཤེ་ཧེ་དྷི་སོ་ཀཱ་ (Yoshihide Suga ) ཡིས་བརྒྱུད་ལམ་ཁག་ལ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་རྒྱ་ནག་གིས་ཀྲོག་ཁྱོག་ (Tokyo) ཕམ་ཉེས་བཏང་བའི་ལོ་འཁོར་ ༧༠ ཡི་དུས་སྟོན་ཐོག སྲིད་འཛིན་ཞི་ཅིན་ཕིན་གྱིས་གཏམ་བཤད་ནང་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་གོང་འཕེལ་གཏོང་རྒྱུའི་ཐད་ཟུར་ཙམ་ཡང་བརྗོད་མེད་པ་དེ་ཧ་ཅང་བློ་ཕམ་དགོས་པ་ཞིག་རེད། ཅེས་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་རྒྱ་ནག་གི་དམག་དཔུང་རྔམ་སྟོན་གྱི་དུས་སྟོན་ཐོག་ཞུགས་པ་དེར་སྐྱོན་བརྗོད་དང་། མཉམ་འབྲེལ་རྒྱལ་ཚོགས་དུས་ནམ་ཡང་ཕྱོགས་སུ་མ་ལྷུང་བ་བྱ་དགོས་སྐོར་སོགས་བརྗོད་ཡོད་འདུག

 

དེ་རིང་ཐའེ་ཝན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཐའེ་ཝན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་ཟུར་བ་ལིན་ཁྲན་(Lien Chan)རྒྱ་གཞུང་གི་དུས་སྟོན་ཐོག་ཞུགས་ཏེ། མདང་དགོང་ཆུ་ཚོད་ ༡༡ སྟེང་ཐའེ་ཝན་གནམ་ཐང་དུ་ཕྱིར་འབྱོར་སྐབས། ཐའེ་ཝན་གྱི་གཞོན་སྐྱེས་ཁག་ཅིག་གིས་ཁོ་ལ་ལྷམ་གྱིས་གཞུས་པ་སོགས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 4

  1. བློ་གྲོས། says:
    ལོ་ 11 སྔོན།

    རྒྱ་གུང་ཁྲན་ཕྱི་རྫིག་ནང་སྟོང་རེད།།

    Reply
  2. བོད་མི་དམངས། says:
    ལོ་ 11 སྔོན།

    ༡༩༤༥ ལོའི་ཟླ་༥ པའི་ནང་ཡུ་རོབ་ནང་འཛམ་གླིང་དམག་ཆེན་གཉིས་པ་མཇུག་རྫོགས་ཡོད་ཀྱང་། ཉི་ཧོང་གིས་ཨེ་ཤ་ཡ་ཤར་ལྷོ་བཙན་བཟུང་གི་བྱ་སྤྱོད་སྤེལ་སྐབས། ཨ་རིའི་གནམ་དམག་(USAAF)གིས་ལོ་དེའི་ཟླ་༨ ཚེས་ནང་ཉི་ཧོང་གི་གྲོང་ཁྱེར་ཧེད་རོབ་ཤེ་མ་དང་ནཱ་གྷ་ས་ཀེ་གཉིས་རྡུལ་མཚོན་གཡུག་སྟབས། ཉི་ཧོང་གིས་སྔོན་འགྲོ་ཆ་རྐྱེན་གང་ཡང་མེད་པར་མགོ་བཏགས་པ་རེད། གལ་སྲིད། ཨ་རིས་རྡུལ་མཚོན་གཉིས་གཡུག་མེད་ཚེ་རྒྱ་ནག་གུང་ཇག་དང་མིན་ཇག་གཉིས་ཀྱིས་ཉི་ཧོང་སྟོབས་ཆེན་རྒྱལ་ཁབ་ཕམ་བཟོ་ཁག་པོ་རེད། མ་གཞི་རྒྱ་ནག་གི་འཇབ་རྒོལ་དམག་འཁྲུག་ཟེར་གུང་ཁྲན་ཏང་ཇག་ཚོགས་ཀྱིས་དེ་ཙམ་བརྒྱབ་མེད་པ་རེད།

    ཐེངས་འདིར་ཞི་ཅིན་ཕིན་གྱིས་རྒྱ་ནག་གུང་ཁྲན་ཏང་གི་བཅིངས་འགྲོལ་དམག་གིས་ཉི་ཧོང་བཙན་རྒྱལ་རིང་ལུགས་ཕམ་པར་བརྒྱབ་སྟེ་འཛམ་གླིང་དམག་ཆེན་གཉིས་པར་རྒྱ་ནག་ལ་རྒྱལ་ཁབ་ཐོབ་ནས་ལོ་ ༧༠ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་པའི་འུར་བརྗོད་བཤད་ཞོར་དམངས་སེམས་འགུག་ཐེབས་དང་། ལྷོ་རྒྱ་ནག་རྒྱ་མཚོ་ནང་མཚོ་གླིང་རྩོད་རྙོག་ཡོད་པའི་རྒྱལ་ཁབ་ཁག་ལ་དམག་དོན་རྫིག་ཉམས་མངོན་པ་དང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོས་རྒྱ་ནག་གི་དམག་དོན་མཚོན་ཆ་ཉོ་ཚོང་བྱེད་པར་འདོད་རྔམ་ལངས་བཅུག་པ་རེད།

    ཐེངས་འདིའི་མཛད་སྒོ་སྟེང་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་མང་ཤོས་རྒྱ་ནག་གི་མགྲོན་འབོད་བྱས་པ་ལྟར་ཕེབས་མེད་ཀྱང་། ཡུ་རོབ་རྒྱལ་ཁབ་ཅེ་ཁུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེབས་པ་ལ་ནུབ་ཕྱོགས་རྒྱལ་ཁབ་ཚོས་སྐྱོན་བརྗོད་ཤུགས་བྱས་ཡོད། གཞན། ཉིན་དེར་ཨ་རི་དང་རྒྱ་གར། ཉི་ཧོང། ཨོ་སི་ཀྲོ་ལི་ཡཱ་གསུམ་གྱིས་ཨེ་ཤ་ཡེའི་ཤར་ལྷོ་ཁུལ་དུ་ཞི་ཅིན་ཕིན་གྱི་རྒྱ་སྐྱེད་རིང་ལུགས་ཀྱི་འདུ་ཤེས་ལ་སྔོན་འགོག་བྱེད་རྒྱ་གར་ཧིན་དྷི་རྒྱ་མཚོ་ནང་མཚོ་དམག་སྦྱོང་བརྡར་ཤུགས་ཆེན་བྱས་ཡོད་པ་རེད།

    དམག་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། ཐེངས་འདིར་རྒྱ་ནག་གིས་མཚོན་ཆ་དང་དམག་འཐབ་དམག་གྲུ་སོགས་འགྲེམས་སྟོན་བྱས་པའི་ཁྲོད་ཀྱི་མཚོན་ཆ་དང་དམག་འཐབ་དམག་གྲུ་སོགས་ཀྱི་བཟོ་དབྱིབས་ཨ་རི་དང་ཨུ་རུ་སུ། ཨི་ཊ་ལི་སོགས་ལ་པར་བཤུས་བྱས་ཡོད་ཀྱང་། དེ་དག་གི་ལས་བྱེད་ནུས་པ་དང་འཕྲུལ་ཆས་མ་ལག་སོགས་ཀྱི་རྒྱུ་ཆ་གོང་གི་རྒྱལ་ཁབ་ཚོ་ལས་ཞན་པོ་ཡོད་པ་དང་། ཟླ་སྔོན་མའི་ཚེས་ཟླ་དཀྱིལ་ནས་ཟླ་མཇུག་བར་པེ་ཅིན་གྲོང་ཁྱེར་རུ་གནམ་དམག་གིས་དུས་ཆེན་གྲ་སྒྲིག་གི་སྦྱོང་བརྡར་སྤྲོད་སྐབས་མཁའ་དམག་གནམ་གྲུ་གསུམ་བཞི་ཙམ་བརྡབ་སྐྱོན་བྱུང་པའི་གནས་ཚུལ་གསང་ཡོད་པ་དང་། ད་རུང་དམག་མི་དཔུང་སྒྲིག་མཉམ་སྐྱོད་ཁྲོད་ཀྱི་དམག་མི་མང་ཤོས་ནི་དམག་མི་ངོ་མ་མ་རེད་ཅེས་བརྗོད་འདུག

    སུ་ཏཱ་ལིན་གྱིས་མི་ས་ཡ་ ༧ ཙམ་དམར་གསོད་བྱས་པ་དང་མའོ་ཙེ་ཏུང་གིས་མི་ས་ཡ་༡༠ ལྷག་དམར་གསོད་བྱས་ཡོད་པ་་རེད། ཡ་ཡ་ཡ་འདི་ཙམ་གྱི་འགྲིག་པ་བྱ་ཆོག་

    Reply
  3. སྙིགས་བདག says:
    ལོ་ 11 སྔོན།

    ཡ་ཡ་ཡག་་པོ་འདུག

    Reply
  4. སྙིགས་བདག says:
    ལོ་ 11 སྔོན།

    རྒྱ་ནག་ཕྱི་རྫིག་ནང་སྟོང་ཞིག་ག་བ་ག་བ།
    རྒྱ་གུང་བྲན་ཨ་སྔོན་གནམ་རེད།།
    ངེད་བོད་པ་ས་ཐོག་འབུ་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese