མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ཕྲུ་གུ་ཟ་ཡི་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་རིགས་མང་པོ་ཞིག་གིས་མངལ་གནས་ཕྲུ་གུ་བཏོན་ནས་ཟ་བ་དང་ཤ་ཁུ་འཐུང་བ་སོགས་བྱས་ནས་ལུས་ཟུངས་གསོ་བ་དང་འཁྲིག་སྦྱོར་གྱི་ནུས་པ་འཕེལ་ཐབས་བྱེད་ཀྱི་ཡོད་འདུག

7333-20080930092353 དེ་རིང་ལྷོ་ཀོ་རི་ཡའི་སོལ་དུས་བབ་ (The Seoul Times) ཀྱིས། རྒྱ་རིགས་མང་པོས་ལུས་ཟུངས་གསོ་བ་དང་འཁྲིག་སྦྱོར་གྱི་ནུས་པ་འཕེལ་ཆེད་སྦྲུམ་མའི་མངལ་གྱི་ཕྲུ་གུ་བཏོན་ཏེ། སྨན་སྣ་འདྲ་མིན་བསྲེས་ནས་བྱ་ཤ་དང་མཉམ་དུ་བཙོས་ནས་ཟ་བའམ་ཤ་ཁུ་འཐུང་བ་སོགས་བྱེད་ཀྱི་ཡོད་པ་ཕྱིར་བསྒྲགས་བྱས་འདུག

ཉེ་ལམ་ལྷོ་ཀོ་རི་ཡའི་སོལ་དུས་བབ་ལ་གློག་འཕྲིན་ཞིག་འབྱོར་ཡོད་པའི་ནང་། རྒྱ་རིགས་མང་པོས་ཟ་ཁང་ཞིག་གི་ནང་མངལ་གནས་ཕྲུ་གུ་བཙོས་ཏེ་ཟ་བཞིན་ཡོད་པའི་བརྙན་པར་དང་པར་རིགས་བསྐུར་ཡོད་སྟབས། གསར་འགོད་པ་ཆེད་དུ་རྒྱ་ནག་ཀང་ཏུང་(Guang dong) ཞིང་ཆེན་དུ་བསྐྱོད་ནས་གནས་ཚུལ་རྒྱུས་ལོན་བྱས་པ་བརྒྱུད། མངལ་གནས་ཕྲུ་གུའི་ཤ་ཁུ་སྡེར་མ་གང་རེར་རྒྱ་སྒོར་ ༢༠༠༠ རེ་བྱས་ནས་བཙོང་གི་ཡོད་པ་མ་ཟད། བཟོ་གྲྭ་ཞིག་གིས་ཕྲུ་གུའི་ཕུང་པོར་འགྱིག་ཐུམ་བརྒྱབ་ནས་ཁྲོམ་རར་འཚོང་གི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

གསར་འགོད་པས་བཟོ་གྲྭ་དེའི་དོ་དམ་པར་བཅར་འདྲི་བྱེད་སྐབས། ཁོས་ནམ་རྒྱུན་ཤ་ཁུ་དེ་འཐུང་གི་ཡོད་ལ། དང་ཐོག་ཁུ་བའི་ནང་རིན་ཆེན་སྨན་སྣ་བླུགས་ནས་བྱ་ཤ་དང་མཉམ་དུ་ཆུ་ཚོད་བརྒྱད་རིང་རླངས་བཙོས་བརྒྱབ་ནས་འཐུང་བ་ཡིན་ན། ལུས་ཟུངས་གསོ་བ་དང་འཁྲིག་སྦྱོར་གྱི་འདོད་པ་འཕེལ་བར་ནུས་པ་ཆེན་པོ་ཐོན་གྱི་འདུག ད་ལྟ་ང་ལོ་ ༦༢ ཟིན་ཡང་ཁུ་བ་དེ་བཏུང་རྗེས་ལོ་ན་ ༡༩ ཅན་གྱི་ཆུང་མར་ཉིན་ལྟར་འཁྲིག་སྤྱོད་བྱེད་ཐུབ་ཀྱི་འདུག ཅེས་ངོ་སྤྲོད་བྱས་ཡོད་པ་རེད།

བདུན་ཕྲག་འགའི་རྗེས་སུ། བཟོ་གྲྭའི་དོ་དམ་པས་ངོ་སྤྲོད་བྱས་པ་བརྒྱུད་གསར་འགོད་པ་དེ་ཕྲུ་གུའི་ཁུ་བ་འཐུང་སའི་ཟ་ཁང་དེའི་ནང་ཕྱིན་སྐབས། རྒྱ་ཡིག་ཐོག་མངལ་གནས་ཕྲུ་གུའི་ཁུ་བ་ཞེས་བྲིས་པའི་འགྱིག་ཤོག་གིས་བཏུམས་པའི་ཐུམ་བུ་འགའ་བཙོང་གི་ཡོད་པ་མཐོང་བ་མ་ཟད། ཕྲུ་གུ་བུ་མོ་གཉིས་ཁྲིད་པའི་ཁྱོ་ཤུག་གཉིས་ཀྱིས་ཟླ་ངོ་ལྔ་ཙམ་ལོན་པའི་མངལ་གནས་བུ་མོ་བཙོང་བར་བསླེབས་ཡོད་པའང་དངོས་སུ་མཐོང་ཡོད་པ་དང་། དེ་བཞིན་མངལ་ནས་སྐྱེ་གྲབས་ཡོད་པའི་ཕྲུ་གུ་དང་རང་བཞིན་འདས་གྲོངས་སོང་བ་དག་ལ་རྒྱ་སྒོར་ ༢༠༠༠ དང་། མངལ་ནས་དབྱུང་བ་་དང་བུ་སྣོད་སོགས་བཙོང་ན་རྒྱ་སྒོར་བརྒྱ་ཕྲག་ཁ་ཤས་རག་གི་ཡོད་པའང་རྒྱུས་ལོན་བྱུང་འདུག

ཡང་རྒྱ་ནག་གི་གསར་འགོད་པ་ཞིག་གིས་རྒྱ་རིགས་ཚོས་མངལ་གནས་ཕྲུ་གུ་ཟ་བ་དང་ཁུ་བ་འཐུང་བ་སོགས་བྱེད་བཞིན་ཡོད་པ་དེ་ཕྱོགས་གཅིག་ནས་འཕྲོད་བསྟེན་ལ་དོ་སྣང་ཆེ་དྲགས་པ་དང་། ཕྱོགས་གཞན་ཞིག་ནས་བུ་ཕྲུག་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་གཏན་འབེབས་བྱས་ཡོད་སྟབས། རྒྱ་རིགས་མང་ཆེ་བས་ཕྲུ་གུ་བུ་སྐྱེ་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད་པར་བརྟེན། ཕྲུ་གུ་བུ་མོ་མངལ་ལ་ཆགས་པའམ་སྐྱེས་མ་ཐག་གཞན་ལ་བཙོང་གི་ཡོད་སྐོར་དང་། དེ་བཞིན་ཐའེ་ཝན་ནང་ཕྲུ་གུ་གྲོངས་རྗེས་ཕུང་པོར་ཨ་སྒོར་ ༧༠ བྱས་ནས་བཙོང་སྟེ་སྲེག་ཟས་བཟོ་གི་ཡོད་ལུགས་ཀྱང་བརྗོད་འདུག

PAY-Cannibal-mumའདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༣ ཉིན་ཀང་ཏུང་ཞིང་ཆེན་ཧྲིན་ཀྲིན་(Shen zhen) གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ། ལོ་ན་ ༢༤ ཡིན་པའི་བུད་མེད་ལི་ཀྲིན་ཧྭ་ (Li Zhenghua) ཟེར་བ་ཞིག་ལ་ཕྲུ་གུ་སྐྱེས་ནས་ཉིན་གསུམ་འགོར་རྗེས། སོ་སོའི་ཕྲུ་གུའི་ལག་པར་སོ་བརྒྱབ་ནས་ཟ་གིན་ཡོད་པ་སྨན་ཞབས་མ་ལེའུ་ཐེན་ལོན་ (Liu Tianlun) ཟེར་བ་ཞིག་གིས་མཐོང་ཡོད་པ་དང་། དེ་མ་ཐག་སྨན་ཞབས་མ་དེས་ཁོ་མོའི་ལག་ནས་ཕྲུ་གུ་འཕྲོག་ཡོད་འདུག

ཉེ་བའི་ལོ་ཤས་གོང་ནས་བཟུང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲ་ཚིགས་ཁག་གི་ཐོག རྒྱ་ནག་གི་ཟ་ཁང་མང་པོས་མངལ་གནས་ཕྲུ་གུའི་ཁུ་བ་བཟོས་ཏེ། མགྲོན་པོ་ཚོར་རིན་གོང་མཐོན་པོ་བྱས་ནས་བཙོང་གི་ཡོད་པའི་གནས་ཚུལ་མང་པོ་ཐོན་ཡོད་སྟབས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་དང་སྙན་གྲགས་ཅན་གྱི་མི་སྣ་མང་པོས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ཀྱང་། གནས་ཚུལ་དེ་དྲ་སྤྱོད་པས་དཀྲོག་གཏམ་སྤེལ་བ་ཞིག་ལས་དོན་དངོས་མིན་སྐོར་བརྗོད་དེ་རྒྱ་གཞུང་གིས་ངོས་ལེན་བྱས་མེད་པ་རེད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡

མཆན། 4

  1. སྒྲོན་མེ། says:
    ལོ་ 11 སྔོན།

    རྒྱ་གུང་ཁྲན་གྱིས་བྱེད་སྟངས་འདི་འདྲ་རེད།

    Reply
  2. Tenzin says:
    ལོ་ 11 སྔོན།

    གསོན་འདྲེ་རང་རེད་འདུག་ག

    Reply
  3. བཀྲིས། says:
    ལོ་ 11 སྔོན།

    དུས་བབ་ཚང་ལ་བཀྲིས་བདེ་ལེགས། ཁྱེད་རྣམ་པས་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ།

    Reply
  4. ལྷག་དཀར says:
    ལོ་ 11 སྔོན།

    ཆོས་དང་ལས་འབྲས་ཡོད་སའི་ཁོར་ཡུག་ཅིག་ན་སྐྱེ་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese