མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ཀྱི་ཚིག་རེ་རེ་བྱས་ནས་སློབ་སྦྱོང་བྱོས་ཨཱ།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གསུང་ཆོས་སྐབས་༧གོང་ས་མཆོག་གིས་ནང་པའི་ཆོས་ལ་སྐྱབས་སུ་མཆི་ཟེར་བ་ཙམ་མིན་པར་ཚིག་རེ་རེ་བཞིན་སློབ་སྦྱོང་བྱེད་དགོས་སྐོར་གསུངས་སོང་།

DSC_8110ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་ཅིག་གི་དད་ལྡན་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པའི་སྟེང་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་མཆོག་གིས་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལེའུ་ ༡༠ པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་སོགས་ཀྱི་གསུང་ཆོས་དབུ་འཛུགས་གནང་སོང་བ་དང་། ད་རེས་ཀྱི་གསུང་ཆོས་སྐབས་ཨེ་ཤ་ཡའི་རྒྱལ་ཁབ་ཧིན་རྡུ་ནི་ཤི་ཡ་དང་ཀོ་རི་ཡ། མ་ལི་ཤི་ཡ། སེང་གྷ་པུར། ཐའེ་ལན་ཌི། ཝེ་ཋི་ནམ་བཅས་ནས་ཆེད་དུ་བཅར་བའི་དད་ལྡན་ཆོས་ཞུ་བ་༨༠༠ ལྷག་གཙོས་པའི་རྒྱ་ནག་སྐམ་ས་ནས་ཆོས་ཞུ་བ་ ༡༡ དང་། གཞན་ཡང་། འཛམ་གླིང་གི་རྒྱལ་ཁབ་ ༧༠ ལྷག་ནས་ཡོང་བའི་ནང་ཆོས་དོན་གཉེར་བ་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༦༠༠༠ ལྷག་འཛོམས་འདུག

གསུང་ཆོས་ཀྱི་ཐོག་མར་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། དེ་རིང་ཡུལ་གྲུ་ཁག་ཁ་ཤས་ནས་ཕེབས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཆོས་གྲོགས་ཁྱེད་རང་ཚོ་ཚང་མར་ཞུ་རྒྱུར། ད་རེས་ཁྱེད་རང་ཚོས་དོན་གཉེར་ཆེན་པོ་བྱས་ནས་འདིར་ཕེབས་པ་ཡིན་པས་ཁྱེད་རང་ཚང་མར་དགའ་བསུ་ཞུ་བཞིན་ཡོད། ནམ་རྒྱུན་ཀོ་རི་ཡ་དང་ཝེ་ཋི་ནམ། ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་གཞན་ནས་ཕེབས་མཁན་བཅས་ཉི་མ་གཅིག་གཉིས་གསུམ་རེ་བྱས་ནས་ཆོས་འབྲེལ་བྱེད་བཞིན་ཡོད་པ་རེད། ད་ལོར་ལུང་པ་སོ་སོ་ནས་ཉི་མ་གཅིག་གཉིས་གསུམ་གྱི་ཆོས་འབྲེལ་དེ་མི་དགོས་པ་བྱས་ཏེ། ཁྱེད་རང་ཚང་མར་སྟབས་བདེ་བོ་བྱུང་ན་རུག་རུག་བྱས་ནས་ཚང་མ་དུས་གཅིག་ལ་ཉི་མ་བཞི་ཙམ་བཤད་རྒྱུའི་རེ་འདུན་ཞུས་པ་ལྟར། ཁྱེད་རང་ཚོས་དེ་བཞིན་འགྲིག་གི་འདུག་ཅེས་ཚང་མ་ཚུར་རུག་རུག་བྱས་ནས་ཆོས་འབྲེལ་བྱེད་རྒྱུ་བྱུང་བ་རེད། ངས་དུས་ཅིག་ལ་ཆོས་འབྲེལ་བྱེད་པར་ཁྱེད་རང་ཚོས་མོས་མཐུན་གནང་པ་དེར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཞེས་གསུངས་སོང་།

DSC_8145 2ཆོས་ཀྱི་བྱིན་རླབས་ཟེར་བ་དེ་ནང་ནས་ཡོང་དགོས་པ་ལས་ཕྱི་ནས་ཡོང་རྒྱུ་མེད་སྐོར་ཁོང་གིས། སྤྱིར་སངས་རྒྱས་པའི་ཆོས་ཟེར་བ་དེ་བསམ་བློ་གཏོང་པ་ཞིག་རེད་བཱ། བྱིན་རླབས་ཞུ་བའི་སྐད་ཆ་གང་ཡང་མ་རེད། བྱིན་རླབས་ཞུ་བ་ཟེར་བ་ཞིག་ཡོད་ཡོད་པ་རེད་དེ། ཡིན་ནའང་གཙོ་བོ་བྱིན་རླབས་ནང་ནས་ཡོང་དགོས་པ་རེད་མ་གཏོགས་བྱིན་རླབས་ཕྱི་ནས་ཡོང་རྒྱུ་ཡོད་པ་མ་རེད། དེར་བརྟེན་སོ་སོ་རང་གིས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་ཤེས་པར་བྱས་པའི་ཐོག་ནས་བསམ་བློར་སྦྱོང་བརྡར་བྱས་ནས་བློ་མ་འདུལ་བ་འདུལ་བ་བྱེད་རྒྱུ་དང་། མ་ཤེས་པ་ཤེས་པར་བྱེད་པ་དེ་འདྲའི་ཐོག་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་གཅིག དེ་བཞིན་བྱམས་བརྩེའི་བློ་བཟང་བོའི་ཡོན་ཏན་དང་གཉིས་གོང་ནས་གོང་དུ་སྤེལ་ཏེ། རང་རྒྱུད་ལ་ཡོད་པའི་རང་ཕོངས་པར་བྱེད་པའི་སྐྱོན་དེ་དག་རིམ་གྱིས་ཕར་སེལ་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་ཡོད་པ་རེད། ཆོས་ཉམས་ལེན་བྱེད་པ་ལའང་བྱེད་སྟངས་ཤེས་དགོས་ཡོད་པ་རེད། ཉམས་ལེན་ཤེས་པ་ལ་ཡང་ཐོས་དགོས་ཀྱི་ཡོད་སྟབས། དེ་རིང་ང་ཚོ་འདིར་འཛོམས་པ་དེ་སློབ་སྦྱོང་ཡིན་བསམ་པའི་འདུ་ཤེས་བཞག་ནས་སྡོད་པ་ལས་བྱིན་རླབས་ཡིན་བསམ་པའི་བསམ་བློ་དེ་མིན་པར་བྱོས། ཞེས་གསུངས་སོང་།

ཡང་ཁོང་གིས་བཀའ་བསྟན་འགྱུར་ལྷ་ཁང་ནང་བཤམ་ནས་མི་འཇོག་པར་སློབ་སྦྱོང་བྱ་དགོས་པའི་སྐོར་བཀའ་སློབ་གནང་དོན། ང་རང་ཚོ་དེ་སྔོན་ཡིན་ན་ཆོས་ཟེར་དུས་དད་པ་རྐྱང་རྐྱང་འདྲ་བོ་ཞིག་རེད། དད་པའི་ཤུགས་ཞེ་བོ་ཞིག་ཡོང་དུས་ལྷ་ཁང་བརྒྱབ་ནས་སྐུ་བཞེང་པ་དེ་ཚོའི་གྲས་དེ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་མང་པོ་ཞེ་དྲགས་འདུག སངས་རྒྱས་པའི་གཞུང་གི་བསྟན་བཅོས་ཟེར་ན་སྣང་ཆུང་འདྲ་བོ་བྱེད་ཀྱི་འདུག ལྷ་ཁང་ནང་གི་སྐུ་རྟེན་དེ་ཚོའི་གྲས་རྩ་ཆེན་པོ་དང་། གསུང་རྟེན་དེ་ཚོར་ཞོར་ལ་དད་པ་བྱེད་ཀྱི་ཡོད་པ་རེད། ང་ཚོ་བོད་པ་ཡིན་ན་ཡག་པོ་རེད། ལྷ་ཁང་མང་ཆེ་བ་ལ་བསྟན་པའི་བདག་པོ་སྟོན་པའི་སྣང་བརྙན་དང་། དེ་མིན་གྱི་བཏང་སྙོམས་འདྲ་སྒོམ་ནས་བཀའ་འགྱུར་བསྟན་འགྱུར་མང་ཆེ་བ་བཞག་འདུག གསུང་རྟེན་དེ་རྩ་ཆེན་པོ་ཞིག་རྩི་ཡོང་གི་འདུག་གཱ། ཡིན་ནའང་གསུང་རྟེན་རྩ་ཆེན་པོར་རྩིས་ཏེ་སྐྱབས་སུ་མཆི་ཟེར་ས་ཞིག་ལ་བཞག་པ་མ་གཏོགས། དེ་ཀློག་ནས་ལྟ་མཁན་དེའི་རྒྱུད་ལ་བར་ཆད་སེལ་བ་དང་དེ་འདྲའི་དོན་དག་ལ་བཀའ་འགྱུར་དག་འདོན་དང་། བསྟན་འགྱུར་དག་འདོན་བྱེད་དགོས་རེད་ཟེར་ནས་བར་ཆད་སེལ་བའི་དོན་དག་མ་གཏོགས་དེར་ཞེ་བོ་ཞེ་བོ་སློབ་སྦྱོང་གི་འདུ་ཤེས་ཤིག་འཇོག་གི་མི་འདུག་གཱ། དེ་འདྲ་ཀོ་རི་ཡ་དང་ཝེ་ཋི་ནམ་ཡིན་ན་རེད། ཉི་ཧོང་ཡིན་ནའང་རེད། གང་ལྟར་ཁྱེད་རང་ཚོ་མང་པོ་ཞིག་གིས་ཤེས་རབ་སྙིང་བོ་འདོན་གྱི་ཡོད་པ་རེད། ཤེས་རབ་སྙིང་བོའི་དོན་དག་ལ་གཟབ་གཟབ་བྱས་ནས་སློབ་སྦྱོང་བྱེད་མཁན་ཞེ་དྲགས་རང་མེད་པའི་ཟོལ་འདྲ་བོ་ཞིག་འདུག ངའི་ཆོས་གྲོགས་ངོ་ཤེས་པ་དེ་ཚོས་ང་ལ་ནང་ཚགས་བྱས་ཏེ་ང་ཚོ་ཚང་མས་ཤེས་རབ་སྙིང་བོ་འདོན་གི་ཡོད་པ་རེད། དོན་དག་ནི་ཤེས་ཀྱི་ཡོད་པ་མ་རེད་ཅེས་ནས་གསུང་གི་འདུག དེ་འདྲ་ཡིན་དུས། ང་ཚོ་མང་པོ་ཞིག་གིས་འདོན་པ་འདོན་རྒྱུ་དང་སྨོན་ལམ་རྒྱག་པ་འདྲ་བོ་མ་གཏོགས། ཚིག་རེ་རེ་བྱས་ནས་སློབ་སྦྱོང་བྱེད་པ་དེས་ང་ཚོར་འདང་གི་མི་འདུག ངས་ནམ་རྒྱུན་བོད་པ་ཚོར་ཤོད་ཀྱི་ཡོད། ང་ཚོའི་བཀའ་འགྱུར་བསྟན་འགྱུར་ཟེར་བ་དེ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གི་འདུ་ཤེས་བཞག་ནས་སློབ་སྦྱོང་བྱེད་དགོས་པ་རེད་མ་གཏོགས། དེ་སྐྱབས་སུ་མཆི་ཞེས་ནས་བཞག་པ་ཞིག་མ་རེད་དཱ་ཞེས་རྟག་པར་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང་།


གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese