མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིག་མེད་གཡང་ལྷུང་ལས་མིག་ལྡན་གཡང་མཆོང་བྱས་ན་ཐབས་སྐྱོ་བོ་ཆཊ་པ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

གཡུ་སྒང་དགེ་འདུན།

སྤྱིར་མང་གཙོའི་ལམ་ལུགས་དེ་ཧ་ཅང་གི་རྩ་ཆེན་པོ་ཞིག་རེད་དེ། མང་ཚོགས་དཀྱུས་མ་ལ་ཤེས་ཡོན་དང་བསམ་བློའི་གོ་རྟོགས་ཀྱི་ཚད་ངེས་ཅན་ཞིག་མེད་ན་རང་ཉིད་ཀྱི་ཐོབ་དབང་དེ་སྐབས་འཚོལ་བ་དང་། སྤྱི་ཚོགས་ཁ་འཐོར་དུ་གཏོང་མཁན་སོགས་ཀྱི་བསམ་བློའི་གཡོ་འོག་ཚུད་འགྲོ་བས། ཧ་ཅང་ཉེན་ཁའི་རང་བཞིན་གྱི་ལམ་ཕྱོགས་ཤིག་ཆགས་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོ་བོད་མི་ལ་མཚོན་ན་ད་དུང་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཆེའི་དམའ་ས་ཞིག་ན་ཡོད་པས་མང་གཙོའི་འགྲོ་སྟངས་གཙང་མ་ཞིག་འགྲོ་མི་ཐུབ་པ་མ་ཟད་འདེམ་བྱ་འདེམས་བྱེད་སྤྲས་དག་ཅིག་ཡོང་རྒྱུ་ཐེ་ཚོམ་དུ་གྱུར་ཡོད། འགོ་ཁྲིད་མཁན་རེ་གཉིས་ཀྱིས་མང་གཙོའི་ལམ་ཕྱོགས་བསྟན་ཀྱང་མང་ཚོགས་ཀྱི་བསམ་བློ་གཞན་དབང་ཅན་ཡིན་དུས་ལམ་ཕྱོགས་དེ་ལ་གོམ་པ་ཚད་ལྡན་ཞིག་སྤོ་མི་ཐུབ་པ་གཏན་ཁེལ་བ་ཞིག་རེད།

 

མ་འོངས་པའི་སྲིད་སྐྱོང་འོས་མིར་ལངས་མཁན་ཚོ་ཡིན་ནའང་འདྲ། སྤྱི་འཐུས་ལ་ལངས་མཁན་ཚོ་ཡིན་ནའང་འདྲ། ཁོ་ཚོས་གཏམ་བཤད་ཅི་འདྲ་བྱས་ཀྱང་གཙོ་བོ་འདེམས་མཁན་རང་ཉིད་ཀྱི་ངོས་ནས་མི་དེས་ སྔ་མའི་ཕྱག་ལས་གནང་བ་ལ་ཞིབ་གཟིགས་དང་། ད་ལྟའི་ཕྱག་ལས་གནང་བཞིན་པ་ལ་མིག་གིས་བལྟས། མ་འོངས་པའི་འཆར་འགོད་དེ་འགྲུབ་པའི་ནུས་ལྡན་ཞིག་རེད་དང་མ་རེད་བཅས་ལ་བརྟག་དཔྱད་བྱས་ཏེ། གཞི་ནས་མི་དེ་ལ་འོས་འཕངས་ན་ནོར་མེད་པར་འདོད། དེ་མིན་གཏམ་བཤད་གཅིག་བུ་ལ་ཆ་འཇོག་བྱས་ན་ནོར་འཁྲུལ་ཆེན་པོ་འབྱུང་བ་ཉག་ཅིག་རེད། ཁ་ནས་བཤད་ན་འདྲ་ཆགས་པོ་བཤད་མཁན་བརྒྱ་ཆའི་བདུན་ཅུ་ཟིན་ཐུབ། ཡིན་ནའང་ལག་བསྟར་ཕབ་ཐུབ་མཁན་བརྒྱ་ཆའི་ལྔ་བཅུ་ཟིན་མི་ཐུབ། ད་ལྟ་ང་ཚོའི་མིག་མཐོང་ལག་ཟིན་དུ་ཡོད་པ་ཞིག་དཔེ་མཚོན་དུ་དྲངས་ན། བླ་མ་དང་དགེ་བཤེས་སོགས་གཙོས་ཆོས་པ་ཚོའི་ཁྲོད་སེམས་ཅན་བསད་ན་སྡིག་པ་ཡོད་པ་དང་། དམར་ཟས་སྤོངས་ན་ཕན་ཡོན་ཡོད་ཚུལ་གསུང་མཁས་པའི་རིགས་བརྒྱ་ཆའི་དགུ་བཅུ་ཟིན་ཡོད། ཡིན་ནའང་དམར་ཟས་སྤངས་མཁན་བརྒྱ་ཆའི་བཅུ་ཟིན་ཁག་པོ་རེད། དེར་བརྟེན་མིག་མེད་གཡང་ལྷུང་འབྱུང་སྲིད་མོད། མིག་ལྡན་གཡང་མཆོང་བྱས་ན་ཐབས་སྐྱོ་བོ་ཆགས་པ་རེད། ང་ཚོའི་མིག་གིས་ཐག་རིང་པོ་ཞིག་ལ་ལྟ་མི་དགོས། ད་ལྟའི་སྲིད་སྐྱོང་ལས་ཐོག་གི་རྩ་དོན་གསུམ་གྱི་ཐད་ལ་བསམ་བློ་ཞིག་བཏང་ནའང་། འབྲས་བུ་ག་འདྲ་ཞིག་ཐོན་ཡོད་མེད་མི་ཚང་མའི་སེམས་ནང་ན། གསལ་གསལ་ཐིང་ཐིང་ཞིག་ཡོད་པ་རེད། དེ་ལ་ཡག་ཉེས་ཀྱི་འགྲེལ་བཤད་རྒྱག་མཁན་ཚོས་རང་ཉིད་ཀྱི་བསམ་བློ་གཞན་དབང་དུ་ གྱུར་པའི་རིགས་ལ་ལུས་སེམས་གཉིས་འཁྲུགས་སུ་བཅུགས་ཡོད་ལ། དེ་ནི་ང་ཚོ་ལ་མང་གཙོའི་བསམ་བློའི་ཆུ་ཚོད་ག་འདྲ་ཞིག་ཡོད་མེད་ར་འཕྲོད་བཅུགས་པ་ཙམ་རེད། ཆེས་རྙོག་འཛིངས་ཆེ་ཤོས་ནི་འོས་མིའི་རྒྱབ་སྐྱོར་བ་ཚོས་ཞེན་ཁོག་རང་བཞིན་དང་ རང་ཉིད་ཀྱི་འོས་མིའི་ཁ་གཏད་ལངས་མཁན་ལ་ཁུངས་སྐྱེལ་ཡོད་མེད་ལ་མ་ལྟོས་པར་ཉེས་ འཛུགས་ཅི་ཐུབ་བྱས་ཏེ་གནོད་སྐྱེལ་མཁན་གྱི་རིགས་སོགས་རེད།

 

གཞན་དབུ་མ་དང་རང་བཙན་གྱི་ཐད་ལ་རང་ཉིད་ཀྱི་བསམ་ཚུལ་ཐུང་ཐུང་ཞིག་བརྗོད་འདོད་བྱུང་། སྤྱིའི་ཆ་ནས་བཤད་ན་དོན་དངོས་ལོ་རྒྱུས་ལ་ནམ་ཡང་འགྱུར་བ་གཏོང་མི་ཐུབ། ཡིན་ནའང་། སྤྱི་ཚོགས་ཀྱི་འགྱུར་ལྡོག་གི་དབང་གིས་གནས་སྟངས་ལ་འགྱུར་བ་ཡོང་སྲིད་པ་ཞིག་རེད། གནས་སྟངས་འགྱུར་བའི་དབང་གིས་ལྟ་བའི་ལམ་ལུགས་སྣ་ཚོགས་ཡོང་ཆོག་ཆོག་ཅིག་ཏུ་གྱུར་ཡོད། དེའི་རྐྱེན་གྱིས་ང་ཚོ་བོད་ལ་མཚོན་ནའང་གོང་སྨྲས་ཀྱི་ལྟ་བའི་ལམ་ལུགས་གཉིས་ནི། དོན་དངོས་ཀྱི་ལམ་ལུགས་ཤིག་དང་། སྤྱི་ཚོགས་འགྱུར་ལྡོག་གི་ལམ་ལུགས་གཉིས་སུ་གྲུབ་ཡོད་ལ། འཛམ་གླིང་ལ་འགྱུར་བ་འགྲོ་བཞིན་ཡོད་དུས་ང་ཚོའི་དོན་དངོས་ཀྱི་ཐོག་ནས་བགྲོད་ན་བཟང་ངམ་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ཏེ་ཐབས་ལམ་གཞན་གྱི་སྟེང་ནས་བགྲོད་ན་བཟང་། དེ་གཉིས་ཀྱི་གཅིག་བདམ་རྒྱུ་དེ་རེད། དེ་གཉིས་ཀྱི་གཅིག་འདེམ་དགོས་དུས། ང་ཚོའི་ངོས་ནས་བསམ་བློ་གཏོང་དགོས་པ་དེ་ཁ་གཏད་གཅོག་ཡུལ་རྒྱ་ནག་གི་ཨ་མཆོག་ཀྲོང་ཀྲོང་བྱེད་མིན་དང་། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ལམ་དེ་གཉིས་ཀྱི་གང་ལ་རྒྱབ་སྐྱོར་ཤུགས་ཆེ་མིན་ལ་ལྟ་རྒྱུ་ལས་ལྷག་མེད། དོན་དངོས་ལོ་རྒྱུས་ལ་ནམ་ཡང་འགྱུར་བ་གཏོང་མི་ཐུབ་ཀྱང་ད་ལྟའི་ཆར་ང་ཚོ་བོད་པར་མཚོན་ན། སྤྱི་ཚོགས་འགྱུར་ལྡོག་གིས་བྱུང་བའི་ཐབས་ལམ་དབུ་མའི་ལམ་ལས་ལྷག་ཅིག་མེད་པ་ཕྱི་གསལ་ནང་གསལ་རེད། ཕྱི་གསལ་ནང་གསལ་ཡིན་པའི་འགྲེལ་བརྗོད་ཚིག་ཕྲེང་གཅིག་ཏུ་བསྡུས་ན། འགྲོ་བ་མིའི་ཐོབ་དབང་དང་མི་རིགས་རང་ཉིད་ཀྱི་ས་གནས་སུ་རིག་གཞུང་གོམས་གཤིས་ བདག་སྐྱོང་གི་དབང་ཚད་རེད། དེའི་ཐད་ལ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱབ་སྐྱོར་དང་མཐོང་ག་འདྲ་ཞིག་འཇོག་གི་ཡོད་མེད་མིག་མཐོང་ལག་ཟིན་གྱུར་ཡོད་པ་ལ། བློ་གཟུ་བོར་གནས་པའི་བསམ་བློ་བ་ཚོ་ཡར་ཕུད་མི་མང་དཀྱུས་མ་ཚོས་ཀྱང་མཁྱེན་ཡོད་པའི་ཡིད་ཆེས་དང་། ཡིད་གཉིས་ཐེ་ཚོམ་མེད་པར་ཤར་བསྐྱོད་བྱེད་པའི་རེ་སྐུལ་ཀྱང་ཞུ་རྒྱུ།

 

མཐའ་དོན། ད་ལྟ་ང་ཚོའི་མི་མང་དཀྱུས་མ་ཚོའི་བསམ་བློ་འཁྲུགས་བསྡད་ཡོད་པས་ཆ་ནས་ངས་གསལ་འདེབས་ཞུ་རྒྱུ་ཞིག་ལ། དབུ་མའི་ལམ་ནི་༸གོང་ས་མཆོག་གིས་ཐུགས་བསམ་ནན་བཞེས་ཀྱིས་བཏོན་པའི་ཐབས་ལམ་ཞིག་དང་། ཁོང་གིས་ཉམས་མྱོང་མང་པོ་ཞིག་ཕྱོགས་སྡོམས་ཀྱིས་བཏོན་པའི་ཐབས་ལམ་ཞིག་ཡིན་པ་ལས། ཐུགས་ལ་ཅི་ཤར་གསུང་རྐྱང་གནང་བ་ཞིག་གཏན་ནས་མ་རེད། ལམ་འདི་ལ་དགག་ལན་རྒྱག་འདོད་ན། དང་པོ། རང་ཉིད་ཀྱི་ཤེས་ཚད་དང་འཇོན་ཐང་། ད་ལྟ་བར་དུ་རང་ཉིད་ཀྱིས་ལས་ཀའི་ཉམས་མྱོང་སོགས་༸གོང་ས་མཆོག་ལས་ལྷག་ཅིག་ཐོན་ཡོད་པ་ཞིག་དགོས་མོད། འོན་ཀྱང་། དེ་འདྲ་ཞིག་མེད་ན། དམའ་མཐའ་ཡང་ཕྱོགས་གང་ཐད་ནས་༸གོང་ས་མཆོག་གི་ཤེས་ཚད་འཇོན་ཐང་ཉམས་མྱོང་སོགས་དོ་མཉམ་པ་ཞིག་དགོས། དེ་མེད་ན་སྐད་ཅོར་བརྒྱབ་པ་ཙམ་དང་། མང་ཚོགས་དཀྱུས་མ་བསམ་བློ་གཞན་དབང་དུ་གྱུར་པའི་རིགས་ལ་མགོ་སྐོར་དང་། སྤྱི་ཚོགས་ལ་རྙོག་གྲ་སློང་བྱེད་ཙམ་ལས་དོན་སྙིང་ཅི་ཡང་མེད་པར་འདོད།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༢༠ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese