མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་གི་ཨ་མས་འགན་ཆེན་པོ་འཁུར་རྒྱུ་གལ་ཆེ།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་བཞུགས་སྒར་དྷ་རམ་སར་སླར་གསོ་གནང་སྟེ་ལོ་ངོ་ ༣༡ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་།
11994502_901793173236101_776655659_nདེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ ཐོག་མེག་གྷན་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཁང་གསར་བའི་ནང་། བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་ངོ་ ༣༡ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་བ་དང་། སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གི་གཙོས་བོད་མི་མང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ཚེ་རིང་ལྷ་མོ་ལགས། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་དྷ་སའི་སེར་སྐྱ་མི་མང་བཅས་མི་གྲངས་ ༡༠༠ ལྷག་མཉམ་འཛོམས་འདུག
དུས་དྲན་གྱི་མཛད་སྒོའི་ཐོག་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ཀྱིས། ཆོལ་གསུམ་བོད་ཀྱི་བུད་མེད་ལྷན་ཚོགས་ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༡༠ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཐོག་མར་བསྐྱར་འཛུགས་གནང་བ་དང་། དེང་སྐབས་ཨེ་ཤ་ཡ་དང་ཡུ་རོབ། ཨ་རི། ཨོ་སི་ཊི་ལེ་ཡ་སོགས་ད་ལྟའི་བར་སྐྱབས་བཅོལ་བོད་མིའི་གནས་སྡོད་ཡུལ་དུ་བུད་མེད་ལྷན་ཚོགས་ཀྱི་ས་གནས་ཡན་ལག་ ༥༦ དང་ཚོགས་མི་ ༡༧༠༠༠ ཙམ་ཡོད་པ། དེ་བཞིན་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་སྤྱི་ཚོགས་ཆབ་སྲིད་འཛིན་སྐྱོང་། ལྷག་དོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་དང་ནུས་སྟོབས་གོང་འཕེལ་ཡོང་ཐབས་ཀྱི་ལས་རིམ་ཁག་དང་བུད་མེད་ཀྱི་འགན་འཁྲི། ཐོབ་ཐང་དང་འདྲ་མཉམ། མ་འོངས་ལས་འཆར་སོགས་ཀྱི་ཐོག་ཕྱག་ལས་མང་པོ་གནང་དང་གནང་མུས་ཡིན་སྐོར་ངོ་སྤྲོད་གནང་སོང་།
དེའི་རྗེས་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བོད་ཀྱི་བུད་མེད་ཚོས་སྤྱི་ཚོགས་ལ་འགན་ཆེན་པོ་ལེན་དགོས་སྐོར་གསུངས་དོན། བོད་ཀྱི་བུད་མེད་ལྷན་ཚོགས་ཞེས་པ་འདི་༧གོང་ས་སྐྱབས་མགོན་མཆོག་གི་བཀའ་སློབ་ལམ་སྟོན་གྱི་གཙོས། ཡང་དག་པའི་དམངས་གཙོའི་ལམ་ནས་ཆོལ་གསུམ་ཆོས་ལུགས་རིས་མེད་ཀྱི་ཐོག་ནས་བཙུགས་པ་ཞིག་ཡིན་སྟབས། ང་ཚོ་བོད་ཀྱི་རྩ་དོན་འཐབ་རྩོད་འདིའི་མཐའ་མ་གསལ་བར་དུ། ལོ་ཆུང་ཚོས་མུ་མཐུད་དཀའ་ལས་རྒྱག་པ་དང་རྒན་པ་ཚོས་མཉམ་རུབ་བྱེད་དགོས་པ་གལ་ཆེན་པོར་མཐོང་གི་ཡོད་ལ། ལས་དོན་ཆེ་ཆུང་གང་ཡིན་ཡང་ཁ་ནས་བཤད་པ་ཙམ་མིན་པར་ལག་ལེན་དངོས་ཀྱི་ཐོག་ནས་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བཙན་བྱོལ་དུ་ཕེབས་དོན་ང་ཚོའི་ལུང་པའི་ནང་ཟ་བཏུང་སྡོད་ཡུལ་མེད་པ་དང་ནང་འགལ་ནང་འཁྲུག་བྱུང་ནས་ཡོང་བ་མིན་པར། ང་ཚོ་སོ་སོར་བདག་པའི་རྒྱལ་ཁབ་ནང་གཞན་མིས་བཙན་འཛུལ་བྱས་ཏེ་ཐབས་ཟད་འུ་ཐུག་གིས་རང་དབང་ཅན་གྱི་རྒྱལ་ཁབ་གཞན་ནང་ཡོང་སྟེ། སོ་སོའི་རྒྱལ་ཁབ་ཀྱི་རྩ་དོན་ཐོག་ལས་ཀ་ཕྲན་བུ་རེ་བསྒྲུབ་ཐུབ་ན་སྙམ་ནས་ཡོང་བ་རེད། དེར་བརྟེན་ང་ཚོ་བུད་མེད་ཚང་མ་ནང་གི་ཨ་མ་ཡིན་སྟབས། ནང་གི་ཨ་མས་འགན་ཁུར་བའི་ཐོག་ནས་སོ་སོའི་བུ་ཕྲུག་དང་བུ་སྤུན། གསར་འབྱོར་ཚང་མར་གསོ་སྐྱོང་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་སོང་།
དུས་དྲན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ང་ཚོ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་སྡེ་ཁག་ལ། ད་ལྟའི་ཛ་དྲག་གི་གནད་དོན་འགའ་ཞིག རྒྱ་ནག་གཞུང་དང་ལྷན་དུ་སེལ་ཐབས་ཡོང་བའི་དྲན་སྐུལ་དང་འབོད་སྐུལ་ཞུ་རྒྱུར། གཅིག རྒྱ་ནག་གཞུང་ལ་ནན་སྐུལ་དང་གནོན་ཤུགས་ཐོག་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་མཆོག་གིས་གྲོས་མཐུན་བཏོན་གནང་བའི་དབུ་མའི་ལམ་ནས། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་དང་ལྷན་ཅིག བསྐྱར་དུ་བོད་རྒྱ་འབྲེལ་མོལ་འགོ་འཛུགས་ཡོང་བ་ཞུ་རྒྱུ། གཉིས། ང་ཚོས་རྒྱ་ནག་གི་བཙོན་འོག་ཏུ་ལོ་ངོ་ ༢༠ རིང་ལྷག་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་གར་ཡོད་མི་ཤེས་པ་དེ་གང་མྱུར་ཀློད་གྲོལ་ཡོང་ཐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ། ད་ལྟའི་བར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་མང་པོས་ཞི་འབོད་དང་གནོན་ཤུགས་ཐེངས་མང་སྤྲད་ཀྱང་། རྒྱ་ནག་གི་དབང་འཛིན་པ་ཚོས་དེ་དོན་ལ་ཡ་ལན་སྤྲད་མེད་སྟབས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བསྐྱར་དུ་རྒྱ་ནག་གི་དབང་འཛིན་པ་ཚོར་ནན་སྐུལ་ཞུ་རྒྱུར། གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡིན་པའི་ཆ་ནས། ཁོང་ཚོར་དྲག་གནོན་མི་བྱེད་པར་ཞི་དུལ་དུ་འགྱུར་བ་གཏོང་རོགས་ཞུ་རྒྱུ་ཡིན། གསུམ། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་འདས་གྲོངས་སུ་གྱུར་བའི་གནད་དོན་དེ་ལ་རྒྱ་ནག་གི་དབང་འཛིན་པ་ཚོས་རྩད་གཅོད་དང་ཞིབ་འཇུག་མཐར་ཕྱིན་བྱས་ཏེ། ཁོང་གྲོངས་རྐྱེན་གནས་སྟངས་ཁོར་ཡུག་གང་ཡིན་མི་མང་ལ་གསལ་བཤད་བྱེད་དགོས་པར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་དགོས་འདུན་འདོན་གྱི་ཡོད། བཞི། མཉམ་འབྲེལ་རྒྱལ་ཚོགས་ལ་ནན་སྐུལ་ཞུ་རྒྱུར། རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གང་མགྱོགས་སྒོས་ཀློད་གྲོལ་ཡོང་བ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

སྐར་མ ༡༣ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༦ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

ཆུ་ཚོད་ ༢༤ སྔོན་ལ།
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese